༈ ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །
གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །
གསེར་གྱི་ལྷུན་པོ་ལྟ་བུར་མཛེས་པའི་སྐུ། །
ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །

ཤཱཀྱ་མུ་ན།

མཆོག་གཅིག་བསམ་པ་གཅིག་པའི་སྙིང་ཉེ་བའི་ཆོས་གྲོགས་རྣམ་པ་ཚོ། སྐུ་ཁམས་བཟང་། འདིར་སྐབས་སུ་བབས་པའི་གཏམ། དུས་སུ་སྨིན་པའི་ཆར། ཟེར་བ་ལྟར་གལ་ཆེན་གྱི་དོན་ལ་ཞུ་བྱ་ཞིག་ལ། སྤྱིར་འཛམ་བུ་གླིང་འདིར་གཏན་ཁེལ་ཅན་གྱི་དུས་ཆེན་ལ་དགེ་རྒན་དུས་ཆེན། མ་ཡུམ་དུས་ཆེན། བྱིས་པའི་དུས་ཆེན་སོགས་ཤིན་ཏུ་མང་ནའང་། ང་ཚོ་ནང་པ་སངས་རྒྱས་པའི་ངོས་ནས་བཤད་ན་དེ་དག་ཐམས་ཅད་ལས་ཀྱང་རྩ་བར་གནས་པ། གཙོ་བོར་བཞུགས་པ། མཆོག་ཏུ་གྱུར་པ་ནི་འཛམ་གླིང་སངས་རྒྱས་དུས་ཆེན་ནམ་ས་ག་ཟླ་བའི་དུས་ཆེན་སུམ་འཛོམས་འདི་ཡིན་དགོས་པ་རེད། འདི་ལ་བསྲུང་རྩི་བཟོ་བ་དང་དུས་མཆོད་འབུལ་བ་ནི་མཛད་སྒོ་དང་བྱ་འགུལ་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུ་ཞིག་ཏུ་ཆགས་ཡོད། དུས་མཆོད་འདི་ནི། སྟོན་པའི་འཁོར་རྣམ་པ་བཞིས་བསྡུས་པའི་ནང་པ་སངས་རྒྱས་པ་ཐམས་ཅད་བསམ་བློའི་ཁ་ཕྱོགས་གཅིག་གྱུར་འོང་བྱེད། གྲུབ་མཐའ་དང་ཆོས་བརྒྱུད་ཁག་མི་འདྲ་བ་རྣམས་འདྲ་མཉམ་བཟོ་བྱེད། ཡུལ་ཕྱོགས་སོ་སོ་ནས་སངས་རྒྱས་པ་ཚོའི་སྟོབས་ཤུགས་ནུས་པ་ གཅིག་ཏུ་བསྒྲིལ་བྱེད་དངོས་མ་དེ་ཡིན་པར་མ་ཟད་རླབས་ཆེ་བའི་ཚོགས་བསགས་ཀྱི་སྒོ་གཅིག་པུར་གྱུར་པ། རྒྱ་ཆེ་བའི་གཞན་སེམས་ཅན་མང་པོ་ལ་ཕན་དང་བདེ་བའི་གོ་འཕང་བསྐྲུན་པའི་ས་བོན་དང་རྨིངས་གཞི་ལྟ་བུ་ཞིག་ཏུ་སོང་འདུག་ཡོད། དེ་ནི་ནང་པ་ཐམས་ཅད་ཀྱིས་ཆེས་གལ་ཆེན་གྱི་དོན་ཞིག་ཡིན་པ་ལ་དེ་ལྟར་ཡིན་པར་ངོ་ཤེས་དགོས། ཤེས་པ་ཙམ་གྱིས་མི་འོང་བས་ནམ་ཡང་བརྗེད་མི་ཉན། མ་བརྗེད་པ་ཙམ་གྱིས་མ་ཚད་པར་དངོས་སུ་ལག་ལེན་དུ་འདེབས་དགོས་ངེས་ཡིན། དེ་ཡང་འདུལ་བ་ཚིག་ལེའུར་བྱས་པ་ལས།

འཇིག་རྟེན་མགོན་པོས་འཇིག་རྟེན་གྱི། །ཡམས་ཀྱི་འཚེ་བ་ཞི་བྱའི་ཕྱིར། །སངས་རྒྱས་སྐུ་གཟུགས་གྲོང་སོགས་སུ། །སྤྱན་དྲང་བར་ནི་གསུངས་པ་ཡིན། །དེར་ནི་ཆག་ཆག་བྱུག་པ་དང་། །སྲང་གི་བཞི་མདོར་ས་གཞི་ལ། །སྣ་ཚོགས་མེ་ཏོག་བཀོད་པ་ཡིས། །རབ་ཏུ་མཛེས་པར་བྱ་བ་ཡིན། །ཙནྡན་ཨ་གར་ག་པུར་གྱི། །བདུག་སྤོས་ཀུན་ནས་དབུལ་བར་བྱ། །ཕྱོགས་ཀྱི་སྒོ་ནས་དྲི་ཞིམ་དག །དལ་ཞིང་དལ་བའི་རླུང་གིས་བསྐྱོད། །སྒྲ་ཆེན་པ་ཊ་ཧ་དག་དང་། །འཁར་རྔ་ཏིང་ཏིང་ཤག་སོགས་སྒྲ། །རྒྱུན་དུ་འབྲུག་སྒྲ་ལྟ་བུ་ཡི། །སྒྲ་ཡི་ཚོགས་རྣམས་རྗེས་སུ་བསྒྲག །ཡང་ཡང་དལ་བ་མེད་པར་ནི། །ནམ་མཁའི་ཁམས་ནི་གང་བ་ཡི། །གྲངས་མང་རོལ་ཆ་སྣ་ཚོགས་དང་། །གསལ་པོར་དགའ་སྟོན་ཆེན་པོ་བྱ། །རྒྱལ་མཚན་རྣམས་ནི་ཚར་དུ་ཡང་། །དངར་རོ་དེ་ཡང་རྣམ་པ་ལྔ། །མཁའ་ལྡིང་སེང་གེ་ཆུ་སྲིན་དང་། །ཁྱུ་མཆོག་གླང་པོ་ཞེས་བྱ་ཉིད། །རབ་བྱུང་ཆེན་པོ་རྣམས་ཀྱིས་ནི། །ཁྱིམ་པའི་འཁོར་རྣམས་ལ་ནི་སྦྱར། །ཀུན་མཁྱེན་གྲོང་དུ་གཤེགས་པ་ན། །དེ་འདྲ་ལ་སོགས་བསྒྲུབ་པར་བྱ། །དེ་ནས་སངས་རྒྱས་མདུན་བདར་ཏེ། །མཐོང་བར་དགའ་བའི་སེམས་པ་ཡིས། །ཀླུ་དང་གནོད་སྦྱིན་ལ་སོགས་པའི། །འཇིགས་པ་ཟད་པར་སེལ་བ་ཡིན། །ཞེས་སྟོན་པ་རྗེས་དྲན་གྱི་དུས་མཆོད་སྤེལ་དགོས་པ་དང་། དེ་ཇི་ལྟར་འཚོགས་པའི་ཚུལ་དང་། དེ་ལྟར་འཚོགས་པས་ཡམས་ནད་སོགས་ནད་ཀྱི་རིགས་ཀུན་ཞི་བར་འགྱུར་བ་དང་། ཀླུ་དང་གནོད་སྦྱིན་དང་དམག་འཁྲུག་གི་འཇིགས་པ་སོགས་འཇིགས་པ་ཐམས་ཅད་སེལ་བའི་དགོས་པ་བཅས་བསྟན་པའོ། །

མ་ཟད་སྤྱི་ལོ་༡༩༩༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ཐོག་ནས་སྤྱི་ཟླ་ལྔ་པའི་ཟླ་བ་ཉ་ལ་བབས་པའི་དུས་སམ། བོད་རྩིས་ཀྱིས་ས་ག་ཟླ་བའི་ཚེས་༡༥ ལ་འཛམ་གླིང་སངས་རྒྱས་དུས་ཆེན་དུ་གྲོས་ཐག་བཅད་ཅིང་གཏན་འབེབས་བྱས་པ་རེད། འོན་ཀྱང་ཟླ་ལྷག་གི་དབང་གིས་བོད་ཆུ་ཕོ་སྟག་གི་ལོ་ འདིའི་ཟླ་གསུམ་པའི་ཚེས་༡༥ ལ་འཛམ་གླིང་སངས་རྒྱས་དུས་ཆེན་དུ་ཁེལ་འདུག་པས།

དུས་ཚོད་སྐར་མ་ཁ་ཤས་ཞིག་གིས་འཛམ་གླིང་དུ་སངས་རྒྱས་ཀྱི་རྗེས་འཇུག་ཡོད་དོ་ཅོག་གིས་སངས་རྒྱས་མཆོད་པའི་ཚོགས་བསགས་རྒྱ་ཆེན་པོ་ཞིག་མཉམ་དུ་འཐོབ་པར་འདོད་ནས་བཟུང་ད་ལྟ་ནས་མི་རེས་མེ་ཏོག་རེ་ཙམ་སྟ་གོན་གྱི་ཚུལ་དུ་གྲ་སྒྲིགས་བྱས་ལ་རྒྱལ་སྤྱིའི་སངས་རྒྱས་དུས་ཆེན་ལ་སྒོ་གསུམ་དད་གུས་ཀྱིས་ཞུགས་དགོས་པས་མ་ཚད།

རླབས་ཆེན་པོའི་བསོད་ནམས་གསོག་པའི་གོ་སྐབས་འདི་འདྲ་ཡང་དང་ཡང་དུ་རྙེད་པར་དཀའ་བ་ཤེས་ནས་བྱེ་བྲག་བོད་ས་ག་ཟླ་བའི་ཚེས་༡༥ ལ་ཡང་སྟོན་པ་རྗེས་དྲན་གྱི་དུས་མཆོད་རྒྱས་བསྡུས་གང་ནུས་རེ་རྒྱུན་ལྡན་ལྟར་འཚོགས་རྒྱུ་འོང་བར་མཁྱེན་མཁྱེན་མཁྱེན།

འཛམ་གླིང་སངས་རྒྱས་དུས་ཆེན་ནམ་ས་ག་ཟླ་བའི་སྟོན་པ་རྗེས་དྲན་དུས་མཆོད་འདི་ལོ་རེ་ནས་ལོ་རེ་བཞིན་ཇེ་བཟང་དང་ཇེ་རྒྱས་འོང་བ་ཞིག་སྲས་བཅས་རྒྱལ་བ་རྣམས་ཀྱིས་བྱིན་གྱིས་བརླབ་པར་མཛད་དུ་གསོལ་ཞེས་སྙིང་ནས་གསོལ་བ་འདེབས་པ་དང་ཆབ་གཅིག་དེ་ལྟར་གཅིག་གྱུར་དང་ཡར་རྒྱས་འོང་བའི་སྨོན་འདུན་བཅས་ཕུལ།

ཕན་ཚུན་ལ་བརྒྱུད་སྐུལ་གང་མང་གནང་བར་ཞུ་ཞུ་ཞུ།



༈ ཁྱེད་ནི་བདག་གི་སྐྱབས་གནས་གཅིག་པུ་དང། །
​ཚེ་རབས་གཏན་གྱི་འདུན་མ་གཏད་ས་ཡིན། །
​ལུས་ངག་ཡིད་གསུམ་སྐད་ཅིག་མི་འབྲལ་བར།།
​བླ་མའི་གདམས་ངག་གསན་པ་བསོད་ནམས་ཆེ།།

༈ ཚུལ་ཁྲིམས་བློ་གྲོས་དངོས་གནས་“ལས་ངན”རེད།

ཟ་འོག་གོས་ཀྱིས་ཐིའུ་ཡིག་གཡོགས་པའི་དུས།།
ཉ་ཡི་གཤོག་པས་རྒྱུན་ཟས་གནང་བའི་དུས།།
ཕག་ཤ་རུལ་བ་ཙམ་ཡང་མ་རེག་པའི།།
ཚུལ་ཁྲིམས་བློ་གྲོས་དངོས་གནས་"བསོད་ཟད"རེད།།

རིག་མར་བསྙད་ནས་གཞས་མ་བཀུག་པའི་དུས།།
གྲོལ་ལམ་ཟེར་ནས་བཟའ་ཚང་གཏོར་བའི་དུས།།
དབུལ་མོ་ཁ་ཤོ་ཞིག་ཀྱང་མ་རྙེད་པའི།།
ཚུལ་ཁྲིམས་བློ་གྲོས་དངོས་གནས་"ཐབས་རྡུག"རེད།།

མུ་གེ་རྒྱ་གླིང་འབར་ནས་སྡིགས་པའི་དུས།།
རྒྱུག་ཁྱི་དག་ཀྱང་ཁྲོས་ནས་ཟུག་པའི་དུས།།
ཨ་ལན་ཚིག་འབྲུ་གཅིག་ཀྱང་མ་འཕྲོད་པའི།།
ཚུལ་ཁྲིམས་བློ་གྲོས་དངོས་གནས་"ལྐུགས་པ"རེད།།

ཨ་མྱེའི་སྤྲུལ་སྐུ་དབོན་པོས་མཛད་པའི་དུས།།
ཡང་སྲིད་ངོས་འཛིན་ཨ་ཕས་གནང་བའི་དུས།།
སྤྲུལ་མིང་ཆུང་ཆུང་ཞིག་ཀྱང་མ་ཐོབ་པའི།།
ཚུལ་ཁྲིམས་བློ་གྲོས་དངོས་གནས་"སྐྱོ་པོ"རེད།།

བཀའ་ཉན་ཕྱག་བརྙན་མང་ཉུང་འགྲན་པའི་དུས།།
གཡོག་ཀྱང་ཡང་གཡོག་ཚོགས་ཀྱིས་སྐོར་བའི་དུས།།
འགྲུལ་རོགས་གྲིབ་ནག་ཙམ་ཞིག་མ་ལོན་པའི།།
ཚུལ་ཁྲིམས་བློ་གྲོས་དངོས་གནས་"ནུས་མེད"རེད།།

སྤྲུལ་སྐུའི་མཚན་གནས་སྒོར་གྱིས་ཉོ་བའི་དུས།།
མཁན་པོའི་མིང་ལ་ཨུ་ཚུགས་ཆོག་པའི་དུས།།
དཀོར་བླ་ཐབས་ཆག་ཅིག་ཀྱང་མ་ཡིན་པའི།།
ཚུལ་ཁྲིམས་བློ་གྲོས་དངོས་གནས་"ལས་ངན"རེད།།

འབུམ་རམས་པས་ཀྱང་ཕ་སྐད་བརྗེད་པའི་དུས།།
བསྲེས་སྐད་སྐྱོན་ལ་འབྲོག་རྒན་ངར་བའི་དུས།།
རང་སྐད་ཆེད་དུ་མིག་ཆུ་གཏོང་བ་ཡི།།
ཚུལ་ཁྲིམས་བློ་གྲོས་དངོས་གནས་"སྡར་མ"རེད།།

ཆེན་པོ་རྣམ་པས་ཆོས་ལུགས་རྩོད་པའི་དུས།།
ཆུང་ཆུང་དག་ནི་རང་ཁ་མི་སོས་དུས།།
སྤྱི་ཐུག་ནང་ལ་སྒེར་ཚྭ་འདེབས་པ་ཡི།།
ཚུལ་ཁྲིམས་བློ་གྲོས་དངོས་གནས་"མདོ་མེད"རེད།།

སྲོག་བླུས་འཆུག་ཟེར་དགེ་སློང་ཁྲོས་པའི་དུས།།
དགེ་བཅུས་ཉེས་ཟེར་སྐྱ་བོས་དམོད་པའི་དུས།།
སློབ་གྲྭའི་དོན་དུ་དངུལ་བུན་གཡར་བ་ཡི།།
ཚུལ་ཁྲིམས་བློ་གྲོས་དངོས་གནས་"མཚར་པོ"རེད།།

ཨེ་ཛིའི་ནད་པས་སྨད་འཚོང་བཅའ་བའི་དུས།།
དགེ་རྒན་ཚོ་ཡང་ཤེས་བཞིན་མཆོང་བའི་དུས།།
པུས་མོ་བཙུགས་ཏེ་མདུན་ནས་བཀག་པ་ཡི།།
ཚུལ་ཁྲིམས་བློ་གྲོས་དངོས་གནས་"གླེན་པ"རེད།།

ཕྱི་ནང་བར་ཆད་རླུང་ལྟར་འཚུབས་པའི་དུས།།
རིགས་ཀྱི་ངོ་བོ་གཞན་ལ་འགྱུར་བའི་དུས།།
དབུགས་ཀྱི་ཐ་མས་ཁ་སོ་བསྡམས་པ་ཡི།།
ཚུལ་ཁྲིམས་བློ་གྲོས་དངོས་གནས་"སྨྱོན་པ"རེད།།

དག་སྒྲིག་བཅོས་སྐྱོང་བཙན་གྱིས་བྱས་པའི་དུས།།
མེ་མདའ་ཁུར་ནས་ཁྱིམ་ནས་ཕུད་པའི་དུས།།
དགེ་སྦྱོང་ཆོས་བཞིས་རང་ཉིད་བཅུན་པ་ཡི།།
ཚུལ་ཁྲིམས་བློ་གྲོས་དངོས་གནས་"བླ་འདར"རེད།།
༢༠༡༧/༢/༢ཉིན་བསོད་སྟོབས་ཀྱིས།
#慈诚罗珠堪布#
- https://t.cn/RIP5ZYz


发布     👍 0 举报 写留言 🖊   
✋热门推荐
  • 2022//09/29#冷月清晨三件事#2701/30001、调理身体[666][666][666]2、分享读书感受[让我看看][让我看看][让我看看]3、团队
  • 分享的女士说,别觉得是情绪或者直觉,一旦这件事进入了你的大脑,那就是一件大事了。 现在脱离了那样的环境,当然是希望再也不要回去,但也要求未来的自己如果有一天有
  • 开始整理手机的七七八八的东西了~来一波还在卖弄的暑假行~图1⃣️是壶口瀑布回来的路上玩一路听着保卫黄河一面哭着说要保卫国家建设国家回来的~图3⃣️是飞机上看的三
  • 还是在一起第一天的时候我发微博的那句话“没什么本事 也就是把喜欢的人变成了自己的男朋友 原来我喜欢的人原来也喜欢我”很喜欢和gxm聊一些杂七杂八的事情 sese
  • 能不能实现,否则可能陷入死循环而不知道,就像孙悟空觉得自己本事足够大,但还是跳不出如来佛的手心,那就提升认知个格局,修正方向。如果注意力精力旺盛是好事,但是方向
  • 中国首创 创客新零售教你卖货不求人  它是中国的首创,系统匹配陌生客户主动加你微信,主动转钱给你,追着你购买产品,它就是这么神奇无论你是做什么行业卖什么产品,客
  • 他就此假设,两段式生长曲线的出现,是因为细菌首先消耗的是原生就能适应的糖类,直到这种糖被消耗完,细菌才会转向其他次优选择的糖类。莫诺发现,第二段生长曲线是否出现
  • 哪里会一直成功呢,几次活动的失败,说明努力不够,方法不对,运气不好。我想做一个冷漠的赚钱机器,生活里做回自我就可以了。
  • 公公这是知道自己要喂奶,怕自己不方便,于是就在楼道等老公和婆婆回来! 也有网友说,我正为这事儿烦恼,我和父母同住,我爸天热就喜欢在家光膀子,我老婆觉得很尴尬!
  • #吉沢亮[超话]# CMを担当させて頂いているロッテさんには、毎作品差し入れを頂いておりますが、昨日も沢山のプレミアムガーナを #PICU小児集中治療室 スタジ
  • 他们的故事演绎的也是咱们的现实,预告看得我热血沸腾,已经提上追剧日程了~[憧憬]1976年出生的属龙女在2022年整体的发展不是很理想,由于凶星贯索的干扰,会给
  • 千语表示《一》片主要描述与家人的关系,最后带出的讯息令人有所反思,笑言最有得着是要对妈咪有耐性,“阿妈不易做,可能我是一个比较钟意反省的人,会想别人做得好,自己
  • “嘉靖中,知太湖,务以德化民,辟讲堂,与诸生明对圣学,公事亦多决于其中。“夫先生去湖几二十余年矣,士民见其像欢欣鼓舞,犹不忍离。
  • 还是喜欢一些仪式感,很小很轻,在某一瞬间,气泡在杯沿破裂,瓜果丰盈,睡莲妩媚,钟意的香水影片,地毯边光影昏暗,像是少年时把喜欢一个人,作为心头大愿,饱满,热枕,
  • 如果你买了房子,只支付了30%的首付款,其余的70%房款都是银行贷款,如果你的贷款年限是30年,贷款这部分利息多的能吓死人,所以只要有房贷的朋友都会选择提前还房
  • 很喜欢的一句话,当善良遇到了善良,便是这世上最美的邂逅,当善良遇上了温柔,那便是人间绝配……15.要记得,你的改变,无关他人,是为了让自己变得更好,为了成就自己
  • 要活在当下,还要活的漂亮。德国拜耳拜灭士 蟑螂药 19.9~~德国拜耳拜灭士 蚂蚁药 19.9[月亮]生活的真谛,在于拿得起和放得下。
  • 5月20日,良好汽车租赁联手天津光合谷旅游度假区共同举办了“盛情夏日”良好汽车俱乐部江淮iEV新能源汽车自驾游。良好汽车俱乐部为客户精心准备了景区游玩、开心农场
  • 静静等待中你会被谁想起,心里有你的人无需提醒;迷茫难过时你会被谁珍惜;真正疼你的人不会离开。陪你欢笑的人很多,伴你落泪的人很少;人生就是这样,成功时的掌声易得,
  • 刚刚的汪小菲仿佛换了一个人,温柔地称呼大S为“熙媛”用词简洁有力,道歉果断,并且承诺会尽量弥补,就连网上所有的批评和嘲讽都通通就受。刚刚的汪小菲仿佛换了一个人,