རྩྭ་ཐང་གི་ས་སྲོད་ངོགས་སུ་ཁྱོད་སྒུག་པའི་སྣང་བརྙན་གསོན་པོ་དག འུ་གཉིས་ལས་གཞན་པའི་ཤར་ནས་ཡུན་རིང་མ་འགོར་བའི་མཁའ་དབྱིངས་ཀྱི་ཟླ་བ་དཀར་པོ་ལས་གཞན་སུས་ཀྱང་མཐོང་མི་སྲིད་ལ་སུས་ཀྱས་ཤེས་ཐབས་བྲལ། ཁྱོད་ཀྱིས་གོན་པ་རྒྱག་ནས་གན་དུ་ཉེ་བའི་རྣམ་པ་དེ་ནི་ཚིག་དང་སྐད་ཆས་ཤོད་ཐབས་མི་འདུག དྲོད་འཁྱིལ་བའི་གོང་ཁ་ནས་དབུགས་རྒྱུ་བའི་གོ་རིམ་དེས་སྨྲ་མི་ཤེས་པའི་ཚོར་འདུ་མང་པོ་ཞིག་དྲུང་འོང་། དེ་དང་དེ་དག་རེ་རེེ་བརྗེད་ཐབས་མེད་ལ་བརྗེད་མེད་ཀྱི་ན་ཟུག་གི་གསོན་པོ་ཞིག་ཏུ་གྱུར་སོང་།
དུས་ཀྱི་འགྱུར་ལྡོག་དང་ཡུན་གྱི་འགྲོགས་རྒྱུ་ན།།
མཛེས་པའི་དབྱར་སྐྱེས་ཀྱི་རང་གཤིས་མངོན་དུ་གྱུར།།
འཚོ་བའི་དགའ་སྐྱོ་ཡི་དར་རྒུད་རྒྱུད་དུས་སུ།།
བརྩེ་བའི་ཞེ་འདང་གི་དྲན་པའི་ཁ་མདོག་མཐོང་།།
#美拉德#
མཛེས་པའི་དབྱར་སྐྱེས་ཀྱི་རང་གཤིས་མངོན་དུ་གྱུར།།
འཚོ་བའི་དགའ་སྐྱོ་ཡི་དར་རྒུད་རྒྱུད་དུས་སུ།།
བརྩེ་བའི་ཞེ་འདང་གི་དྲན་པའི་ཁ་མདོག་མཐོང་།།
#美拉德#
གཡུ་ལོ
ངས་ཁྱོད་ཀྱི་རྒྱབ་གཟུགས་ལས་འདས་དོན་བཙལ
ངས་ཁྱོད་ཀྱི་ཞལ་རས་ལས་རེ་བ་བཙལ
གཡུ་ལོ
ད་ནི་ངའི་འཇིག་རྟེན་དུ
ཁྱོད་ལས་ཤོང་གི་མི་འདུག
ཁྱོད་ལས་གང་ཡང་ལྷག་མ་སོང
གཡུ་ལོ
དྲང་མོ་བཤད་ན
ང་འུ་གཉིས་ཀྱི་འདས་དོན་གསེབ་ཏུ་འཚོ་ན་མི་འདོད
ཡིན་ཡང་བརྗེད་ཀྱང་མི་ཕོད
༢༠༢༢/༡༡/༢༢
ངས་ཁྱོད་ཀྱི་རྒྱབ་གཟུགས་ལས་འདས་དོན་བཙལ
ངས་ཁྱོད་ཀྱི་ཞལ་རས་ལས་རེ་བ་བཙལ
གཡུ་ལོ
ད་ནི་ངའི་འཇིག་རྟེན་དུ
ཁྱོད་ལས་ཤོང་གི་མི་འདུག
ཁྱོད་ལས་གང་ཡང་ལྷག་མ་སོང
གཡུ་ལོ
དྲང་མོ་བཤད་ན
ང་འུ་གཉིས་ཀྱི་འདས་དོན་གསེབ་ཏུ་འཚོ་ན་མི་འདོད
ཡིན་ཡང་བརྗེད་ཀྱང་མི་ཕོད
༢༠༢༢/༡༡/༢༢
✋热门推荐