དེ་རིང་བླ་མ་བཀའ་དྲིན་ཅན་གྱིས་གསུངས་པའི་རྡོ་རྗེ་རྒྱལ་མཚན་བར་དོར་འཁྱམས་ཚུལ་གྱི་ཁྲིད་ཉན་པས་བར་དོར་ཐོས་གྲོལ་ཆེན་པོ་ལ་ལྷག་པར་དུ་དད་པ་སྐྱེས། མ་གཞི་ཡུན་རིང་ཐུང་ཙམ་ཞིག་མ་གཏོགས་ནམ་ཞིག་ང་རང་ཚོ་ཚང་མ་ཡང་བར་དོར་འགྲོ་དགོས་པས་དུས་ད་ལྟ་གསོན་པའི་སྐབས་སུ་བར་དོ་ཐོས་གྲོལ་གྱི་དབང་ལུང་ཞུས་ནས་གང་ལ་གང་འཚམ་གྱིས་ཉམས་ལེན་ཅུང་ཙམ་བྱེད་ཨེ་ཐུབ་བལྟ་རྒྱུ་དེ་ཧ་ཅང་གལ་ཆེ་ནང་གི་དོན་ཆེན་རེད་འདོད། ཁྱད་པར་དུ་དེང་སང་སྙིགས་དུས་ཀྱི་འཆི་རྐྱེན་འདྲ་མིན་དང་ཏོག་དབྱིབས་ནད་ཡམས་ལ་འདེང་ཞིག་རྒྱག་དུས་ངོ་མ་འཁོར་བའི་སྡུག་བསྔལ་འདི་ལ་བཟོད་ཐབས་མེད་པའི་སྐྱོ་བ་དང་སུན་སྣང་ཆེན་པོ་ཞིག་མི་འདུག་གམ། ཁྲིད་འདིའི་ནང་གི་བར་དོ་སེམས་ཅན་དེ་མི་ཡུལ་དུ་ཡུན་རིང་སྡོད་དབང་མེད་པར་ལོ་སོ་གཉིས་ཀྱི་སྐབས་སུ་ཚེ་ལས་འདས། འོན་ཀྱང་འཁྲུལ་སྣང་བདེན་འཛིན་གྱི་བག་ཆགས་བརྟས་པས་སངས་རྒྱས་ཀྱི་ཞིང་ཁམས་སུ་སྐྱེ་ཨེ་ཐུབ་ཀྱི་འདུན་པ་དང་གསོལ་འདེབས་མེད་པར་ད་དུང་མི་ལུས་ཤིག་ཐོབ་ན་ཅི་མ་རུང་སྙམ་དུ་བསམས་པར་བྱས་སོ།།

འཁྲུལ་སྣང་རླུང་ཤུགས་ཆེན་པོས།།
བར་སྲིད་བྱ་སྤུ་ལེབ་མོ།།
ཅི་བྱ་བརྟོལ་དང་བྲལ་བར།།
ངེས་མེད་ཡུལ་དུ་ཁྱེར་རོ།།

སྔོན་དུ་འགྲོ་བའི་གཏམ།

དཀར་ཟས་ནི་འགྲོ་བ་མིའི་རིགས་ཀྱི་བཟའ་བཏུང་རིག་གནས་ཁྲོད་དུ་ངོ་མཚར་བའི་དགེ་མཚན་རྨད་དུ་བྱུང་བ་དང་ལྡན་པ་ཞིག་ཏུ་སྣང་སྟེ། ཉམ་ཆུང་གི་སེམས་ཅན་གྲངས་མེད་པ་ཞིག་སྡུག་བསྔལ་གྱི་རྣམ་གྲངས་མཐའ་ཡས་པ་ལས་ཐར་ནས་ཚེ་སྲོག་ལ་རང་དབང་གི་བདེ་བས་ཁྱབ་པར་བྱེད་པ་དང་། འཚེ་མེད་ཞི་བའི་ལམ་ལ་ཡོངས་སུ་བསྐྱོད་པའི་འཛམ་གླིང་གི་གང་ཟག་དུང་ཕྱུར་དུ་མ་དང་། ཁྱད་པར་དུ་དེང་རབས་ཀྱི་ན་གཞོན་ཐེར་འབུམ་མང་པོས་དགའ་བའི་ཡིད་ཀྱིས་བསྟེན་པར་བྱ་བ། སུ་དང་གང་གིས་བསྟེན་པ་དེའི་ལུས་དང་སེམས་ལ་ནད་མེད་ཅིང་བདེ་སྐྱིད་ཀྱི་ཚོར་བ་སྐྲུན་པ། གནམ་ས་རྒྱ་མཚོ་དང་བཅས་པའི་ཁོར་ཡུག་ལ་དྭངས་གཙང་གི་བདུད་རྩི་སྟེར་བར་བྱེད་པ་ཞིག་སྟེ། དེའི་ཕྱིར་སྐྱེ་བོ་ཡོངས་ཀྱི་ཁྱུ་མཆོག་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་དང་། འཛམ་གླིང་ཤར་ནུབ་གཉིས་ཀའི་གནའ་དེང་གི་དམ་པའི་སྐྱེས་བུ་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར་བར་མཛད་དོ། །

རང་རེ་བོད་གངས་ཅན་གྱི་ཡུལ་དུ་སྔོན་གྱི་དུས་སུ་དཀར་ཟས་རིང་ལུགས་པའི་སྐྱེས་བུ་དམ་པ་དང་། དཀར་ཟས་རིང་ལུགས་པའི་དགོན་པ་སོགས་མང་པོ་ཞིག་བྱུང་མོད། འོན་ཀྱང་དེས་སྐྱ་སེར་གཉིས་ཀའི་གྲངས་ཀ་ལས་ཉུང་ཙམ་མ་གཏོགས་ཟིན་ཐུབ་མེད། དེའི་རྒྱུ་རྐྱེན་གྱི་གཙོ་བོ་ནི། བོད་ཀྱི་ས་ཁུལ་མང་པོ་ཞིག་ན་སྔོ་ཚལ་དང་ཤིང་ཐོག་སོགས་འབོལ་པོ་མེད་པའི་ཁོར་ཡུག་གི་ཆ་རྐྱེན་གྱི་དབང་གིས་ཡིན་པར་འདུག །འོན་ཀྱང་ད་ལྟ་ཁོར་ཡུག་གི་ཆ་རྐྱེན་ལ་འགྱུར་བ་བྱུང་བའི་དབང་གིས་དཀར་ཟས་པའང་ཇེ་བས་ཇེ་མང་དུ་འགྲོ་བཞིན་ཡོད་དོ། །

དེ་ལ་བདེ་ཐང་དང་ལྡན་པའི་དཀར་ཟས་ཤིག་བསྟེན་དགོས་ན། དེའི་བསྟེན་ཚུལ་ལེགས་པོ་ཤེས་པ་གལ་ཆེ་བས། ད་ལམ་འདིར་ང་ཚོ་ཀུན་ཕན་སྒྲ་སྒྱུར་གླིང་གི་ལོ་ཙཱ་བས་དཀར་ཟས་བསྟེན་ཚུལ་གྱི་གཞུང་འདི་བོད་ཡིག་ཏུ་བསྒྱུར་ནས་ཀུན་གྱི་སྤྱན་ལམ་དུ་ཕུལ་བ་ཡིན་པས་དོ་སྣང་ཡོད་པར་ཞུའོ། །
དཀར་ཟས་རིང་ལུགས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་རབ་གནས་ཆུ་སྟག་ལོའི་བོད་ཟླ་༥པའི་ཚེས་༡༦ལའོ

c ལོའི་ཉམས་འགྱུར་དང་། འཇར་པན་གྱི་ཀུན་སྤྱོད། ཕྱོགས་ཡོངས་ནས་ལྟད་མོ་བ་རྣམས་ཀྱི་སྤྲོ་ཤུགས་ཏེ། ངོ་མཚར་ལྟ་ན་སྡུག་པའི་དཔལ་ཡོན་དུ་འབར་བཞིན་པ་ལགས་ན། ད་དུང་མུ་མཐུད་ནས་ཡིན་ཀོ།

[ok][ok][ok]

• རྒྱལ་ཁམས་པས།


发布     👍 0 举报 写留言 🖊   
✋热门推荐
  • ”很开心邀请了插画家Jiyung Lee为我们创作了一款无年限的新年月历装饰画,它的特别之处在于没有指定的年份和日期。【UCUBE】#李旼赫[超话]##SOLO
  •   在距离十里桃花谷不远处的赵里河村柏淆自然村,村落古朴自然、文化厚重,吸引了一大批游客前来游玩。特别是今年气候回暖早,年还没有过完,桃花已全部盛开,吸引了各地
  • 【重磅消息】进入特惠手机配件送给各位粉丝天猫淘宝商城 【记忆盒子旗舰店】:{2片钢化膜+1个手机壳+1片后膜}4件原价58元,现只需6.8元今天限量限时抢购,能
  • 6岁的小迎胜带着2岁的妹妹小梅吉在玩耍,看到一堆陌生人围着他,给他糖,给他新衣服,给他讲故事,哄他开心,然后说要带他走,顿时号啕大哭:“娘,俺哪儿也不去,俺不离
  • 李白善于乐府和歌行,常以他横空出世,骏马绝尘的非凡才力,将乐府、歌行作为表达他飞腾的想象,纵横的才思,不羁的思想,奔放的情感之最合适的艺术形式,这些诗写得神识超
  • 四、有关要求#杭州未来科技城写字楼出租##杭州未来科技城##杭州未来科技城办公室招商##杭州写字楼出租##杭州未来科技城商铺出售##杭州商铺出售##杭州未来科技
  • 比如偶尔点赞一下他的朋友圈,但绝不主动评论或聊天;发一些暗示你们强烈共同回忆的动态,例如共同养的宠物、常去的地点,但是文案绝不点明;展示自己活跃的社交状态,暗示
  • 关注乡村儿童和卡车司机,持续送去温暖和关爱帮扶乡村的同时,江汽集团还非常关注乡村儿童的安全和健康成长,通过连续举办了十季“牵手•瑞风行动”深入到38个乡村儿童集
  • 现在的年轻夫妻,很多个性比较自我,在婚姻琐事中,凡事注重自己的感受,很少顾及对方的感受,也很少为对方考虑;还有一些人,在婚姻中会有一种思想误区,在外面对人礼尚往
  • #金陵城事#【南京地铁9号线绿博园站完成地连墙施工 为全线首座】11月13日,由中国铁建南京地铁9号线02标施工总承包部管理、中铁十五局集团城轨公司承建的绿博园
  • #悠塔[超话]##咨询+:diaojunyuan1# 《:重磅反馈》脱胎换骨 长胖不存在裤子换三个尺码 坚持使用效果只会更好 你纠结的每一天都是在浪费自己的时间
  • 很多人事业挫折,感情不顺,但自己努力去争取去改变,为了幸福改名,名字大吉增添整个人的气质、魅力、才华,名字有着大大的乾坤,给人招财纳福。#取名# #钟薛高品牌代
  • 不争不辩,就是才智;不闻不问,就是清净;原谅,就是解脱;知足,就是放下;今生,注定什么也带不走;所以,活在当下,笑在当下,悟在当下!也许长得五大三粗,但脸上总有
  • 而是我自己的心里知道生命的意义!唐巍#浪漫的精髓[超话]#[微风]#每日一善# [微风]#阳光信用# 人民有信仰,国家有力量,民族有希望,愿以吾辈之青春,捍卫盛
  • 帝旺:人到壮年,身体和智力都到了鼎盛阶段,最能全面发挥一个人的作用;新事物已至完善,被世所公认。衰:这是一个质的变化期,人至此感到气衰神弱,力不从心;新事物至此
  • 在2018年俄罗斯世界杯上,科瓦契奇并未获得太多的出场时间,而过了4年之后,凭借着科瓦契奇在切尔西俱乐部队的出色表现,他也逐渐的获得了主教练达利奇的信任。昨晚的
  • #真的香piupiu#优惠券:瑞幸的服务永远会将我打败…今天去的时候本来点的是茉莉鸳鸯,然后到了小哥告诉我他们没有茉莉花茶了,问我要不要取消订单或者任意换一杯菜
  • 华中地区一位锂电投资人士告诉记者,此前市场稳定的时候,电池回收行业毛利水平大概能维持在20%左右,现在大部分企业已经降到了个位数,这是极不正常的现象。“据我了解
  • 原来入坑补物料是这种感觉 好神奇丝毫没有困意 想一直听她说话 看她打球 听别人夸她 从东京观察到四月份真正入坑 居然花了九个月这九个月我逐渐感觉到自己的目光从国
  • 鼠尾草,长的老鼠的样子,似乎有鼻子有眼晴还有脚,尾巴当然少不了。墨西哥鼠尾草花叶俱美,花期长,适于公园、庭园等路边、花坛栽培观赏,也可作干花和切花。