སེམས་མཐུན་ཆུང་འདྲིས་ཡིན་ན།།
བདུད་ཀྱིས་བར་དུ་བཅད་ཀྱང་།།
བྱ་བརྒྱ་གཤོག་ཐོག་ཡིན་རུང་།།
བསྐྱུར་བ་བློ་ཡིས་མི་ཐོངས།།
ཁྲེལ་གཞུང་ཡོད་པའི་མི་དེ།།
མི་ཁས་བསྐལ་བར་བདས་ཀྱང་།།
བརྩེ་བ་ཞེ་གཏིང་འཐིམ་པས།།
འགལ་འདོད་ཡིད་ལ་མ་འཁྲུངས།།
སྙིང་མཐུན་འུ་ཚོའི་བར་དུ།།
འཆི་བའི་བར་ཆད་མ་གཏོགས།།
ལས་ཀྱི་བདག་པོ་མེད་ཀྱང་།།
མི་སེམས་ཁ་ཡས་གོ་ལྡོག།
བདུད་ཀྱིས་བར་དུ་བཅད་ཀྱང་།།
བྱ་བརྒྱ་གཤོག་ཐོག་ཡིན་རུང་།།
བསྐྱུར་བ་བློ་ཡིས་མི་ཐོངས།།
ཁྲེལ་གཞུང་ཡོད་པའི་མི་དེ།།
མི་ཁས་བསྐལ་བར་བདས་ཀྱང་།།
བརྩེ་བ་ཞེ་གཏིང་འཐིམ་པས།།
འགལ་འདོད་ཡིད་ལ་མ་འཁྲུངས།།
སྙིང་མཐུན་འུ་ཚོའི་བར་དུ།།
འཆི་བའི་བར་ཆད་མ་གཏོགས།།
ལས་ཀྱི་བདག་པོ་མེད་ཀྱང་།།
མི་སེམས་ཁ་ཡས་གོ་ལྡོག།
རྗེ་བླ་མས།
དང་བོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།།
བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།
ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།
ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ།།
དང་བོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།།
བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།
ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།
ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ།།
ཤོར་བའི་སེམས་པ་རང་ག།
མ་ཤོར་མདོག་མདོག་གནང་གིས།།
ཟླ་བའི་འོད་ཟེར་ཡིན་ཟེར།།
དགོང་ཆར་སྔས་ལ་བསྙེས་འདུག །
ནམ་ཚོད་ཐིག་ཡོང་བསམ་སྟེ།།
བྱ་དེ་གསོ་རར་བསུས་པ།།
འབོད་དགོས་དུས་ལ་བབས་དུས།།
མ་ཤེས་མདོག་མདོག་གནང་གིས།།
མ་ཤོར་མདོག་མདོག་གནང་གིས།།
ཟླ་བའི་འོད་ཟེར་ཡིན་ཟེར།།
དགོང་ཆར་སྔས་ལ་བསྙེས་འདུག །
ནམ་ཚོད་ཐིག་ཡོང་བསམ་སྟེ།།
བྱ་དེ་གསོ་རར་བསུས་པ།།
འབོད་དགོས་དུས་ལ་བབས་དུས།།
མ་ཤེས་མདོག་མདོག་གནང་གིས།།
✋热门推荐