《余华作品全集(《活着》等 13 册)》余华 | 微信读书
https://t.cn/A6K2NVcU
《活着》ཞེས་པ་བཀླགས་རྗེས་ཀྱི་སྐད་ཆ་འགའ། ༡ དཔེ་བཀླགས་བརྗེད་ཐོ་ཐར་ཐོར་ཞིག་བཀོད་པའི་རྗེས་སུ་སྤྱི་སྡོམ་གྱི་སྐད་ཆ་འགའ་འབྲི་སྙམ་དུས། གློ་བུར་དུ་དགེ་ཆོས་ཀྱིས་རྣ་ལམ་ལ་འདི་ལྟར་ཤབ་ཤུབ་ཏུ་ལབ་བྱུང་བའི་ཚོར་བ་སྐྱེས་ལ། ང་ལའང་དེ་ལས་ལྷག་པ་འབྲི་རྒྱུ་མེད་སོང་། དེ་ནི། གོང་སྡོད་རྗེ་ཡི་གཟུགས་དང་གཡོག་གི་ལུས། །མཐོང་རྒྱུ་འབྱོར་བའི་ཚེ་དང་སྤྲང་པོའི་ཚེ། །བཙུན་པ་བཟང་ཤོས་ཁྱིམ་པ་སྡུག་ཤོས་སོགས། །སྐྱེ་བ་འདི་ལ་ལུས་རྟེན་མང་དུ་བརྗེས། ། མི་ཡི་མི་ཚེ་ཚེ་ཡི་ཁྲལ་ཡིན་པས། །ཁྲལ་པ་འཆི་བདག་ཡུལ་དུ་མ་འཁྱོལ་བར། །དགའ་དུས་རིང་དུ་གཏོང་བའི་ཐབས་མེད་ན། །སྡུག་དུས་ཐུང་དུ་གཏོང་བའི་ཐབས་ཅི་ཞིག ། ༢ ལོ་མང་སྔོན་ནས་བརྩམས་སྒྲུང་འདི་འོས་སྦྱོར་བྱེད་མཁན་མང་དུ་བྱུང་མོད། མཐུག་པོ་ཞིག་ཡིན་ངེས་པས་བལྟས་ཚར་རྒྱུ་མ་རེད་འདོད་ནས་ད་བར་དུ་བལྟ་མ་ཐུབ། མ་བསམ་ས་ནས་དེ་རིང་དལ་བྲེལ་མེད་པར་ཉིན་གཅིག་ལ་བལྟས་པས་ཚར་སོང་། དེ་བས། བལྟ་འདོད་ཡོད་པ་དག་གིས་ཉིན་གཅིག་ལ་བལྟས་པས་ཚར་ཐུབ་འདུག ༣ བརྩམས་སྒྲུང་འདིའི་ཆེ་བ་བརྗོད་པ། 该部小说于1998年荣获意大利格林扎纳·卡佛文学奖最高奖项。2002年,获第三届世界华文冰心文学奖。2004年3月,余华凭借该书荣获法兰西文学艺术骑士勋章。2005年,获中华图书特殊贡献奖。

བོད་ཀྱི་ཁོར་སྲུང་དཔའ་བོ་ཞིག་གི་མཛད་རྗེས་དང་ཁོང་གི་བླ་ན་མེད་པའི་སྙིང་སྟོབས་དེ་ཚོ་ང་ཚོའི་མི་རབས་ནས་མི་རབས་བར་དུ་བརྗེད་ག་ལ་རུང་། ཡུལ་འདི་ན་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་དང་དཔའ་བོ་རྗེ་བཟང་བསོད་ནམས་སྟོབས་རྒྱལ་ལགས་ཀྱི་རྗེས་དྲན་རྡོ་རིང་མཆིས། [蜡烛]

དགའ་སྤྲོའི་གླིང་ག་སྐབས་ལྔ་པ། ལེའུ་གསུམ་པ། 欢乐大林卡第五季 第三集
་https://t.cn/A6K29OsI

འཛམ་གླིང་བུམ་པའི་འགོ་འཛུཊ་མཛད་སྒོའི་གཟུཊ་ཕྱེད་གཞོན་ནུ་དེ་སུ་ཡིན་ནམ།
ཟླ་11པའི་ཚེས་20ཉིན། 2022ལོའི་ཁ་ཐར་འཛམ་གླིང་བུམ་པའི་འགྲན་སྡུར་གྱི་འགོ་འཛུགས་མཛད་སྒོ་མཚོ་ཁུག་སྤོ་ལོ་ཐང་དུ་འཚོགས། འགོ་འཛུགས་མཛད་སྒོའི་ཐོག གཟུགས་པོ་ཕྱེད་ཀ་ཅན་གྱི་གཞོན་ནུ་ཞིག་གིས་ལག་གཉིས་ཀྱིས་གཟུགས་པོར་འདེགས་སྐྱོར་བྱས་ནས་དལ་པོའི་ངང་གཏམ་བཤད་བྱས་པར། ཁོང་ལ་ཚོགས་ར་ཡོངས་ནས་དགའ་བསུ་ཐོབ་པ་དང་མི་གྲངས་མེད་ལ་སེམས་འགུལ་ཚད་མེད་ཐེབས། ཁོང་ནི་སུ་ཡིན་ནམ། གཟུགས་པོ་ཕྱེད་ཀ་ཅན་གྱི་གཞོན་ནུ་དེའི་མིང་ལ་ཉི་མུའུ·ཨ་འར·མུའུ་ཕུའུ་ཐ་ཟེར་ཞིང་། ད་ལོ་ལོ་20ལ་སླེབས་ཡོད། ཁོང་ནི་ད་ལོར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་གྱི་འཐུས་ཚབ་པ་ཞིག་རེད།མིག་སྔར་ཁོང་སློབ་ཆེན་གྱི་སློབ་གནས་ལེན་བཞིན་ཡོད། ཁོང་གི་དམིགས་ཡུལ་ནི་ཕྱི་འབྲེལ་དཔོན་ཞིག་ཏུ་འགྱུར་རྒྱུ་དེ་རེད། ཁོང་གི་ལོ་རྒྱུས་ཀྱིས་མི་གང་མང་ཞིག་ལ་སེམས་འགུལ་ཐེབས་བཞིན་ཡོད། དྲ་གྲོགས་མང་པོ་ཞིག་གིས།འདི་ནི་སྐབས་འདིའི་འཛམ་གླིང་བུམ་པའི་འགྲན་སྡུར་གྱི་འགོ་འཛུགས་མཛད་སྒོའི་ཐོག་བརྗེད་པར་དཀའ་བའི་ཆ་ཞིག་ཡིན་སྐོར་བརྗོད་ཡོད།
  སྐྱེས་དུས་མཐོང་བར་དཀོན་པའི་ནད་ཀྱིས་མནར་ན་ཡང་།ཁོང་གིས་ལས་དབང་ལ་གཉའ་མ་བསྒུར། 2002ལོའི་ཟླ་5པའི་ཚེས་5ཉིན་མུའུ་ཧྥུ་ཐ་ཁ་ཐར་དུ་སྐྱེས་ཤིང་ཧ་ཅང་མཐོང་བར་དཀོན་པའི་ནད་ཅིག་དང་མཉམ་དུ་འཇིག་རྟེན་འདིར་བསླེབས། དེ་ནི་མཇུག་ཚིགས་ཞན་འགྱུར་རྟགས་འདུས་ཀྱི་ནད་ཡིན་ཞིང་། དེའི་རྐྱེན་པས་སྐྱེས་དུས་ནས་ལུས་སྨད་མེད་པ་རེད། འོན་ཀྱང་མུའུ་ཧྥུ་ཐ་ཡིས་རང་ཉིད་ཀྱི་ལས་དབང་ལ་གཉའ་མ་བསྒུར། ཁོང་གིས་རང་ཉིད་ལ་ཡོད་པའི་དངོས་པོ་ཡོད་ཚད་བེད་སྤྱོད་དགོས་པ་ལས་མེད་པ་ཞིག་ལ་སེམས་ཁྲལ་བྱེད་དགོས་པ་མིན་པར་འདོད་ཡོད།ཕ་མའི་རོགས་རམ་འོག ཁོང་གིས་ལག་པར་བརྟེན་ནས་འགྲོ་ཤེས་པར་གྱུར་བ་དང་། ཧུར་བརྩོན་དང་སྤྲོ་སྣང་ལྡན་པའི་སྒོ་ནས་ལུས་རྩལ་སྣ་ཚོགས་ལ་ཞུགས་ཤིང་། ལུས་རྩལ་ར་བ་དང་། ཆུ་རྐྱལ་རྫིང་བུ། ཤུད་པང་ར་བ་སོགས་སུ་ཁོང་གི་གཟུགས་བརྙན་ཡོད།ཐ་ན་ལུས་རྩལ་ཤིན་ཏུ་དཀའ་མོ་ལའང་ཁོང་ཉིད་དགའ་པོ་ཡོད།
མི་སྒེར་གྱི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག མུའུ་ཧྥུ་ཐ་ལ་དགའ་བའི་མི་ཁྲི་300ལྷག་ཙམ་ཡོད་པ་དང་།གཟུགས་པོའི་ཐད་ཀྱི་སྐྱོན་ཆས་ཁོང་ལ་མགོ་བོ་སྒུར་དུ་བཅུག་མེད་ཅིང་། ཁོང་གིས་རྟག་ཏུ་འཛུམ་མདངས་སྟོན་བཞིན་ཡོད་པ་དང་། ད་དུང་རྒྱུན་དུ་རང་ཉིད་ཆུ་ལ་འཛུལ་བའི་འདྲ་པར་དྲ་ཐོག་ལ་སྤེལ་བཞིན་ཡོད།ཏག་ཏག་འཚོ་བའི་རྣམ་འགྱུར་དེ་འདྲ་ཞིག་ལ་བརྟེན་ནས་ཁོང་ལ་ཁ་ཐར་དང་ཐ་ན་འཛམ་གླིང་ཡོངས་ཀྱི་མི་ཁྲི་བརྒྱ་ལྷག་གི་བརྩེ་བ་དང་། བརྩི་འཇོག ཡིད་སྨོན་བཅས་ཐོབ།
དཀའ་ངལ་ལ་གདོང་གཏོད་པའི་བློ་སྟོབས་ཀྱིས་མུའུ་ཧྥུ་ཐ་ནི་2022ལོའི་ཁ་ཐར་འཛམ་གླིང་བུམ་པའི་འགྲན་སྡུར་གྱི་འཐུས་ཚབ་པར་གྱུར་ཅིང་། ཁོང་གིས་གཟུགས་པོའི་ཆ་ཤས་ལ་བརྟེན་ནས་སྤོ་ལོ་འཕེན་ཐུབ་ཀྱི་ཡོད།ཁོང་གིས་རང་ཉིད་རྐང་རྩེད་སྤོ་ལོ་ལ་དགའ་པོ་ཡོད། གང་ལགས་ཤེ་ན། རྐང་རྩེད་སྤོ་ལོ་ནི་མཐུན་སྒྲིལ་གྱི་ལས་འགུལ་ཞིག་དང་། འཛམ་གླིང་ལ་ཞི་བདེ་བསྐྲུན་ཐུབ་ཅེས་བརྗོད།
ཁོང་གི་མིང་ནི་རྒྱལ་ཁ་ཐོབ་མཁན་ཞེས་པ་ལས་བྱུང་ཞིང་། མིག་སྔར་མུའུ་ཧྥུ་ཐས་སློབ་ཆེན་དུ་ཆབ་སྲིད་རིག་པ་གཙོ་སྦྱོང་བྱེད་བཞིན་ཡོད། ཁོང་གི་དམིགས་ཡུལ་ནི་ཕྱི་འབྲེལ་དཔོན་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་ཡིན་པ་དང་། ཁོང་དང་ནང་མི་ཚོས་ད་དུང་དགེ་སྒྲུབ་མཐུན་ཚོགས་བཙུགས་ཡོད་ཅིང་། མི་གང་མང་ལ་རོགས་རམ་བྱེད་བཞིན་ཡོད། མ་འོངས་པར་ཁོང་གིས་མུ་མཐུད་དུ་རང་ཉིད་ཀྱི་ཟིན་ཐོ་བརྒལ་ཏེ་བློ་གཅིག་སེམས་གཅིག་གིས་རང་ཉིད་ཀྱི་དགེ་སྒྲུབ་ལས་འགན་བསྒྲུབ་རྒྱུ་ཡིན་པ་རེད།
མུའུ་ཧྥུ་ཐ་ཡིས་གཟུགས་པོ་སྐྱོན་ཅན་ཡིན་པ་དེས་ལས་དབང་གི་མགོ་བོ་སྒུར་དགོས་པ་གཏན་ནས་མི་མཚོན་པ་དང་། མི་ཚང་མར་ཕུགས་འདུན་དོན་གཉེར་བྱེད་པའི་དབང་ཆ་ཡོད་པ་མ་ཟད། དེར་བློ་སྟོབས་ཆེན་པོ་ཡང་ལྡན་ཡོད་པ་འཛམ་གླིང་ལ་ར་སྤྲོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།ཕྱི་རྒྱལ་གྱི་དྲ་གྲོགས་ཤིག་གིས་མུའུ་ཧྥུ་ཐ་ཡི་བརྙན་ཐུང་ཞིག་གི་གཤམ་དུ། ཁྱེད་ནི་སྟོབས་ཆེ་ལ་བདེ་ཐང་ལྡན་པའི་མི་ཆེན་ཞིག་མིན་ནའང་། སྔར་བཞིན་འཛམ་གླིང་ཇེ་ཡག་ཏུ་གཏོང་ཐུབ་སྟེ། ཁྱེད་ལ་འོད་འཚེར་བའི་སེམས་པ་བཟང་པོ་ཞིག་ཡོད་པ་ཁོ་ནས་ཆོག་ཅེས་བྲིས་ཡོད།
ཅ་ཉི་མུའུ·ཨ་ཨེར་མུའུ་ཧྥུ་ཐ་ཞེས་པའི་མིང་དེ་ཨ་རབ་ཀྱི་སྐད་དུ་རྒྱལ་ཁ་ཐོབ་མཁན་ཞེས་པའི་དོན་ཡིན་ཞིང་།ཁོང་ནི་རང་ཉིད་ཀྱི་མིང་དང་མཚུངས་པར་རང་གི་ལས་དབང་ལ་མགོ་བོ་སྒུར་མེད།  དེ་ནི་དོན་དངོས་ཀྱི་རྒྱལ་ཁ་ཐོབ་མཁན་རེད། ཤུགས་རྒྱོབ་ཤོག


发布     👍 0 举报 写留言 🖊   
✋热门推荐
  • 燃情五月,缘聚青岛,欢迎来自济南的朋友,深深感恩,满满祝福,做事的起点,生命价值开启的起点,尽管路途坎坷,情绪也不断涌现,心的成长,在相处中精进、反省,我爱你们
  • 我希望往后余生都是你你要记住你永远都是我的人我的愿望就是希望你的愿望里有我我不知道怎么表达这份喜欢让我知道我喜欢你我遇见的所有美好都与你有关我希望新鲜感过了之后
  • 这个作者是比较老牌的作者了,现在看来文笔不算顶顶好,但胜在文风,有种岁月静好的安宁,值得一看。徐莫庭也是同样骗来的媳妇hhh两人的相处模式会有种微微的既视感,但
  • ”明三国演义云:“身长八尺,面如冠玉,头戴纶巾,身披鹤氅,飘飘然有神仙之概”本朝王者荣耀:黄金分割率:“划重点,花美男”;武陵仙君:“倾国倾城,美艳无双”可以看
  • 因为阿璇在高校工作,天天和学生打交道,跟学生处的很好,长得显年轻心态也很年轻,所以她在学校经常被误当作学生。首先这个女人是很大方和阔气的,她们从来不会斤斤计较,
  • #双宋夫妇[超话]# 我猜中故事的开头却没想到会以这样的结局收场这两天我无数次想到那句诗第一最好不相见,如此便可不相恋。缘分让他们相遇,一切的一切都和梦一般“童
  • 猫小芽violette:@罗百竹:是你在混淆事实,汉方是日本的叫法而已,本质就是中药。在中国。
  • 北京2022年冬奥会是促进中国体育事业和奥林匹克运动共同发展的重要契机。到70/80年代,宜兴紫砂壶开始进入台湾市场之时,台湾人因不知道一厂当时的原始命名,而自
  • 6月29日东京岚学第一场和翔哥哥视线对上 冲我招手 开出的41ゲート的票结果座位在一层 从四层下到一层 虽然是最后一排但是比前面一排高出半个人 前面一排的人只能
  • 我是一名房地产推销员,而我推销的土地就在月球上。这个想法一致持续盘桓在我的脑海中,直到阿树也离开了我。
  • 还想澄清一点,我没有“对丈夫和父亲呼吁”我认为“呼吁”是个用力过猛的词,属于我这几天经常批判的“驭爹之术”之流,而我即便是“不自觉带入父权语境”表达,我的动机也
  • 为了保证节目质量,也为了更好的呈现晚会的专业追求,我们决定将17级舞蹈学中期专业汇报调至明天(周六)晚七点半[污]艺无止境,苛求极致,求索路上的每一份经历都是青
  • 每次翻老薛的微博 总能感同身受看着这些丧的文字 也总产生共鸣这时候才会发现他不是那么高高在上的他离我很近 离心也很近他很普通 也会为了生活而难过会在深夜抱着
  • 当我们能够保持生命最初的那一份天真良善与信任,去发现生命中的每一个美好,假以时日,我们必将长成与风共舞的大树[鲜花][鲜花][鲜花]木土的半六分相维持了好一阵子
  • 我会慢慢改,可这几天真的很丧,说不出啥鼓励的话,不用亲爱的你安慰的,只是发条微博散发一下丧气,希望没有影响到各位我收回之前那条朋友圈的真香言论当看着眼前的男孩的
  • 我一直在寻找 寻找着某个人陷入这种情绪 应该是从那天开始的 那天 彗星划过天空的那天 那就像 ,就像梦幻一般的景色一般 那真是! 无与伦比 ,美到极致的景色![
  • 从2018年11月开始先后在北京,硬核喜剧深圳成功举办多次演出,邀请全国优秀的脱口秀演员同台演出,不停地为两地观众带来最好的最原汁原味的单口喜剧演出!  该场
  • #这就是街舞# 再次感慨,跳地板的都是一群神仙[憧憬]这一期,关于导师和舞者,弹幕粉丝一直吵谁对谁错,而我只想再开包瓜子~[doge]看到复活环节的时候,小猪说
  • 爱你的人会什么都介意,最后又什么都能原谅,这不是天生好脾气只是不想失去你。怎么委屈,都算了,算了和妈妈通完电话,更加坚定地努力如果想远离低级的人,低级的圈子,就
  • 早上起床就忙着去取票你的第一张演唱会门票哦再来就是下午考试5点才结束 一考完交卷 撒腿就跑来见你做地铁 转站 到达目的地去贴应援贴 围着场馆转半天 找场馆入口