གངས་ཅན་ལྷ་གཡག་རྟགས་མ་གསར་གཏོད་པ། རྒན་མི་འགྱུར་ལགས་ཧྲང་ཧེ་ནས་བསྡུས་པའི་མཚོ་བོད་མཐོ་སྒང་གི་རང་བྱུང་སྐྱེ་ཁམས་ཀྱི་རིགས་གནས་རིན་ཐང་གླེང་བ་ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་ལ་ཞུགས་འདུག་པས། ཡིད་ཆེས་རེ་བཞག་དང་བཅས་བགྲོ་གླེང་དེའི་ཐད་གཏོང་གི་མགོ་རྔ་ཆ་ཚང་ལ་གཟབ་ནན་གྱིས་མཉམ་ཞུགས་བྱས་པ་ཡིན། ཁོང་ལ་རེ་བཞག་མཐོ་བ་ནང་བཞིན་དུ་མི་རིགས་རང་གི་རིག་གནས་ཀྱི་རིན་ཐང་མང་བོ་ཞིག་ཆེས་ཡིད་ཆེས་ལྡན་པ་དང་སྤོབས་སེམས་ཆེན་པོའི་ངང་ནས་མི་རིགས་གཞན་རྣམས་ལ་ངོ་སྤྲོད་མཁོ་སོད་པ་ཞིག་བྱས་སོང་བས། ཐད་གཏོང་འགྲམ་གྱི་རང་ཉིད་ལ་ཡང་རང་མི་རིགས་ཀྱིི་སྐྱེ་ཁམས་ཁོར་ཡུག་གི་རིན་ཐང་དང་རིག་གནས་རིན་ཐང་བསམ་ནས་ང་རྒྱལ་སྐྱེས་ཡོང་བ་ཞིག་ཆགས།

བོད་ཀྱི་འབྲོག་པ་ཚོའི་ཕྱུགས་ཟོག་འཚོ་སྐྱོང་གི་བྱེད་ཐབས་འདི་ལས་ལྷག་པའི་ཆེས་མི་གཤིས་རང་བཞིན་ཅན་དང་། སྐྱེ་ཁམས་རང་བཞིན་ཅན། བདེ་ཐང་རང་བཞིན་ལྡན་པའི་འཚོ་སྐྱོང་བྱེད་ཐབས་ཞིག་འཛམ་གླིང་གི་ས་གནས་གཞན་གང་དུ་ཡང་རྙེད་ཐབས་མེད་པའི་གལ་གནད་དེ་ཡང་། གཏིང་ཟབ་པའི་ལམ་ནས་ངོ་སྤྱོད་ཕུན་སུམ་ཚོགས་པ་གནང་བར་མ་ཟད། བོད་དང་རང་བྱུང་གི་དབར་དང་། ཕྱུགས་ཟོག་དབར་ལ་མི་རིགས་གཞན་དང་མི་འདྲ་བའི་ཐུན་མིན་གྱི་འབྲེལ་བ་སྟེ། བོད་པ་ཚོས་ནི། ཆུ་འགོ་རེ་རེའི་ནང་ལ་ཀླུ་རེ་གནས་པས། ཆུ་ལ་སྦགས་གཙོག་བཟོ་མི་རུང་བ་དང་། རི་བོ་རེ་ལ་གཞི་བདག་རེ་གནས་པས། རི་ལ་གཏོར་སྐྱོན་བཟོ་མི་རིགས་པ། ད་དུང་མཚོ་ལ་མཚོ་སྐོར་དང་རི་ལ་གནས་སྐོར་བྱས་ཏེ། རང་བྱུང་གི་རི་ཆུ་གནས་གསུམ་ནི། རིག་གནས་ཀྱི་ལྟ་བའམ་བླ་མ་མེད་པའི་དད་འདུན་ཞིག་དང་འབྲེལ་ཏེ། སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། སྒོ་ཟོག་དག་ཀྱང་དྭངས་ཤིང་གཙང་བའི་ཆུ་བོ་དང་མེ་ཏོག་སྣ་བརྒྱ་བཞད་པའི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ན་རང་དབང་ལྡན་པའི་ངང་ནས་འཚོ་སྐྱོང་བྱེད་ཀྱིན་ཡོད་ཅིང་། མཐར་ཐུག་སྒོ་སོག་དག་བཤས་བཙོང་བྱ་སྐབས་སུ་ཡང་། མ་ཎིའི་དབྱངས་རྟ་དང་འགྲོགས་ཏེ། གསོལ་འདེབས་ཀྱི་ཀློང་ནས་ཉེས་པའི་འདུ་ཤེས་དང་བཅས་བཤས་བཙོང་བྱེད་པ་ལ་སོགས་ཀྱིས་མཚོན་པའི་བོད་རང་གི་ནང་སེམས་ཀྱི་རིན་གནས་ཀྱི་རིན་ཐང་ཁྱད་མཚར་མང་བོ་ཞིག་ཡོད་པ་དེ། དམིགས་བསལ་རྩལ་འདོན་གྱིས་ངོ་སྤྲོད་ཕྲ་ཞིང་ཞིབ་པ་ཞིག་གནང་སོང་། འདི་ལྟར་མི་རིགས་གཞན་གྱི་སྟེགས་བུའི་སྟེང་རང་མི་རིགས་ཀྱི་རིག་གནས་རིན་ཐང་ནི། ཡང་དག་པའི་ཐབས་ལམ་བརྒྱུད་དེ། ཤིན་ཏུ་གཏིང་ཟབ་པའི་སྒོ་ནས་སྒྲོག་སྤེལ་བྱེད་པའི་བྱ་བཞག་འདི་ཉིད་ཀྱི་ངོ་སོ་བསྟོད། འདི་དང་འདི་ལྟ་བུ་ལས་ལྷག་པའི་རང་རིགས་ལ་ཞབས་འདེགས་ཞུ་སྟངས་གཞན་ནི་ཅི་ཞིག་མཆིས། ཕོ་རབ་ཁོང་ལ་སྙིང་ཐག་པ་ནས་དད་གུས་བླ་མེད་སྐྱེའོ།། ཅི་བྱས་ལམ་འགྲོར་ཤོག

སྒོམ་ཆེན་དུ་རློམ་པ་རྣམས་ལ་གདམས་པ།

༡ ཨ་ཏི་ཤས། ཡིད་ལ་ཅི་ཡང་མི་བྱེད་པའི་སྒོམ་འཕྱི་བ་ལ་ཡང་ཡོད་གསུངས། རྒྱ་གར་ལྷོ་ཕྱོགས་མཐར་སྐྱེས་ཀྱི་གྲོང་ན་མུ་སྟེགས་རྒན་པོ་ལོ་བཞི་བརྒྱ་ལྔ་བརྒྱ་ལོན་པ་ནག་ཚོས་མཐོང་ནས་ཇོ་བོ་ལ་ཞུས་པར། ཇོ་བོས་དོན་མེད་རླུང་སེམས་འཛིན་པའི་སྒོམ་ཆེན་འཕྱི་བ་དང་གྲུམ་པར་ཡང་ཡོད། གསུངས།

༢ འབྲོམ་གྱིས། ཐོས་མེད་རྒྱུད་ན་བྱང་ཆུབ་ཀྱི་སེམས་མེད་པ་རྣ་རྩར་རྔ་བོ་ཆེ་བརྡུངས་ཀྱང་མི་ཞིག་པའི་སྒོམ་བྱེད་པ་རྣམས་གཟུགས་མེད་དུ་སྐྱེ་བའི་རྒྱུར་གསུངས།

༣ མཁས་གྲུབ་ཐམས་ཅད་མཁྱེན་པས། ལམ་དང་ལམ་མ་ཡིན་པའི་ཐ་སྙད་ཙམ་ཡང་སྔོན་ཆད་རྣ་བའི་ལམ་དུ་མ་ཞུགས་ན་དོན་ལ་མཁས་པ་ལྟ་ཅི་སྨོས་ཀྱང་ཅི་དགོས་པའི་བླུན་པོ་རིའི་ཕུག་ཏུ་ཚེ་ཡོལ་བར་བྱས་པ་ཙམ་གྱི་ང་རྒྱལ་འབའ་ཞིག་ལ་རང་གི་ཡིད་སྙིང་ནས་རངས་པར་བྱས་པ་འགའ་ཞིག་གིས་ཚིག་འབྲུ་བྱུང་རྒྱལ་དུ་སྨྲས་པ་དག་ལ་བསམ་གཏན་པའི་མན་ངག་ཏུ་མིང་བཏགས་ནས་སྙིང་པོ་ལྟ་བུར་འཛིན་པ་གང་ཡིན་པ་དེ་ནི་དབང་བོ་རྣོན་པོ་ལྟ་སྨྲས་ཀྱང་ཅི་དགོས། དད་པའི་རྗེས་འབྲང་ཙམ་ཡང་མ་ཡིན་ཏེ། དད་པར་བྱ་བའི་གནས་མ་ཡིན་པ་ལ་དད་པ་བྱེད་པའི་ཕྱིར། ཞེས་ཐོས་བ་མི་བྱེད་པར་སྒོམ་ཆེན་དུ་རློམ་པ་ཀུན་ལ་བཀའ་སློབ་ཏུ་བསྩལ།

༤ ས་སྐྱ་པནྜི་ཏས། བླུན་པོ་ཕྱག་རྒྱ་ཆེ་སྒོམ་པ།།ཕལ་ཆེར་དུད་འགྲོའི་རྒྱུ་རུ་གསུངས།།གསུངས།

༥ རྒྱལ་དབང་ལྔ་བ་ཆེན་པོས། བྱིང་བ་མཐའ་དག་ཏིང་ངེ་འཛིན་རྣལ་མར་ངོས་བཟུང་ནས་རི་སུལ་དུ་མི་ཚེ་སྟོང་བར་འཛད་པ་ཆེས་མང་ངོ་། གསུངས།

དབུས་གཙང་ཆོས་ཀྱི་ཞིང་ས། དུས་རབས་ཡོ་འཁྱོམ་གྱི་འཕོ་སྐྱས་དང་རྡེབ་ཤུགས་གང་མང་ཐེབས་ནའང་། ཁོང་ཚོའི་ཞི་དུལ་དང་བག་ཡོད། ཆོག་ཤེས། མངོན་ཆུང་གི་གཤིས་ལུགས་སོགས་ལ་མདོ་སྨད་པ་ཚོས་ཟུར་བལྟས་ཐུགས་བསམ་བཞེས་དགོས་པ་མང་བར་སྣང་། གཟིགས་དང་། མདོ་སྨད་པའི་བསང་གཏོང་གི་འཕྲོ་བརླག་དང་ཚད་འདས། འཚོ་ཚིས་ཀྱི་ཐེག་ཚད་ལས་བརྒལ་བའི་རྒྱན་གོས། ཞེ་མེར་བའི་དྲྭ་ཐོག་གི་ཆགས་བཤད་དང་། འཐེན་འཁྱེར་ཆགས་སྡང་གི་ཧམ་ཤུགས། རང་བསྟོད་གཞན་སྨད་ཀྱི་བསམ་སྦྱོར་ཐམས་ཅད་ནི་ཁྱི་གཞོང་སྟོང་གི་རྩོད་པ་ལས་མ་འདས། ལོ་རྒྱུས་ལ་གཟིགས་ན། སྔོན་བྱོན་མཁས་དབང་རྣམས་དབུས་གཙང་ཆོས་ཞིང་ལ་ཕེབས་ནས་དེད་དཔོན་གྱིས་ནོར་བུ་བླངས་པ་བཞིན་སླར་ཕེབས་ནས་མདོ་སྨད་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་པ་མ་ཡིན་ནམ། སྲོལ་ངན་འདི་དག་ང་ཚོས་ཐུགས་བསམ་ལ་ཡུར་མ་ཡུར་ནས་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་ཆེད་ཡོ་བཅོས་དང་བཅས་བཅོས་དགོས་བ་ནི་ཁ་ཚ་དགོས་གཏུགས་ལྟ་བུ་གྱུར་ཡོད། https://t.cn/R2WxDzr


发布     👍 0 举报 写留言 🖊   
✋热门推荐
  • #婚姻# #八字# 不适合托付终生的男命八字特征1:枭印过旺,命中无财命中枭印过旺的男人性格方面自私薄情,往往小心眼爱算计;如果命中无财,一生女人缘分薄,但是在
  • 在此背景下,AI PC概念火热、过去5个交易日累计涨近5%,相关供应链备受关注。二级市场上,英力股份过去一周股价暴涨,其中21日—23日获20CM三连板。
  • 全国高价回收服务器 戴尔 华为 浪潮 超威 回收高端二手服务器 戴尔 华为 浪潮 超威 曙光 联想服 务 器 交换机 工作站 cpu等服务器配件 量大价优全
  • 喜欢自夸的人,事业难有进步;专门挑剔别人的是非,最容易伤害自己的性命。水瓶座性格多变,独立自主的水瓶女在刚与人们接触时,会给人一种不近人情的感觉,防备心重,任谁
  • 经典cf搭配木制手柄很是复古设计感十足 木柄镶嵌金属logo、精致而高级 好看的同时又多几项功能:可手拎手挽单肩斜挎 款号:AS8尺寸:20cm 材质:时装粗
  • 感觉歪果仁对熊猫有一种超出想象的执拗,想起Philip也是,从他定好去成都看机票的时候到看完熊猫,前后宣言了有小半年[熊猫]那位泰国男士还一定要和我们拍照说要回
  • ”  萧珉慈没看她,拉着黎怀夕在身旁坐下,目光缱绻开口:“一些不重要的前尘往事罢了,你怎还吃醋了。”  林延秋这才想起刚刚听到的那些,脸上的笑容苍白又僵硬:“我
  • 热推《沈星萝陆景琰》沈星萝 陆景琰~小说全文阅读~完本【已完结】笔趣阁 请+ 即可取全文 书名:《沈星萝陆景琰》沈星萝 陆景琰 主角:《沈星萝陆景琰》沈星萝
  • 偶然间听到了你说你的近期愿望:自己的事业可以稳步提升,然后给我开一个日料店(因为我最喜欢吃日料 之前说过开咖啡店甜品店 但是你说最想的还是日料店 让我还可以做自
  • 这就有点暗搓搓引战的味道了,但凡是个有点脑子的节目组、片方,剧方宣布一部剧的方位的时候都会在后面括号里面附加说明,为了避免番位纷争,在这件事情上一直都是小心再小
  • 作为上海戏剧学院与上海理工大学科艺融合项目,《巨物之城》讲述在未来城市中,人类经过脑机接口链接机械器官,终于实现“永生”并与机器人共生在“巨物之城”男主角阿泰在
  • 《重生天降气运,我疯狂修炼》林瑶上一世林云瑶识人不清,错把恶人当亲人,直到死才彻底看明白林家人的嘴脸,对她好不过是想夺取她身上的凤凰骨!《重生天降气运,我疯狂修
  • 似乎是看出了她的意思,男人又眼皮子一掀,说:“你还担心会报复到你身上? 似乎是看出了她的意思,男人又眼皮子一掀,说:“你还担心会报复到你身上?
  • 你还当众问我我今天和你搭班过的好吗?谢谢你坚定地选择我,谢谢你历经折磨也不曾背弃过我,让我也终于可以为你勇敢了一回。
  • (全集完整版小说大结局)《虞之瑶祁无陵》全文阅读笔趣阁热推文 ‼书名:《虞之瑶祁无陵》 ‼主角:虞之瑶祁无陵 ‼小说全文阅读到公#众#号【岁月书摘】回复主角名字
  • 其整体尺寸为130 x 80 x 155 mm,有着良好的内存兼容性,采用了全面升级的高韧性锰钢材质压力扣具,安装更人性化,支持英特尔的LGA 18xx/170
  • “王妈”这两天被下油锅炸了七八次每次上热搜就像是古代的凌迟/鞭刑/斩首示众一样,以及这热搜的密度太恐怖了放平台她是优质内容创作者放学校她是搞创意的优秀学生放社会
  • #bts[超话]#出出 球球来人收了吧 要活不下去了[苦涩] 有三星二代糖 炸药钻石画糖 most通常盘糖 c2 c5 bingo快闪旻 卫衣卡果 tag
  • 他知道,此时在朱元璋的眼中,掌握兵权的将领是他的最大威胁,63岁的汤和让人意外地上交了兵权。面对权力的诱惑,他选择了明哲保身,也因为他的这一举动,消除了朱元璋对
  • #May心头肉的2岁生日月# 小寿星可能想家了从铭家点心抱出来就被海风吹醒了我一路抱回酒店 躺到自己枕头上哭唧唧 用自己的枕头擦眼泪[悲伤]太可怜了抱着坐在窗边