ཡོད་ཅེས་བྱ་བ་འདི་ཡང་བཅོས་མ་སྟེ།།
མེད་ཅེས་བྱ་བ་འདི་ཡང་བཅོས་མ་ཉིད།།
དེ་འདྲའི་བཅོས་མ་ཀུན་གྱིས་མ་བསླད་པ།། 
སེམས་ཀྱི་རང་བཞིན་རྫོགས་པའི་སངས་རྒྱས་ཡིན།།

—དགེ་འདུན་ཆོས་འཕེལ།

སྣང་བྱེད་ཉི་ཟླ་པང་ལ་བླངས་ནས།།
འོད་རིས་བརྩེགས་ཀྱང་འགྲན་ནུས་མིན་པའི།།
ན་གཞོན་བློ་ལྡན་རིག་པ་ཅན་དེ།།
འཛམ་གླིང་རིག་པའི་སྡིངས་ཆར་བུད་ཤོག།

གསེར་གྱི་ཕ་བོང་སྲང་ལ་འཇལ་ནས།།
ཉོ་བར་བརྩམས་ཀྱང་ཁུག་ཐབས་མེད་པའི།།
ན་གཞོན་བློ་ལྡན་རྣམ་དཔྱོད་ཅན་དེ།།
འཛམ་གླིང་ཤེས་བྱའི་མཚོ་རུ་ཞུགས་ཤོག།

དགོས་འདོད་ཀུན་འབྱུང་ནོར་བུ་དེ་ཡིས།།
རིན་གོང་བཅལ་ཀྱང་ཉོ་ཐབས་མེད་པའི།།
ན་གཞོན་བློ་ལྡན་དོན་གཉེར་ཅན་དེ།།
འཛམ་གླིང་ཐོས་ལྡན་གྲལ་ཏུ་ཕེབས་ཤོག། #微博[超话]#

དཔལ་ལྡན་ཐལ་འགྱུར་བའི་ལུགས་ལ་རྟེན་འབྱུང་སྟོང་བའི་དོན་འཆར་ཚུལ་དང་སྟོང་བ་རྟེན་འབྱུང་གི་དོན་དུ་འཆར་ཚུལ་ནི། རྟེན་འབྱུང་སྟོང་བའི་དོན་དུ་འཆར་བ་དང་སྟོང་པ་རྟེན་འབྱུང་གི་དོན་དུ་འཆར་བ་གང་ཡིན་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་མེད་པར་རྟོགས་པ་སྔོན་དུ་སོང་ནས་ཞི་གནས་ཀྱི་ངང་ནས་བདེན་པར་མེད་པ་ལ་མཉམ་པར་བཞག་པ་དང་། དེ་ལྟར་མཉམ་པར་བཞག་པའི་རྗེས་ཐོབ་ཏུ་བཞེངས་པའི་ཚེ་མྱུ་གུ་ལ་སོགས་པ་སྟོང་གཞིར་བཟུང་ནས་བདེན་པར་མེད་པའི་ཚུལ་ཡང་དང་ཡང་དུ་བསམ་པས་བློ་དེའི་དབང་དུ་སོང་ནས་གང་སྣང་ཀུན་བདེན་པར་མེད་པའི་ཚུལ་དུ་སྣང་བའི་ཚེ་རྟེན་འབྱུང་སྟོང་བའི་དོན་དུ་འཆར་ཚུལ་དང་། དེ་ལྟར་ཡུན་རིང་པོར་གོམས་པ་ལས་མྱུ་གུ་ལ་སོགས་པ་འདི་རྣམས་བདེན་པར་མེད་ན་གཏན་མེད་དུ་འགྲོ་སམ་སྙམ་དུ་བསམ་པའི་ཚེ་མྱུ་གུ་འདི་རྣམས་བདེན་པར་མེད་ཀྱང་མིང་རྐྱང་བཏགས་ཡོད་ཙམ་དེ་ལ་བྱ་བྱེད་ཐམས་ཅད་རུང་བའི་ཚུལ་ལ་ངེས་པ་ལྷང་ལྷང་དུ་ནམ་འདྲེན་པའི་ཚེ་ན་སྟོང་པ་རྟེན་འབྱུང་གི་དོན་དུ་ཤར་བ་ཡིན་ཏེ། ༧ རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་དངོས་སམ་གསུང་རྒྱུན་དེ་ཉིད་རྒྱལ་དབང་དགེ་འདུན་གྲུབ་ཀྱིས་ཟིན་བྲིས་སུ་ཕབ་པ། ཟབ་མོ་དབུ་མའི་ལྟ་ཁྲིད་རྗེ་བཙུན་བླ་མ་ཙོང་ཁ་པའི་གསུང་རྒྱུན་ཞེས་པ་དེ་ཉིད་ལས༼རྒྱལ་དབང་དགེ་འདུན་གྲུབ་ཀྱི་གསུང་འབུམ་པོད་དགུ་པ། སེར་གཙུག་པར་མ། གསུང་ཐོར་བུ་སྣ་ཚོགས་ཞེས་པ། ཤོག་གྲངས། ༤༥༦༽ ཡང་མཉམ་བཞག་ཏུ་ཆོས་ཐམས་ཅད་རང་བཞིན་གྱིས་མེད་པར་བསྒོམས་པའི་རྗེས་ཐོབ་ཏུ། དངོས་པ་ལ་སོགས་པ་ཐམས་ཅད་གང་སྣང་བ་འདི་ཐམས་ཅད་ལ་འདི་རྣམས་བདེན་པར་མེད་དེ། རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་སྙམ་དུ་ཡང་དང་ཡང་དུ་གོམས་པར་བྱས་པ་ན་གང་སྣང་ཀུན་སྟོང་པར་འཆར་བས་རྟེན་འབྲེལ་སྟོང་པའི་དོན་དུ་འཆར་བ་ཡིན། འོ་ན་ཆོས་ཐམས་ཅད་རང་བཞིན་གྱིས་མེད་ན་གཏན་ནས་མེད་སྙམ་ན་རང་བཞིན་གྱིས་མེད་པ་ལ་བྱ་བྱེད་ཐམས་ཅད་རུང་བའི་ཚུལ་བསམས་པས་སྟོང་པ་རྟེན་འབྱུང་གི་དོན་དུ་འཆར་བ་ཡིན་ལ། ཞེས་གསུངས་པའི་ཕྱིར། སྟོང་ཉིད་རྟོགས་པ་ལ་ཞི་གནས་ཐོབ་དགོས་སམ་ཟེར་ན་རྗེ་ཡབ་སྲས་རྣམས་ཀྱི་དབུ་མའི་ལྟ་ཁྲིད་སོགས་ལ་དཔག་ན་ཕར་ཆེར་ཐོབ་པའི་ངེས་པ་མེད་སམ་སྙམ་མོ།། རྟེན་འབྱུང་སྟོང་པའི་དོན་དུ་འཆར་ཚུལ་དང་སྟོང་པ་རྟེན་འབྱུང་གི་དོན་དུ་འཆར་ཚུལ་གང་ཡིན་ཡང་ཚུལ་འདི་ལས་གཞན་དུ་བསམ་པར་མི་བྱ་སྟེ་འདི་ནི་རྗེ་བླ་མའི་གསུང་དངོས་ཡིན་པའི་ཕྱིར་ཏེ། ཡང་གསུང་དེ་ཉིད་ཀྱི་མཇུག་ཐོགས་སུ། ༼ཤོག་གྲངས། ༤༥༨ ༽འདི་དག་དབུས་ཕྱོགས་སུ་འགྲོ་དུས་རྗེ་རིན་པོ་ཆེའི་གསུང་ཇི་ལྟ་བ་བཞིན་བཀོད་པ་ལགས། ཞེས་གསུངས་པའི་ཕྱིར།
༼ རྟེན་འབྱུང་སྟོང་པའི་དོན་དུ་འཆར་ཚུལ་དང་སྟོང་པ་རྟེན་འབྱུང་གི་དོན་དུ་འཆར་ཚུལ་འདི་ལ་ཕྱིས་ཀྱི་མཁས་པ་རྣམས་ཀྱི་འདོད་ཚུལ་ལ་མི་འདྲ་བ་མང་ཡང་། རྗེ་རིན་པོའི་ཆེའི་གསུང་དངོས་སམ་ཁ་ཐག་ཧ་ཅང་ཉེ་བར་བཅར་ན་འདི་ལས་གཞན་དུ་མ་སྣང་ངོ།།༽ __ཤཱཀྱའི་སྲས་ནས་བརྗེད་བྱང་དུ།


发布     👍 0 举报 写留言 🖊   
✋热门推荐
  • 丽珍好像我的一个姨姥姥,阿拉伯书法真牛掰,冷酷者谢里姆一点都不冷酷,今天下午头好痛啊,然后晚上就去吃了点好的,吃完很后悔,因为想减肥的说,晚上背完单词早早从图书
  • 深山修煉师傅~ 魅力无限迷倒众生……附带师傅精准解析‼️✨人缘魅力,容貌变美,言听计从,异性爆棚,唯命是从,吸引目光,宠爱有加,为你着迷,讨你欢心,大献殷勤…这
  • 我让他先跟我讲一遍,他说到了幼儿园就会讲了[摊手]今晚他爸陪着他一个一个故事的听一个一个的选,也听了好几遍他选中的成语故事,但他兴致不高甚至捂着耳朵,于是问他是
  • 怎么说呢,显得我一个人旅游更加凄凉了。我以前一个人去海边城市旅游的时候,碰到一个和我一样一个人出来玩的妹妹,她找我帮她拍照然后我们就认识了,现在我看她的朋友圈,
  • 最后买了点吃的就走了,路上还看到了卖小猫咪的,好可爱,拍照留念。 小曹一路送我到公交站,舍不得她,她还要领我去蛋糕店给我买点小面包,但是我感觉我要坐的公交
  • #偶像梦幻祭[超话]#推一推花之契约吧唧余量如图,门牌号864629860推推车救救烫门捆序 哥英桃露敬栗爱泉彩leo岚零日和咪茨纯借tag:es,偶像梦幻祭,
  •   偏偏院里那么多人,帮他的一个都没有,都不想招惹上麻烦,反而全都劝他:“有树啊,听叔一句劝,别招惹这女人,你把握不住的。  惊了一下,他怒吼:“说好的五两,现
  • 至于吗但网球也不是上得太好,一度懒散,教练都忍不住凶了起来,下场无奈的说“也是个要讲条件的孩子啊…”喔今天上车换运动服的时候好好笑,他脱下裤子我居然看到里面还有
  • 谈恋爱不是找了个爹[哼]几章后我慢慢变成:嗷~妈妈的傻大儿,你超爱你小子竟然还是一见钟情很喜欢的一个剧情是每次鲤鱼想亲宋双榕时,都会特别郑重的说“宋双榕,可以亲
  • 大狗,你们之间的钱权博弈不要伤及无辜,能不能不要搭上我,能不能赌点高级的科技之类有益的东西,非要赌把蛊下到人身上的危害到底有多大有什么意义,欺骗、毁谤、孤立、脑
  • [挖鼻]想着同事她女儿听话,看小度,我也给她买了一个,结果成电视机了,没事就乱召唤小度,虽然小度也不咋听得清楚她说的啥[允悲]地上也给我弄得好脏,以至于下班特别
  • #光遇陪玩团[超话]#怎么说呢,本来谈好了呀到了加lxfs时人没了,板宝总鸽我,我在想是不是突然不用了又不好意思说一下,所以直接不理我了[泪]求求啦,不要再咕咕
  • 至此不为君子,真小人也;小人当事,则中人皆为小人,至此不为小人,真君子也。#凝聚V力量#☀️#摩登兄弟 传递正能量# ☀️#摩登兄弟[超话]#天下无不可为之事,
  • 大狗,你们之间的钱权博弈不要伤及无辜,能不能不要搭上我,能不能赌点高级的科技之类有益的东西,非要赌把蛊下到人身上的危害到底有多大有什么意义,欺骗、毁谤、孤立、脑
  • 能感受到导演已经在努力减轻死亡的重量,可惜我就是能从正常关系看出扭曲来还是忍不住玩一下(怕忘说所以一次填15天份)Day1 n9Day2 男主:宿吏晓人 女主:
  • 预算1900以内两室或者一室~(猫咪超干净,从来不乱抓乱挠,现在的房子各家具都跟刚搬进来的时候一样)搬走也会还原成最初的模样,善良房东直租滴滴滴滴,最后附上崽崽
  • 跳舞扰民惹纠纷 民警化解获赞誉 4月3日,居民钟某将印有“感谢人民好警察,公正执法心为民”的锦旗送到宾县县局文化派出所,对民警化解矛盾纠纷、解决噪音困扰表
  • 为强化全社会科普工作责任,加强行业领域科普能力建设,畅通广大科技工作者参与科普活动的渠道,本次大赛预赛从即日起至5月底举办,分11个赛道,依托各承办单位选拔推荐
  • 为了让更多好朋友们加入共创耀眼银海,自本条微博发布起,在多/方/平/台/宣/传([浪]、、、、B)新灯牌实物图或相关视频展示,并在本评/论/区回复【发布内容的截
  • 7.下一站,我不告诉你。4.最好的时光在路上。