སངས་རྒྱས་ཀྱི་རྣམ་ཐར་ལ་ཞིབ་ཀྱིས་མཇལ་ན། ཁོང་སྐུ་འཚོ་ཞིང་བཞུགས་སྐབས་སུ་རྒྱ་གར་སྤྱི་ཚོགས་ནི་བྲམ་ཟེའི་ཆོས་ལུགས་ཀྱིས་འདུ་ཤེས་ཡོངས་སུ་བསྒྱུར་ཏེ། ཐམས་ཅད་ཀྱི་བདེ་སྡུག་ཡོད་ཚད་འཇིག་རྟེན་བྱེད་པོའམ་དཀོན་ཅོག་གི་ཕྱག་ཏུ་ཡོད་ཅིང་། དཀོན་ཅོག་ལ་གློ་སྙིང་བྲང་གསུམ་བཏད་དེ་གསོལ་འདེབས་དང་སྦྱིན་སྲེག་ཕུལ་ན། གེགས་དང་བར་ཆད་སེལ་བ་ལས། རང་གི་ལས་དབང་རང་ཉིད་ཀྱིས་བསྒྱུར་དུ་མེད་པར་སྨྲ་བའི་ཆོས་ལུགས་ཀྱི་འཛིན་སྟངས་ཨ་འཐས་ཤིག་ཀུན་ཀྱི་ཤ་གསེང་རུས་གསེང་དུ་ཟུག་ཡོད་ཀྱང་། རྒྱལ་བུ་དོན་གྲུབ་ནི་དེ་འདྲའི་སྲོལ་རྒྱུན་གྱི་དད་མོས་ལ་ཡིད་ཆེས་རྒྱུ་ལྟ་ཅི། ཐ་ན། ལོ་ངོ་བརྒྱ་སྟོང་གི་རིང་གཙུག་ཏུ་བཀུར་བའི་བྲམ་ཟེའི་ཆོས་དཔོན་དག་ལའང་། "དཀོན་ཅོག་གིས་ང་ཚོ་སྐྱོབ་པར་བྱེད་ན། འོ་ན་དེ་ལ་རྟག་ཏུ་མཆོད་བསྟོད་བཀུར་གསུམ་བྱེད་མཁན་གྱི་བྲམ་ཟེ་ཁྱོད་ཚོར་ཡང་ནད་དང་ཆག་སྒོ་ཅིའི་ཕྱིར་ཡོང་"སོགས་ཀྱི་དོགས་འདྲི་དང་སུན་འབྱིན་གནང་སྟེ། སྤྱིར་སྐབས་དེའི་ཆོས་ལུགས་ཀྱི་དད་མོས། ལྷག་ཏུ་རྒྱུ་འབྲས་གནས་ལུགས་དང་མི་མཐུན་པའི་ཡུལ་ལུང་དེའི་ལམ་དང་ལུགས་སྲོལ་རྙིང་པ་ཀུན་ལ་དགག་རྒྱག་དང་གྱེན་ལོག་བྱས་ཏེ། མཐར་སུ་ཞིག་གིས་ལྟར་སྣང་གི་རྒྱུ་མཚན་དང་། འདོད་ཡོན་གྱི་འཆིང་ཐག །ཞི་དྲག་གི་བཀག་རྒྱ་དྲངས་པ་དང་བཞག་པ་ཡོད་ཚད་ལས་ཤོར་ཏེ། རང་གི་ཕུགས་འདུན་གྱི་ཕྱིར་དུ་ནོར་དང་ལོངས་སྤྱོད་བུ་དང་ཆུང་མ་ཡོད་ཚད་བསྐྱུར་ཏེ། ནགས་ཁྲོད་དུ་གཤེགས་སོང་ཚུལ་འདི་གཅིག་པུ་ལ་བསམས་ནའང་། ཡིད་ཀྱི་བརྟན་པ་དབང་མེད་དུ་མི་འཕྲོག་པའི་རང་དབང་ཞིག་མི་འདུག་སྟེ། སྔོན་གྱི་དུས་སུ་འཇིག་རྟེན་འདིའི་སྐྱེ་བོ་བརྒྱ་ཆ་བརྒྱའི་ཁྲོད་དུ་སྔར་སྲོལ་གྱི་འཆིང་ཐག་གཅོད་ཕོད་མཁན་དང་། སྔར་ཡོད་ཀྱི་དད་མོས་ལ་རྒོལ་ཕོད་མཁན་ནི་སྲིད་མཐའ་ཙམ་ཡིན་ཞིང་། ལྷག་ཏུ་རང་གི་ཕུགས་འདུན་གྱི་ཕྱིར་དུ་དེ་ལྟ་བུའི་བློས་གཏོང་བྱེད་ནུས་མཁན་ནི་ད་ལྟའི་དུས་སུའང་གཞི་མ་གྲུབ་པས། འཇིགས་ཞུམ་བྲལ་བའི་སྙིང་སྟོབས་དེ་འདྲ་སུ་ཞིག་གིས་སྦྱིན་པ་ཡིན་ནམ། ཞེས་ཀྱང་སྨྲ་བར་ཐལ།

༢༠༢༢.༡༡.༢༣ གསོན་མིག་གིས།

མཐོང་ན་སྡུག་བསྔལ་སེལ་བའི་བླ་མའི་སྐུ །། 
遇見上師尊容消除煩惱
ཐོས་ན་རྨོངས་པ་བསལ་བའི་བླ་མའི་གསུང་།།
聆聽上師教言瓦解無明
དྲན་ན་ཐར་ལམ་འདྲེན་པའི་བླ་མའི་ཐུགས །།
上師意傳指引解脫正道
བླ་མའི་སྐུ་གསུང་ཐུགས་ལ་གསོལ་བ་འདེབས །།
虔誠心祈禱上師身語意

༼༡༽སྤྱིར་སྒྱུ་རྩལ་ཞེས་པ་ནི་རིག་འཕྲུལ་ལམ་དེ་ལས་བྱུང་བའི་བཟོད་བཀོད་ཕུལ་དུ་བྱུང་སོགས་ཀྱི་དོན་ལ་གནའ་དེང་གི་མཁས་པ་ཆེའི་ཕུལ་དུ་བྱུང་བ་ཚོས་སྨྲ་བཞིན་འདུག

བྱེ་བྲག་ཏུ་ངག་གི་བཟོད་བཀོད་ཆེའི་ཕུལ་དུ་བྱུང་བ་ལ་རྩོམ་རིག་སྒྱུ་རྩལ་དང་།

ཚོན་གྱིས་བྲིས་པའི་བཟོ་བཀོད་ཆེའི་ཕུལ་དུ་བྱུང་བ་ལ་རི་མོའི་སྒྱུ་རྩལ་དུ་ཤེས་པར་བྱ་དགོས་པ་ལྟ་བུ་ཡིན།



༼༢༽དེ་ལ་དབྱེ་བ་རིགས་བསྡུས་ན་རྩོམ་རིག་སྒྱུ་རྩལ་དང་། དབྱངས་ཀྱི་སྒྱུ་རྩལ། རིས་བྲིས་ཀྱི་རྒྱུ་རྩལ།

བཟོས་དབྱིངས་ཀྱི་སྒྱུ་རྩལ་སོགས་གྲངས་མང་ལ། དེ་དག་ཡོངས་སྣ་མང་འདུས་པ་འདྲིས་མའི་སྒྱུ་རྩལ་གློག་བརྙན་སྒྱུ་རྩལ་དང་འཁྲབ་སྟོན་སྒྱུ་རྩལ་ལྟ་བུ་ཡིན་པར་སྨྲ་བཞིན་འདུག དེ་དག་རེ་རེའི་དབྱེ་བ་ནི་སོ་སོས་གོ་བར་བྱ་དགོས།

༼༣༽ རྩོམ་རིག་སྒྱུ་རྩལ་དང་རི་མོའི་སྒྱུ་རྩལ་དབྱངས་ཀྱི་སྒྱུ་རྩལ་འདྲིས་མའི་སྒྱུ་རྩལ་གློག་བརྙན་ལྟ་བུ་བཞི་ནི་མི་རྣམས་ཡིད་དབང་འཕྲོག་པའི་སྒྱུ་རྩལ་ཆེའི་ཡག་ཤོས་བཞི་པོ་དེ་ཡིན་པར་འདུག་གལ་ཏེ་ཁོམ་པ་ཡོད་དུས་དང་སྐབས་སུ་བབ་དུས་དེ་དག་མ་བསླབས་ནས་རང་འགར་ནམ་ཚ་བཏང་ན་རྗེས་སུ་འགྱོད་པ་སྐྱེ་རྒྱུ་རེད།

༼༤༽རིག་ཚན་གང་ལ་ཡང་ཧྲིལ་གྱིས་ལེན་པ་དང་ཧྲིལ་གྱིས་འདོར་བ་མཐའ་དག་སྤང་ནས་ཉམས་ཞིབ་བྱས་ན་འཇིག་རྟེན་ཐོག་གི་བྱ་དངོས་ཚང་མ་ལ་མཛེས་སྡུག་རེ་རེ་ཡོད་པར་ངེས།

དེ་དག་ལས་རང་ཉིད་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་དང་མི་ཚེའི་ཁྲོད་གཏམ་རྒྱུད་མང་པོ་ཞིག་གི་གཞི་འཛུག་ཆོག

དེང་གི་སྐྱེ་བོ་མང་པོ་ཞིག་ནི་གཞན་ལ་ཡིད་སྨོན་དང་ལྟེད་མོ་ལྟ་ནས་ཉི་མ་ཕུད་པ་ལས་རང་ཉིད་ཀྱིས་ཇི་ལྟར་བྱེད་དགོས་པ་དང་མི་ཚེའི་འཆར་གཞི་དང་སྙིང་སྟོབས་ཡོད་པ་དཀོན་པོ་རེད།

ང་ཚོ་འཇིག་རྟེན་དུ་སྐྱེས་པ་ནི་གཞན་ལ་ཡིད་སྨོན་ཙམ་བྱེད་ནས་འདུག་མཁན་ཞིག་ཏུ་ལར་ནས་མ་སྐྱེས།

སྐྱེས་མ་ཐག་ནས་འཇིག་རྟེན་འདིའི་སྒྱུ་རྩལ་གྱི་ལས་རིགས་ཡོད་དོ་ཅོག་གི་མངའ་བདག་ཏུ་ཁྱོད་ཉིད་གྱུར་རུང་གི་ངོ་བོར་སྐྱེས་ཡོད།

[送花花][羞嗒嗒][蜡烛][鲜花]


发布     👍 0 举报 写留言 🖊   
✋热门推荐
  • !!
  • #国庆流水账日记去了义乌,因为行程码的问题哪里都进不了,在酒店点外卖,土耳其菜和印度菜都很爱,当了一天街溜子之后返回杭州。”宁向东出门的时候心里想:“搞什么搞,
  • 斐乐的50vx神券务必领! 掠夺者257元 变形金刚240元 去wx京东购物小程序付款 自助搜券>> 淘宝红包>>京东红包&g
  • 儿子、媳妇对你越好,你越离不开,贪恋世间,不知脱离苦海,仍在六道中轮回,这都是业障重。所以说众生随业转,各人业障不同;不能转业,就得轮回,烦恼无尽了。
  • 贝克汉姆儿媳妇Nicola举行睡衣派对了~赛琳娜·戈麦斯带着同母异父的妹妹去了,而大布则为她们准备食物,调鸡尾酒……更没想到赛琳娜和Nicola居然是闺蜜!但同
  • 此外,来自辽宁交通厅的消息,今天早晨,辽宁全省国省干线公路通行正常,车流量较小,但阜新、朝阳、锦州、葫芦岛等部分地区降雾,能见度较低。【受大雾影响 山西12个高
  • 我还说啥了"她说:"你说你超级超级超级喜欢我,会喜欢我到我不喜欢你那天为止。"我:"这么点话说了一个多小时,其他时间在干
  • 佛批评他们不可以这样,要成就平等心;同时这种分别容易给别人造口业--人家看到须菩提托钵        会以为他是巴结富人,肯定是为了自己多吃多占;大迦叶   
  • 过度的恐惧,被每一条皱纹支配,非要强留自己20岁的样子,这种心理会消耗自己,让你失去每一个阶段的本来美。衰老没那么值得无奈,希望有一天,我们都可以不再被外界的声
  • 双人床右侧的嵌入式衣柜延续玄关的款式与颜色,与背景墙、窗帘搭配在一起,视觉效果柔和又雅致,营造出沉静、安定的睡眠氛围。顶面是公共空间同款石膏线,利用床头吊灯增加
  • …然而,那些外在事件似乎是在“那里”发生,但事实上,它们是在“这里”在“内在”发生;它们是心造作出来的。”对“我”的执着,才是解脱和觉醒的真正障碍。
  • 坐在角落看大千世界,嗯,人性呐,丑态百出,太多时候是自己还没认识到,这就有点尴尬了[坏笑]铅皮说:祝呆萌呆萌的L,伪生日快乐!哈哈哈,这个伪是亏本的8月2日生活
  • 愿爱常在 ___________________________________________#90后不敢看体检报告# │ #卡迪的祝福返恩合集# ✨蓬勃
  • 这也是昨日盘面上的两个不足之处,数字经济这么火爆,指数却是回调创新低的,当然北向资金的持续流出是个情绪拖累。最近两周市场主线还是很清晰,以自主可控和安全相关,信
  • 」那個人說:「這些米是你們寺裡的師父所化的,不要再猶豫,我們的老闆馬上就會來拜見他呢!(diam)住持和尚繼續說:「既是如此,那麼,大家應安心修道,毋須為無糧而
  • 但是也有不少人来问,既然它能够增加播放量,那为什么我买的DOU+不少,但是我的视频也没有表现得很好呢?今天就来为大家分享一下,到底应该怎样投放DOU+,才能达到
  • 幸福如人饮水,冷暖自知,它不是一个遥远的目标,而是一个享受当下的过程。幸福如人饮水,冷暖自知,它不是一个遥远的目标,而是一个享受当下的过程。
  • #Jay心动秘蜜##朴综星活力充电宝# 【一年前的今天】211016 1thek更新JAY相关 —————————————————— 急招管理翻译微管时间轴
  • 之前也有不少***自告奋勇,信誓旦旦的保证,说什么还有比贫穷更可怕的吗?之前也有不少***自告奋勇,信誓旦旦的保证,说什么还有比贫穷更可怕的吗?
  • 我在微博上,写了不少我们老夫老妻恩爱如初的文章,目的在言传身教感化学生,坚守初心,珍惜爱情、婚姻、家庭。我虽退休多年了,但对学生的责任、对学生的爱,永远在路上。