༄༅།། རྣམ་ཐར་བསྡུས་པ།
དཔལ་ཡུལ་དར་ཐང་དགོན་གྱི་གདན་རབས་བདུན་པ་མཆོག་སྤྲུལ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ནི་ཡུལ་རྒྱལ་རོང་རྒྱལ་ཁ་བྷོ་ཏོར་ཡབ་ལོ་ཡེ་ཐེན་ཤིའུ་དང་། ཡུམ་སྨན་ཐར་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་རྟ་༡༨༩༤་བཞི་ལོར་སྐུ་འཁྲུངས། མགར་ཀློང་གཏེར་ཆེན་དང་། ཀོང་སྤྲུལ་བློ་གྲོས་མཐའ་ཡས། ལྷ་སྤྲུལ་རིན་པོ་ཆེ་རྣམས་ཀྱིས་གཟི་སྤྲུལ་འཇམ་དབྱངས་ཤེས་རབ་ཆོས་ཀྱི་སྣང་བའི་ཡང་སྤྲུལ་དུ་ངོས་འཛིན་གནང་། ཡོངས་འཛིན་བཀྲ་ཤིས་ཕུན་ཚོགས་དང་། ལྷ་སྤྲུལ། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ། རྒྱ་ར་འཇིགས་མེད་བློ་གྲོས་སོགས་ལས་སུམ་རྟགས་སྙན་ངག རྩིས་དཀར་ནག གཞུང་ཆེན་པོད་ལྔ་དང་། སྔགས་རྫོགས་སྐོར། དུས་འཁོར། བཀའ་བརྒྱུད་ཆོས་དྲུག་སོགས་གསར་རྙིང་རིས་མེད་ཀྱི་གཞུང་ལུགས་མཐའ་ཡས་པར་གསན་བསམ་ཉམས་བཞེས་དང་། འཇམ་དབྱངས་དཀར་པོས་ཞལ་གཟིགས་པས་མཁྱེན་པའི་རྩལ་འབར་ཏེ་མཁས་པའི་ཁྱུ་མཆོག་ཏུ་གྱུར། དགུང་གྲངས་ཉེར་གཉིས་པར་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་ལས་བསྙེན་པར་རྫོགས་ནས་འདུལ་འཛིན་ཉེ་བ་འཁོར་གཉིས་པར་གྲགས། གྲུབ་དབང་དཔལ་ཆེན་འདུས་པ་ལས་རྫོགས་ཆེན་སྙན་བརྒྱུད་དང་། གཏེར་མཛོད་སོགས་བཀའ་གཏེར་མཐའ་ཡས་པར་གསན་བསམ་བསྙེན་སྒྲུབ་མཛད་པས་ཡི་དམ་ལྷ་སོ་སོའི་ཞལ་གཟིགས་ལུང་བསྟན་ཐོབ། དར་ཐང་གི་བསྟན་པའི་ཁུར་བཞེས་ནས་དབྱར་ཚུལ་ཆེན་མོ་དང་། ཐོས་བསམ་གླིང་གསར་འཛུགས་མཛད། རང་དགོན་དང་མ་དགོན་གཉིས་གཙོས་པའི་གོ་འཇོ་དང་། རྡོ་སྙི་གསེར་གསུམ། ལི་གཙང་ཧོར་ཁོག། རྔ་བ། རྒྱལ་རོང་སོགས་ཀྱི་སྡེ་དགོན་ཐམས་ཅད་ལ་དབང་ལུང་ཁྲིད་གསུམ་དང་། རབ་བྱུང་བསྙེན་རྫོགས་བསྒྲུབས་པ། དགེ་སྒྲུབ་སྡིག་སྤངས་སོགས་ཀྱི་ཆོས་ཆར་བསྩལ། ཕྱོགས་ཀྱི་དགོན་སྡེ་སོ་སོས་ཀྱང་གྲྭ་གྲངས་བརྒྱད་སྟོང་ལྷག་གི་གྲྭ་འབུལ་དང་། དགོན་མགོ་ཕུལ། པཎ་ཆེན་སྐུ་ཕྲེང་དགུ་པར་མཇལ་སྟེ་སྔོན་རྒྱ་ནག་ཏུ་བཞུགས་སྐབས་ཞུ་ཡིག་བསྐུར་ཚུལ་སོགས་ཞུས་པར་བཀུར་བཟོ་ཚད་མེད་ཀྱིས་མེར་གན་མཁན་པོའི་གོ་མིང་དང་། གསེར་ཡིག། གསེར་ཐམ། སོག་ཆས་མཚལ་གྱི་ཕྱག་ཐམ་ཅན་དང་། ཆབ་མདོ་ཡན་ནས་འུ་ལག་གིས་བསུ་དགོས་པའི་བཀའ་ཤོག་དང་། ཁྱེད་ལྟ་བུའི་གྲུབ་མཐའ་རིས་མེད་ལ་མཁས་ཤིང་ཐུགས་བསྐྱེད་གནང་མཁན་ནི་ཉིན་སྐར་ཙམ་ཞེས་བསྔགས་བརྗོད་གནང་། ཕྱིས་སུ་ལྷ་ལྡན་དུ་ཕེབས་སྐབས་ཆབ་མདོ་ཡན་ནས་འུ་ལག་གིས་སྐྱེལ་བསུ་དང་། ནག་ཆུར་སེ་རའི་ཚ་བ་ཁམས་ཚན་གྱིས་སེར་བསུ་བྱས། དབུས་གཙང་ཕྱོགས་ཀྱི་རྙིང་དགོན་ཀུན་ལ་ཆོས་བཀའ་གནང་། སེ་ར་དགོན་གཞུང་ནས་ཆིབས་བསུ་དང་། བོད་གཞུང་དང་། སེ་ར་དགོན་ནས་སེ་ར་མཁན་པོའི་གོ་མིང་དང་འཇའ་ས་ཕུལ། མ་དགོན་དུ་གཏེར་མཛོད་གསུངས་ཤིང་གྲུབ་དབང་པད་ནོར་རིན་པོ་ཆེ་བསྟན་བདག་ཏུ་མངའ་གསོལ་མཛད། རང་དགོན་དུ་མཆོག་སྤྲུལ་ཐུབ་བསྟན་གར་དབང་ཉིན་བྱེད་སོགས་སྐྱེ་སྤྲུལ་མང་པོ་ངོས་འཛིན་མཛད་། མདོར་ན་ཡུལ་ཁམས་ཆོས་ལ་བསྒྱུར་བའི་མཛད་པ་ཁོ་ན་བསྐྱངས། མཐར་དགུང་གྲངས་རེ་ལྔ་པ་རབ་རྒྱན་ས་ཁྱི་ལོ་་༡༩༥༨་ལོར་དུས་འགྱུར་སྐབས་སྐུ་གཤེགས། ལྗགས་རྩོམ་ལྷག་བསྡུས་པོད་གཅིག་དང་། ཞལ་སློབ་ལ་སྔ་འགྱུར་བསྟན་པའི་མངའ་བདག་གྲུབ་དབང་པད་ནོར་རིན་པོ་ཆེ་དང་། ཀཿཐོག་མཁན་ཆེན་ལེགས་བཤད་འབྱོར་ལྡན། ཨ་པང་གཏེར་ཆེན་དཔའ་བོ་ཆོས་དབྱིངས་རྡོ་རྗེ། གཏེར་སྲས་རྡོ་རྗེ་དགྲ་འདུལ། ཨར་སྐུང་མཁན་བློ་བཟང་རྡོ་རྗེ། གདོང་ངེ་མཁན་པོ་འཇིགས་མེད་དཀོན་མཆོག སྐུ་ཆེན་རིན་པོ་ཆེ་ཀརྨ་ཐེག་མཆོག་སྙིང་པོ་དྲི་མེད་ཡོངས་གྲུབ། ཀཿཐོག་མཁན་པོ་མཁྱེན་བརྩེ་བློ་གྲོས། མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་རབ་རྩལ། དཔལ་ཡུལ་ཆགས་མེད་སྤྲུལ་སྐུ་ཀུན་བཟང་རྡོ་རྗེ། དཔལ་ཡུལ་མཁན་པོ་བློ་གྲོས། སྐྱབས་རྗེ་ཐུབ་བསྟན་གར་དབང་ཉིན་བྱེད། རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོ། ཀྱང་ཁང་སྤྲུལ་ཐུབ་བསྟན་དཔལ་བཟང་། སྒྱེ་བྲོ་དབོན་པོ་པདྨ་བསམ་གྲུབ་རྡོ་རྗེ། ཁང་སར་བསྟན་པའི་དབང་ཕྱུག མགར་ཀློང་པདྨ་བདེ་ཆེན་མཁའ་ཀློང་ཡང་པ། དར་ཐང་སྤྲུལ་ཀུན་དགའ་དགེ་ལེགས་ཡེ་ཤེས་རྡོ་རྗེ། ཝ་ཤུལ་བླ་མ་བསོད་ནམས་མཁས་གྲུབ། དུང་དཀར་སྤྲུལ་སྐུ་ངེས་དོན་རྒྱ་མཚོ། ཤུག་སྒང་རྨ་སྤྲུལ་ཆོས་ཀྱི་ཉི་མ་སོགས་མཐའ་ཡས་སོ།།
རྒྱས་པར་དར་ཐང་གདན་རབས་གཟིགས་འཚལ།

བཞི་བརྒྱ་པ་ལས།
ཁྲོ་ཡང་འབྱུང་པོས་བཟུང་བ་ལ། །
སྨན་པ་འཁྲུག་པ་མིན་དེ་ལྟར། །
ཐུབ་པས་ཉོན་མོངས་དག་གཟིགས་ཀྱི། །
ཉོན་མོངས་དང་འབྲེལ་གང་ཟག་མིན།།ཞེས་གསུངས་སོ

བསྐལ་བ་དུ་མར༧རྗེ་བཙུན་ཙོང་ཁ་བ་ཆེན་པོས་རྗེས་སུ་འཛིན་པར་གྱུར་ཅིག སྒོ་གསུམ་སྤྱོད་ལམ་གྱི་དགེ་བ་ཅི་མཆིས་མཉམ་མེད་ཙོང་ཁ་བའི་ཐུགས་དགོངས་དང་མཐུན་པར་གྱུར་ཅིག [合十][合十][合十]


发布     👍 0 举报 写留言 🖊   
✋热门推荐
  • .紫外线常用于医疗设备,因为它的杀菌力度是最大最彻底的,可以破坏细菌的DNA,真正意义上的消毒。#母婴好物大赏# 身为四胎宝妈,家里的消毒工作真的少不了~以前没
  • 成年人好像开始做什么都变得小心翼翼畏手畏脚我总会安慰自己不管怎样,你只要做你自己就好了其实今天真的很不好我们确实不可能每天都是好的但是我还是想努力让它变得更好一
  • #联联周边游##副业刚需##网上兼职##邯郸新闻网# #新邯郸# 【村集体收入何以“破零”——对馆陶县农村集体土地清收暨重新发包工作的调查】农村集体收入薄弱是广
  • 在每一个充满希望的清晨,告诉自己:努力付出,就总能遇见更好的自己!你一定不知道自己的微笑,可以拯救我的全世界。
  • #Amazing Thailand##网红景点##有品有质游泰国#出生在重庆,在家乡读了20年书毕业后来到上海工作,一晃,又是3年了冬天似乎从没逃离过这种湿冷的
  • 烟台经济技术开发区已第一时间对涉疫产品全部进行封存,对相关企业及周边全部进行消杀,对追踪到的该批产品密切接触者全部进行集中隔... 8月9日,烟台经济技术开发区
  • 希望大家可以對自己的決定負起責任感謝理解和支持謝謝#高嘉朗[超话]# [给你小心心]#高嘉朗 各自安好# [给你小心心]#高嘉朗首张EP# 关于本次EP的使用方
  • #邓伦1021生日快乐#[羞嗒嗒] #邓伦在一起# [羞嗒嗒]灯芯一生一世1021音乐带我们走进了谢童的世界,伤心的过去,治愈的力量,坦诚的话语,谢童认真地说
  • ”不赞同 在我看来 真正让你有力量 且可以正向引导你的 是真实与真诚 勇于表达内心的想法 不被他人的言论左右 不被世俗观念推着走 当你勇于做自己 不再用别人的标
  • #怀念的人儿#不记得从什么时候开始,晚上不开小夜灯,就睡的不踏实。 也许从你的离开,还清晰的记得,要送你走的那个夜晚,我躺在你的房间,躺在你经常靠的凉椅上,透过
  • #工商点歌台##温情点歌,温暖常在#朋友不一定常常联系,但也不会忘记,每次偶尔念起,还是感觉那么温暖、那么亲切、那么柔情;朋友是把关怀放在心里,把关注藏在眼底;
  • 最随着光芒,丰富自己的人生! ​[打call][打call][打call]#咒术回战# 剧透预警!“有毅力,多努力,尽全力”是你胜利的前提!最终的胜利往往属于坚
  • Woozi李知勋韩国著作权协会正式会员17制作人釜山钢铁猫撒娇什么的最辛苦了却又做得超级好唱商技巧A级舞蹈表现A级表情管理A级的3A优异生是草莓小甜饼也是超A一
  • 这是“光明之眼”在光明文化艺术中心项目启幕前夕的一个傍晚,伴随着整个夏季南副热带季风气候带来的潮湿闷热,它在逐渐暗下来的夜晚中宁静注视着光明的未来。纵然夏季的
  • #WINNER[超话]# 喜欢WINNER的第四年了 当时第一次初见这个团是在《作战吧偶像》,是因为薛之谦去看的,虽然老薛和豆的那首怯,确实被老薛毁了,但是还是
  • 我在第一场比赛中登上了领奖台,第二场比赛拿到第五,这个成绩就足够我锁定年度冠军。小组赛还剩明日最后一天,锁定直播间观看比赛,为喜爱的队伍加油助威啦[打call]
  • 有点扯远了,我儿子还要听故事呢~分享最近车商拿的骚东西[二哈]这台光冈我是第一次见实车…而且它的名字也很有意思叫女王[跪了] 这车子真的骚~在日本卖一个雅阁的钱
  • 色彩是可以影响一个人的感官情绪的,它也同样可以展现你的个性和品位。它是中华民族最喜爱的颜色,高度概括着龙的传人生生不息的历史。
  • 然而很多‮都人‬忽略‮房乳‬病变前‮信的‬号⬇​‎ ͏ ①经期‮乳前‬房胀痛。仙恣清氧‮不衣‬仅美‮胸化‬部,还可以调‮预理‬防乳腺‮题问‬!
  • [小黄人坏笑][丘巴卡][太开心] 突然有一点感悟不管是回老家和家人热热闹闹的团聚还是和心爱的朋友们一起吃喝玩乐相聚结束的时候都有那么一丝失落生活一下子又回到