༼དངོས་གྲུབ་གཉིས།༽
མཆོག་གི་དངོས་གྲུབ།
སངས་རྒྱས་ཀྱི་གོ་འཕང་སྟེ་སངས་རྒྱས་པ་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་མཆོག་གི་དངོས་གྲུབ་རྙེད་པ་སོགས་ཟེར།
ཐུན་མོང་གི་དངོས་གྲུབ་བརྒྱད།
༡.རིལ་བུའི་དངོས་གྲུབ། ༢.མིག་སྨན་གྱི་དངོས་གྲུབ། ༣.ས་འོག་གི་དངོས་གྲུབ། ༤.རལ་གྲིའི་དངོས་གྲུབ། ༥.རྐང་མགྱོགས་ཀྱི་དངོས་གྲུབ། ༦.མི་སྣང་བའི་དངོས་གྲུབ། ༧.འཆི་མེད་ཀྱི་དངོས་གྲུབ། ༨.ནད་འཇོམས་པའི་དངོས་གྲུབ་བཅས་བརྒྱད
མཆོག་གི་དངོས་གྲུབ།
སངས་རྒྱས་ཀྱི་གོ་འཕང་སྟེ་སངས་རྒྱས་པ་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་མཆོག་གི་དངོས་གྲུབ་རྙེད་པ་སོགས་ཟེར།
ཐུན་མོང་གི་དངོས་གྲུབ་བརྒྱད།
༡.རིལ་བུའི་དངོས་གྲུབ། ༢.མིག་སྨན་གྱི་དངོས་གྲུབ། ༣.ས་འོག་གི་དངོས་གྲུབ། ༤.རལ་གྲིའི་དངོས་གྲུབ། ༥.རྐང་མགྱོགས་ཀྱི་དངོས་གྲུབ། ༦.མི་སྣང་བའི་དངོས་གྲུབ། ༧.འཆི་མེད་ཀྱི་དངོས་གྲུབ། ༨.ནད་འཇོམས་པའི་དངོས་གྲུབ་བཅས་བརྒྱད
རྒན་བཀྲ་ཤིས་དཔལ་ལྡན་ལགས་ཀྱི་འཚོ་བའི་ཉམས་མྱོང་ཟབ་མོ་ལས་འཁྲུངས་པའི་ཤོག་གྲངས་བཞི་བརྒྱ་ལྷག་ཙམ་གྱི་བརྩམས་སྒྲུང་བདམས་སྒྲིག་ཡོངས་སུ་ལྟ་ཀློག་ཟིན་ནོ། དེབ་འདིར་ཁྱོན་བརྩམས་སྒྲུང་ལེགས་གྲས་ཁག་བཅོ་བརྒྱད་བཀོད་ཡོད་པ་དེ་དག་ནི། དེ་སྔོན་ཁོང་གི་སྒྲུང་གཏམ་༼ ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས་༽ཞེས་པའི་ནང་གི་སྒྲུང་རྩོམ་ཧྲག་སྒྲུག་བྱས་པའི་རྨང་གཞིའི་ཐོག་རྗེས་སུ་ཐར་ཐོར་སྤེལ་བའི་སྒྲུང་ཐུང་ལེགས་གྲས་ཁག་ཅིག་ཁ་སྣོན་བརྒྱབ་སྟེ་གྲུབ་པ་ཞིག་ཡིན་འདུག་ཅིང་བརྩམས་སྒྲུང་མང་ཆེ་བར་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་གོ་བཅུའི་ནང་བྲིས་པ་ཤ་སྟག་ཡིན་པས་ནང་དོན་མང་ཆེ་བར་སྲིད་ཇུས་ལྷུག་གཏོང་དང་བསྒྱུར་བཅོས་སྒོ་དབྱེ། གྲོང་གསེབ་ཏུ་ས་ཞིང་དུད་ཚང་ལ་གཉེར་སྐྱོང་འགན་གཙང་དང་ཕྱུགས་རིགས་སྒེར་བདག་སྐོར་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་དུས་རབས་ཀྱི་བརྗོད་དོན་མངོན་པར་གསལ་བའི་མཉམ་སྡེབ་ཀྱི་དྲན་ཤེས་ཤིག་ཡིན་འདུག་པས་ངོ་མ་སྒྱུ་རྩལ་གྱི་མྱོང་རོལ་དང་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་ངེས་ཅན་ཞིག་ལྡན་འདུག [虎爪比心]
༄༅།།དེ་རིང་ཕྱི་དྲོར་བཟོ་རིག་མཐར་ཕྱིན་འཛིན་གྲྭ་སྟེ་གཅིག་དགུ་བཟོ་རིག་འཛིན་གྲྭས་བསྒྲུབས་པའི་༼ཐང་གའི་བཤམས་སྟོན་འཇིག་རྟེན་ཀུན་གསལ་༽ཞེས་པའི་བཟོ་རིག་སྦྱངས་འབྲས་ཞུ་འབུལ་གྱི་ཡུལ་དངོས་ལས། སློབ་མ་ཚོས་དེ་སྔོན་ལོ་རིམ་དང་པོ་ནས་ད་ལྟའི་བར་དུ་བྲིས་པའི་སྲོལ་རྒྱུན་ཐང་ག་དང་དེང་རབས་རི་མོ་འདྲ་མིན་མང་པོ་ཞིག་མཐོང་ཞིང་། དེ་དག་ལས་རི་མོའི་རྣམ་གྲངས་མི་ཉུང་བ་ཞིག་གི་སྒྱུ་རྩལ་གྱིས་ཡིད་དབང་ཡང་འཕྲོག་ལ། བཟོ་རིག་ཆེད་སྦྱོང་དགེ་སློབ་ཚོས་ཡུན་རིང་འབད་བརྩོན་བྱས་པར་གྲུབ་འབྲས་མི་དམན་པ་ཐོབ་འདུག་བསམས་ནས་སེམས་པ་ཡང་དགའ་པོ་བྱུང་།
✋热门推荐