࿐མི་ཚེ་ཐུང་ཐུང་འདི་ལ། འདི་ལྟ་བུའི་བླ་མ་དང་ཆོས་བཟང་པོར་འཕྲད་དུས། བྱང་ཆུབ་ཀྱི་སེམས་དང་རྫོགས་ཆེན་གང་རུང་ལ་གདེང་ཅུང་ཙམ་རེ་མ་ཐོབ་ན་ཧ་ཅང་ཕངས་བས་འདི་ལ་ངེས་པར་དུ་ནན་ཏན་དགོས་འུ་འདུག
在短暂的人生中,遇到如此殊胜的上师和正法,此时,在菩提心和大圆满方面若没有得到一点有把握的境界,则是最大的遗憾。我们对此应该值得精进。

࿐ཚེ་སྲོག་རང་དབང་གི་དུས་ཆེན།
༡༽དེའང་། ཤེས་བཞིན་དུ་ཤ་མི་ཟ་མཁན་འགྲོ་བ་མི་ཕལ་མོ་ཆེའི་བྱ་སྤྱོད་ནི་རང་དོན་གཞན་དོན་གཉིས་ཀ་ཡིན་ཏེ། རང་རྒྱུ་མཚན་དུ་བྱས་ནས་ཤ་མི་ཟ་བའི་ཚེ་གཉིས་ཀར་ཕན་ལ། གཞན་རྒྱུ་མཚན་དུ་བྱས་ཏེ་ཤ་མི་ཟ་བའི་ཚེ་ནའང་རང་གཞན་གཉིས་ཀར་ཕན་པས་སོ། དེས་ན། ཇི་ལྟར་བྱས་ཀྱང་ཕྱོགས་སུ་མི་ལྷུང་ཞིང་རང་གཞན་གཉིས་ཀར་ཕན་པ་དེ་ལ། ད་གཟོད་དབུ་མའི་ལྟ་བ་དང་སྤྱོད་པ་ཞེས་ཟེར་བ་མ་ལགས་སམ། །
༢༽ལྷག་པར་དུ། ཤ་མི་ཟ་མཁན་གྱི་མི་ཚོས་དེའི་ཕྱོགས་ནས་ལྟ་བ་ཕྱོགས་འཛིན་བྱས་ཀྱང་འཐད་པ་དང་བཅས་པ་ཡིན་ཏེ། དོན་དེའི་རྩ་བ་གཞན་དོན་དང་དངོས་སུ་འབྲེལ་བས་སོ། །
༣༽ གཞན་ཡང་། ཤ་ཟ་མཁན་ཚོས་ཀྱང་ཤ་ཁྲག་གི་སྡིག་ཉེས་སོགས་གླེང་བ་ནི། དེའི་ཉམས་མྱོང་ལས་བྱུང་བའི་སྐད་ཆ་དྲང་གཏམ་ཞིག་ཡིན་ཏེ། དུག་ཕོག་པའི་མིས་དུག་གི་སྐྱོན་ཆ་སོགས་དངོས་སུ་ཤེས་པས་གང་དེས་དུག་གི་ཉེས་སྐྱོན་གླེང་བ་ཉམས་མྱོང་དངོས་དང་དྲང་གཏམ་ངོ་མ་ཡིན་པ་ལྟར་རོ། །
༤༽ ཡང་། རང་གིས་བྱེད་རྒྱུ་མེད་པར་གཞན་ལ་བཤད་རྒྱུ་ཞོག་ཅིག་ཅེས་པ་སོགས་ཀྱང་སྙིང་པོ་མེད་པའི་སྐད་ཆའི་རིགས་སུ་གནས་པ་ཡིན་ཏེ། དེ་བདེན་གཏམ་ཡིན་ཚེ། འོ་ན། འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་སྡིངས་ཆར། རྒྱལ་ཁབ་སོ་སོའི་སྤོ་ལོའི་རུ་ཁག་གི་རུ་དཔོན་教练ལྟ་བུས་སྤོ་ལོ་བརྒྱབ་པར་མི་འགྲོ་བར་དེས་ཇི་ལྟར་བྱས་ཏེ་ཁ་ཕྱོགས་སྟོན་པ་སོགས་ཀྱང་ཁྱོད་ལྟར་ན་ནོར་འཛོལ་ཡིན་པར་འགྱུར་རོ། དེ་ལྟར་མ་ཡིན་པར་དཔྱད་བརྗོད་དང་གླེང་སློང་སོགས་ནི། མ་གཞི་ནས་ངོ་བོ་བྱ་བྱེད་དང་བཅས་པ་རྣམ་ཀུན་ནས་མི་འདྲ་ཞིང་མི་གཅིག་པའོ། །
༥༽དེ་རྣམས་ཀྱིས་ཕྱིར་ན། དགའ་ལྡན་ལྔ་མཆོད་ཆེན་མོ་ལ་སོགས་པ་བོད་བརྒྱུད་ནང་བསྟན་པའི་ཆོས་རྒྱུད་སོ་སོའི་བླ་ཁག་གི་འདས་མཆོད་ཆགས་སྡང་དང་འབྲེལ་ཤུགས་ཆེ་བ་རྣམས་ལས་ཀྱང་ཆེ་ཆེར་གྱི་གལ་པོ་ཆེ་ཞིག་ཡོད་པ་ནི། རྒྱལ་སྤྱིའི་དཀར་ཟས་ཉིན་མོ་ཞེས་པའི་དུས་ཆེན་འདིར་ང་ཚོས་དམིགས་སུ་བཀར་ཏེ། གལ་ཆེན། དོན་ཆེན། སྣང་ཆེན། གརྩིགས་ཆེན། དགོས་ཆེན། གནད་ཆེན་དུ་བྱེད་དགོས་པ་དེ་ཉིད་རེད། དེ་ཅིའི་ཕྱིར་ཞེ་ན། ནང་བསྟན་པ་ཡོད་དོ་ཅོག་གིས་ལྟ་བ་རྫིག་ཐག་ཆོད་རེ་དང་། ཁྱད་པར་དུ་སྤྱོད་པ་འཚེ་མེད་ཞི་བདེ་ཡིན་ཞེས་འབྲུག་ལྟར་གྲགས་ཟིན་པ་དང་གྲགས་བཞིན་པ་དེ་དང་འདི་དག་དོན་དངོས་དང་ཉེ་དགོས་པས་སོ། །
༦༽ རེད་ཨང་། ངོ་མ། ཆུང་ངུ་སྦལ་པ་ལ་སོགས་པ་ནས་ཆེ་མོ་འབྲི་གཡག་བར་གྱི་ཚེ་སྲོག་རང་དབང་གི་དུས་ཆེན་ཞིག་ཡོད་པ་ནི། དཀར་ཟས་ཀྱི་ཉི་མོ་འདི་རང་མ་ལགས་སམ། །
༢༠༢༢/༡༡/༢༥ སྙེ་ལྕེ་བཙན་ཕྲུག།

࿐ ཟོ་བྲིས་ནི་ཁམས་རི་བོ་ཆེ་རྫོང་མངའ་ཁོངས་ངོམས་ས་སྒང་དང་ཉེ་བར་གནས་པའི་ཟོ་གྲོང་པས་རྒྱུན་འཛིན་བྱེད་པའི་བྲིས་གཟུགས་དམིགས་བསལ་ཅན་ཞིག་ཡིན་པ་མ་ཟད། ཟོ་གྲོང་པའི་འཚོ་བའི་རྟེན་ས་གཙོ་བོ་ཞིག་ཀྱང་རེད་ཟེར་གྱི་འདུག། ཡིག་གཟུགས་འདི་མལ་བྲིས་ལས་ཆད་པ་རེད་ཟེར་མཁན་ཡོད་ཀྱང་ཟོ་བྲིས་དབུ་ཅན་ཡི་གེ་རྙིང་པའི་གཟུགས་ནི་ཁྱུང་བྲིས་དང་འདྲ་པོ་ཡོད། གང་ལྟར་ཡིག་གཟུགས་འདི་ནི་ངོམས་ཆུ་རྒྱུགས་ཁུལ་དུ་དར་བའི་དམིགས་གསལ་གྱི་ཡིག་གཟུགས་ཤིག་ཡིན། དེང་སང་ཟོ་གྲོང་པས་ཤོག་བུ་དང་སྣག་ཚ་རང་རང་གིས་བཟོ་ཤེས་པའི་ཐོག་གཞན་རྣམས་ལ་བྲིས་གཟུགས་དང་ལག་ཤེས་དེ་དག་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་གཞན་ལ་འབྲི་ཐབས་སོགས་སློབ་བཞིན་ཡོད་པ་འདྲ།


发布     👍 0 举报 写留言 🖊   
✋热门推荐
  • #星巴克向绿工坊# 循环绿·创意坊年终派对今晚开启 同济大学设计创意学院首饰实验室老师与星粉们一起,DIY出件件环保时尚的精致饰品,赋予废弃塑料、♻️回收金属、
  • 因此日支为喜用且不受伤这种命格的人就是八字格局高的人。八字看情绪不稳定的人偏印劫刃俱旺,又无制化流通八字偏印也代表付出,大多能够助人;但大多是不情愿的,迫于压力
  • )結果真的有.而且動物還是特意給我存的...感動.本來也沒有抱很大希望.只是覺得差不多就好.收到超級驚喜.基本上3/4喜歡.而且1/4質量也不差.(雖然忘記問有
  • 脚小而饱满有些人的脚,脚小而饱满,尤其是女士,这种脚就是所谓的贵人脚,这种人的机遇往往不错,还时常会有贵人帮助,所以这种人的生活很好,衣食无忧,财运滚滚。罗马脚
  • 蓝色火焰 第一章相遇 青春是多梦的花季,或在阳光下绽放美丽,或在月光里演绎诗情画意。而江哲,血管里流淌着的却只有冰冷的个性,强烈的叛逆。那年他23岁。 酒吧里灯
  • PSW签证的重启对于正在英国留学或有申请英留学打算的学生是非常有利的,因为任何在英国大学成功完成学位课程的满足条件的国际留学生,都可以申请该签证。2.联申可以规
  • ”艺术即生活也让我学到了很多人生是一场修行对生命的敬畏 对未知的探索 对自我的审视您还说“认真和真诚的人,是走得最远的”不能再同意唯有真·善·美心正 热爱 真性
  • 当然,我认为任何情况下,我们小组的每个人以及世界上所有头脑健全的人都希望这两个国家在众多领域进行合作,比如阻止疫情、全球发展、帮助消除贫困以及气候变化。我们和中
  • 20世纪70年代,李博生着重钻研中国传统工笔重彩画的细腻与写意画的豪放风格,创作出《鼓上飞燕》、《恨福来迟》等一批优秀作品。在文旅部公布的第五批国家级非物质文化
  • 昨日,厦门市公安交通管理局发布2022年春季开学交通运行情况预测,预计开学当天,上午7时至8时整体交通压力较大,岛内各城市主干道和部分中小学周边路段拥堵指数将会
  • 这10几年来,养育孩子辛苦谈不上,但是这个过程是非常幸福的,也让我的人生变得更完整!她喜欢的,我都买,她有什么想法,我都鼓励,甚至她和爸爸的关系我都在编织。
  • 没有,相信如果我们能把自己的目标变成切实可行的计划去执行,我们一定比现在优秀很多。要想身体机能好,运动就该成为生活的一部分,世界上最好的运动就是走路。
  • 昨天下午约了做手机代工的老板聊事情,喝老班章,喝到最后太饿了,好在我提前买了些蛋糕,也确定了些合作模式,包括卡片机采购,茶叶推广等。“我们那个时候真的都太小了”
  • 这款卷发的卷度可以维持半年,烫一次就爱上中长发发型秋冬发色分享显白发色蓬松烫#发型# #减肥[超话]# #减肥食谱[超话]# #上班族的日常# day4:快餐店
  • 水对鱼说:我知道,可是如果你的心不在呢?如果我是鱼,而你是水,那该多好!
  • 希望冬天是真的过去了。 #春天来了#我河南暴雨的时候转发过很多不知道是不是野人的博……嘴上说希望别人把人当人,人籍大于粉籍,自己做的时候能不能把自己当人啊[疑问
  • 【健康养生】1)菌菇类食材,可以说是物美价廉的蔬菜类,不仅含有人体所需的多种氨基酸,而且其中的真菌多糖,能抑制病毒细胞、增强好细胞,提高人体免疫力。健康科普1、
  • 坚守行业底线,坚持科技创新,专注自主研发的丰树电子吸引了行业内的关注,此次与中联重科的战略合作,正是公司坚持和专注的最佳回报,也是公司技术实力与行业地位的体现,
  • #每日心情记录##花束般的恋爱# 说是适合姐妹们一起看的电影所以,在下班后很欢快去赴约他们是命运般的相遇,命运般的默契在大学时候,花一般的甜蜜步入社会,面对现实
  • 2017年12月20日,非同家居金管家服务又迎来了全国各地的用户好评用户@顾客伍鸿兴 这样说:“非同家具的服务好,收拾一下感觉就是不一样,沙发海绵和羽绒的检查保