འཛམ་གླིང་བུམ་པ་རྟགས་མའི་རྐང་སྩལ་འགྲན་ཚོགས་ཆེན་མོ་འདིས་ས་གནམ་གཉིས་གཡོ་རྩིས་བྱེད་ཀྱིན་འདུག མི་མང་ཡོ་ལང་ནི། རྦ་རླབས་འཕྱུར་འཕྱུར་བྱེད། ལྟ་མོ་བ་ཚོའི་ཀི་སྒྲ་ཡང་འབྲུག་སྟོང་ལྡིར་བ་འདྲ་བས། རྐང་སྩལ་སྤོ་ལོའི་ཟུལ་ཤུགས་འདི་ནི། བསམ་ཡུལ་ལས་འདས། འཛིམ་གླིང་གི་ཡུལ་གྲུ་ཕལ་ཆེ་བ་ན། རྐང་སྩལ་འགྲན་ཚོགས་ལ། དེ་འདྲའི་དགའ་འབོད་ཚད་ལས་བརྒལ་བ་བྱེད་ཀྱིན་པ་འདིས། ས་ཁུག་ལུང་ཁུག་ན་ཉམ་ཆུང་ལུས་པའི་ང་རང་ཚོ་ཡང་གཉིད་ལས་དཀྲོག་གྲབས་བྱས་ཡོང་། རྐང་སྩལ་གྱི་རིག་གནས་ལ་རྒྱུས་མངའ་ཅི་ཡང་མེད་པའི་ཁོ་བུ་ལྟ་བུ་ཡང་། རང་དབང་མེད་པར་ཡུལ་ཕྱོགས་དེའི་ཟུལ་ཤུགས་ཀྱིས་ཁྱེར་འགྲོ། ཡང་ལན་རེར་ཁོ་ཚོར་རྐང་སྩལ་རིག་གནས་ལ། དེ་འདྲའི་ཚད་ལས་བརྒལ་བའི་དགའ་ཞེན་ཞིག་ཇི་ལྟར་སླེབས་པ་ཡིན་པ་དང་། རང་ཉིད་ཚུལ་དེར་རྒྱུས་མངའ་དང་སྤྲོ་བ་ཏིལ་ཙམ་ཡང་མེད་པ་འདི་ཡང་ཅི་ཞིག་གི་རྐྱེན་ནམ་སྙམ་ན། གློ་བུར་དུ་རང་ཉིད་ནི་ས་སྒང་འདི་རུ་འཚོ་སྡོད་བྱས་མེད་སྣང་འཆར། ཁོ་ཚོ་དང་གོ་ལ་གཅིག་གི་མིན་སྣང་འཆར། རྐང་སྩལ་སྦོ་ལོའི་ཟུལ་ཤུགས་ནི། ཚོའི་རྣམ་ཤེས་ལ་འཐིམ་ཚར་ཞིང་། ཟུངས་ཁྲག་ཏུ་རྒྱུ་བཞིན་པའི་དུས་འདིར་ང་ཚོས་ད་དུང་གང་ཡང་མགོ་མ་ཚོས་པར་ཤིན་ཏུ་འཇམ་ཅག་གེར་ལུས་འདུག་པའི་ཚུལ་འདི་བསམ་ན། ཅི་ཞིག་གི་རྗེས་ལུས་ཐེབས་པ་ཡིན་ནམ་སྙམ་སྟེ། ཅི་ཡིན་འདི་མིན་གྱི་དྲི་ཚིག་མང་བོ་ཞིག་ཀྱང་ཐོལ་གྱིས་འཕྱུར། ཅི་བཤད་ཀྱང་འཛམ་གླིང་བུམ་པ་རྟགས་མའི་སྒུལ་ཤུགས་ཀྱིས། ས་ཆེན་འདར་བར་བྱས་ཡོང་ངོ་།།
"
གར་འཆམ་ཟེར་བ་དེ་ལྟད་མོ་བལྟ་རྒྱུ་རྐྱང་པ་མ་ཡིན་པར། ཧ་ཅང་གི་བྱིན་རླབས་ཆེན་པོ་རེད། གར་འཆམ་ལ་བརྟེན་ནས་བར་ཆད་ཟློག་ཐུབ་པ་དང་། དངོས་གྲུབ་སྒྲུབ་ཐུབ་པའི་སྔགས་ཀྱི་ཉམས་ལེན་གྱི་གྲལ་ཞིག་རེད། ཡིན་ནའང་གནའ་བོའི་གར་འཆམ་བལྟ་རྒྱུ་དེ། དེང་སང་འཛམ་བུ་གླིང་ལ་རིམ་པ་བཞིན་དུ་ཉམས་ནས་ལྟ་མཁན་ཇེ་ཉུང་ལ་འགྲོ་ཡི་ཡོད་རེད། གར་འཆམ་མཇལ་སར་འགྲོ་རྒྱུ་དེས་ཀྱང་ཆོས་སྒྲུབ་པའི་གོ་ཆོད་ཀྱི་ཡོད་རེད། དེས་ན་ད་དུང་ཡང་དགོན་པའི་ནང་སྔར་ཡོད་ཀྱི་གར་འཆམ་རྣམས་མ་ཉམས་པར་རྒྱུན་བསྐྱང་རྒྱུ་དེ་གལ་ཆེན་པོ་ཡིན། རྫོང་སར་མཁྱེན་བརྩེ་ནས།

༄༅༎ ཧུའེ་རིགས་ཀྱི་བུད་མེད་རྩོམ་པ་པོ་ཧོའོ་ཏ་ཡིས་༡༩༨༧ལོའི་སྤྱི་ཟླ་༩པའི་ཚེས་༡ཉིན་དངོས་སུ་གསར་བརྩམས་གནང་ཟིན་པའི་༼མུའུ་སི་ལིན་གྱི་དུར་མཆོད།༽ཅེས་པའི་སྒྲུང་གཏམ་རིང་གྲས་དེ་ནི་སྐྱོ་གར་རང་བཞིན་གྱི་བརྩམས་སྒྲུང་ཞིག་ཡིན་པ་དང་།བརྩམས་སྒྲུང་དེའི་ནང་རྩོམ་པ་པོས་རང་ཉིད་ཀྱིས་རང་མི་རིགས་ལ་ཡོད་པའི་ངེས་ཤེས་དེ་བརྩམས་སྒྲུང་གི་ཁུངས་སྣེ་ལྟ་བུ་ཞིག་ཏུ་བརྩིས་ནས། སྤྱི་ཚོགས་ཀྱི་གནས་བབ་དང་དུས་ཀྱི་འཕོ་འགྱུར་འོག གཉེན་ཉེ་དབར་གྱི་བརྩེ་བ་དང་ཕོ་མོའི་བརྩེ་དུང་ལ་འགྱུར་བ་ཆེན་པོ་ཐེབས་ནས། མུའུ་སི་ལིན་གྱི་གཡང་ཊི་བཟོ་མཁན་གྱི་ཁྱིམ་རྒྱུད་གཅིག་གི་དར་རྒུད་བརྗོད་ཐོག སྐབས་དེའི་ལྷིང་འཇགས་དང་བྲལ་བའི་གནས་བབ་དེ་གསལ་པོར་བཏོན་ནས།རེ་སྒུག་གི་ཟིལ་བུ་དེ་ག་ལེར་ནར་སོན་བཞིན་པའི་མི་རབས་གསུམ་པར་བཅོལ། གོ་བདེ་ལ་གནད་ལ་འཁེལ་བའི་ཚིག་སྦྱོར་རེ་རེས་བརྩམས་སྒྲུང་ནང་གི་མི་སྣ་སོ་སོའི་རང་གཤིས་གསོན་པོར་མངོན་འདུག་པས།བརྩམས་སྒྲུང་ཡོངས་ཀྱི་སྤུས་ཚད་མཐོ་རུ་འགྲོ་བར་འདེགས་སྐྱོར་གྱི་ནུས་པ་ཆེན་པོ་ཐོན་ཡོད།དེ་མ་ཟད་བརྩམས་སྒྲུང་ཆ་ཚང་བལྟས་ཚར་རྗེས།དཀར་ཆག་བཀོད་སྟངས་ཐད་ལའང་རྩོམ་པ་པོས་གཏན་ཚིགས་དང་མཐུན་པའི་བསམ་བློ་ཕྲ་ཞིང་ཞིབ་པ་བཏང་ཡོད་པ་ད་གཟོད་གཞི་ནས་རྟོགས།༩.༢༧#plog##plog#
✋热门推荐