སྒོར་མོ་ཡོད་ན་ཚོད་ཚད་འཛོམས་སོང་བ་དང་། སྒོར་མོ་མེད་ན་ཡོད་ཚད་ཤོར་བ་ཨེ་ཡིན་ན།
ཁ་གསོ་རྒྱབ་འགེབས་ཆེད་དུ་སྒོར་མོ་འཚོལ་དགོས་ལ། ལྷག་ཏུ་བཟའ་མིའི་འཚོ་ཚིས་དོན་དུ་སྒོར་མོ་འཚོལ་ལོས་དགོས། དཀའ་སྤྱད་དང་སྡུག་རུས་མྱོང་མི་དགོས་པར་གྲོག་གནམ་ལྷུང་གིས་སྒོར་མོ་རྙེད་མི་ཡོང་བ་ཡང་བདེན། ཁ་གསོ་རྒྱབ་འགེབས་ཆེད་དུ་ཐབས་སྣ་ཚོགས་སྒོས་སྒོར་མོ་བཙལ་ན་ཡང་གནས་ལུགས་དང་མཐུན། རེད་དེ། སྒོར་མོ་ལས་བསམ་རྒྱུ་དྲན་རྒྱུ་ཅི་ཡང་མེད་ན་དེ་ནི་གནད་དོན་ཞིག་ཡིན། སྒོར་མོའི་དོན་དུ་ངོ་ཚ་དང་ཁྲེལ་མེད་ལ་ཞུགས། གཡོ་སྒྱུ་སྣ་ཚོགས་ལ་འབད། དྲང་སྤྱོད་དང་ཡིད་ཆེས། མགོ་རྣ་དང་རྩིས་ཐང་ཚང་མར་རྡོག་བརྫིས་བྱས་ཏེ། འུར་འུར་ཟིང་ཟིང་གིས་གནས་སྐབས་རེར་སྒོར་རྡོག་ཏོག་ཙམ་རྙེད་དུ་བཅུག་ཀྱང་། དོན་དུ་བཟང་སྤྱོད་ཀྱི་གོན་པ་རལ་ཏེ་གཅེར་བུར་ཁྱོད་རང་སྨྱོན་པའི་ལམ་དུ་ཞུགས་པ་ལས་ཅི་ཡང་མིན།
ཁྱོད་ལ་བསྟོད་འུར་འཐེན་མཁན་ཚང་མ་ཡང་ཤེས་རྨོངས་པ་དང་འདང་རྒྱག་ཅི་ཡང་མི་ཤེས་པའི་སྐབས་འཚོལ་བ་རྐྱང་རྐྱང་ཡིན། དམ་པ་རྣམས་ཀྱིས་རང་དང་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་སྲོག་དང་བསྡོས་ཏེ་སྲུང་ལ། མགོ་གཡོག་མགོ་སྐོར་དང་གཡོ་སྒྱུ་ཁྲམ་གསུམ་གྱིས་འཚོ་ཚིས་ཤིག་རྙེད་པ་ལས་དབུལ་པོར་གྱུར་ཏེ་མུ་གེས་ཤི་ན་དགའ་གསུང་སྲོལ་ཡོད། དེ་ཙམ་མ་ནུས་ཀྱང་བཟང་སྤྱོད་དང་མ་འགལ་བ། རང་དང་རང་གི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་མི་གནོད་པའི་འཚོ་བ་ཞིག་རོལ་ན་བཟང་། རྒྱུ་ནོར་ལ་ཧམ་པ་ཆེ་དྲགས་ན་མཇུག་འབྲས་རང་གི་མི་གཞི་དང་བདེ་ཐང་ཁྱིམ་མིའི་མཚན་སྙན་དང་ཕ་མའི་མགོ་རྣ་ཡོངས་རྫོགས་བརླག་རྒྱུ་དེའོ།།

སྙན་པའི་གྲགས་པ་ཐོབ་དགོས་པ་ལས་ངན་པའི་གྲགས་པ་ཐོབ་རུང་མཚར་རྒྱུ་མེད། ལུགས་དང་མཐུན་པའི་རྒྱུ་ནོར་འཚོལ་དགོས་པ་ལས་ལུགས་དང་འགལ་བའི་རྒྱུ་ནོར་ཐོབ་པ་ལ་དགེ་མཚན་ཅི་ཡང་མེད། སྡིག་མེད་ཆོས་དང་མཐུན་པའི་ཁ་ཟས་འཚོལ་དགོས་ན་དཀའ་ཡང་། མི་ཞིག་གི་མ་གཞིའི་ཚད་གཞི་ཡ་རབས་བཟང་སྤྱོད་དང་མཐུན་པའི་ཁ་ཟས་ཤིག་འཚོལ་རྒྱུ་གལ་ལོ། །འཇིག་རྟེན་མ་རབས་ཀྱིས་གང་ཡང་། རང་ཉིད་ཡ་རབས་ཀྱི་སྤྱོད་པར་འཇུག་ཅི་ཐུབ་བྱེད་དགོས་པ་ལས། འཇིག་རྟེན་མ་རབས་ཀྱིས་གང་དུས་རང་ཉིད་ཀྱང་མ་རབས་ནང་དུ་ཞུགས་པ་ནི་ལུགས་མ་ཡིན་ནོ།།

མིག་རྒྱང་ཐུང་ཞིང་བསམ་བློ་ནར་མ་སོན་པ་ཚོས། ཚང་མས་དེ་འདྲ་བྱེད་ཀྱིན་འདུག། ཁྱོད་ཀྱིས་ཀྱང་དེ་འདྲ་བྱེད་དགོས་རེད། དེ་འདྲ་བྱེད་ཐུབ་ན་བཟང་རབས་རྒྱན་རབས་ཀྱིས་སྐུལ་སློང་བྱེད་ཀྱིན་འདུག་པ་མཐོང་ཐོས་འདུག་མོད། དེ་ནི་གཡང་གཟར་ནས་གཡང་གཟར་དུ་འཁྲིད་བྱེད་ཀྱི་དམུས་ལོང་གི་སྐད་ཆ་ལས་ཡང་དག་པའི་ལམ་སྟོན་དུ་བཟུང་མི་རུང་ངོ་། །
རྒྱུ་ནོར་གལ་ལོས་ཆེ་སྟེ། མི་ཞིག་ལ་མཚོན་ན། དེ་ལས་ཀྱང་གལ་ཆེ་བ་ངོ་ཚ་ཁྲེལ་ཡོད། རྒྱུ་འབྲས་དྲང་བཞག་གི་བཟང་པོའི་སྤྱོད་པ་ཞིག་བརྩི་སྲུང་བྱེད་རྒྱུ་ཡོད་པ་ཤེས་དགོས། ལྟོ་ཟས་ཙམ་ལས་བསམ་རྒྱུ་དྲན་རྒྱུ་མེད་དུས། སྤུ་མེད་པ་ཡི་ཕག་པ་ལས་ཡར་མ་འཕགས་པའི་རྟགས་ཡིན། སྒོར་མོ་ཅན་ལ་ངོ་སོ་མཐོ་བ་དང་སྒུལ་ཤུགས་ཆེ་བ་བདེན་མོད། དེ་ནི་ཟོག་པོ་མི་ཡིས་ལྟ་སྟངས་ཙམ་ཡིན། མཚན་སྙན་ཅན་གྱི་ཕྱུག་བདག་ཚང་མ་ཡང་ཡ་རབས་བཟང་སྤྱོད་དང་མི་འགལ་བའི་ཐོག་ནས་ཡོང་བ་ལས། གཡོ་སྒྱུ་ཁྲམ་གསུམ་གྱི་ལམ་ནས་འོང་བ་མིན། ང་ཚོས་ཚོང་དང་ཁེ་ལས་ཅི་བསྒྲུབ་དགོས་ནའང་། གཡོ་སྒྱུ་ཁྲམ་གསུམ་ཞིག་དགོས་སྣང་ཤར་འདུག་པ་ནི། བསམ་བློ་མ་སྨིན་པའི་སྐྱོན་ཡིན།

དེས་ན་ཚང་མ་དུས་རབས་མཐུན་པ་བརྡ་འཕྲིན་དང་མཐུན་པར་བསྐྱོད་ཐུབ་ན་ལོས་མཚར་ཏེ། བཟང་པོ་དོར་ཞིང་ངན་པ་བསྡུས་ཏེ་ལམ་དུ་ཞུགས་ན་ཁེ་ཉེན་གང་གིས་ཆེ་བསམ་དགོས་པའི་ཚོད་རེད།

འཛི་གུར་ཀུམ་གྱིས།

སིངྒ་གླིང་ལ། མཁས་དབང་དགེ་ཆོས་ས་ཆ་འདིར་ལོ་གཅིག་དང་ཞག་མ་ཁ་ཤས་མ་ཚང་བའི་ཟླ་བ་བཞི་བསྡད། དེའི་རིང་ལ་ལྭ་བ་གཡང་ལུགས་ཤིག་གྱོན་ཏེ་རྒྱུ་འགྲུལ་ཁོ་ན་བྱས། ཕལ་ཆེར་གླིང་གང་པོ་བསྐོར་ཏེ་ལམ་ཡིག་བྲིས།

སིངྒ་ལའི་དགེ་སློང་དང་། ལྷ་ཁང་དང་། མཆོད་རྟེན་དང་། རི་མ་ལ་ཡ། སངས་རྒྱས་ཀྱི་ཞབས་རྗེས། སངས་རྒྱས་ཀྱི་ཚེམས། དེ་དང་དེ་དག་མང་དུ་བཤད་དེ་མིག་ལམ་དུ་ཁྲ་ལམ་ལམ་གྱིས་ཤར་ཡོང་བ་ཞིག་བཟོས་ཡོད།

རྒྱ་སྐད་དུ།

सिड्गल ལངྐ་།
བོད་སྐད་དུ།

སིངྒ་ལ།

སིང་གྷ་ལ།

སིང་རྒ་ལ།
དབྱིན་སྐད་དུ།

Sri Lanka
རྒྱ་ནག་སྐད་དུ། 斯里兰卡

མེ་སོན་གྱིས།

འཇིག་རྟེན་སྟེང་གི་ཆེས་མཚར་སྡུག་ལྡན་པའམ་
རང་འདོད་ཡིད་བྱེད་དང་བྲེལ་བའི་བརྩེ་བ་ནི་བྱང་ཆུབ་ཀྱི་སེམས་ཡིན།
དེ་ནི་ས་ལྒང་འདིར་མིའི་ལོ་རྒྱུས་ཡོད་པ་ནས་བཟུང
ཆེས་གཟི་བརྗིད་ལྡན་པའི་བསམ་བློ་དང་དུངས་སེམས་དེ་ཡིན་ནོ།།


མཁན་ཆེན་དམ་པ་ཚུལ་ཁྲིམས་བློ་གྲོས་ཀྱིས།


发布     👍 0 举报 写留言 🖊   
✋热门推荐
  • 以前梅西巅峰时一个赛季就能攻进50球,再加上苏亚雷斯,巴萨从来不缺进球机器。巴萨目前联赛头号射手是德佩,但他只有7个运动战进球。
  • 5. 不用对任何视奸和匿名骂你的人讲素质,我们阳间人没法跟阴间人讲素质,忍个屁,骂回去其实可以肆意发疯的感觉真的很好耶,我就是奇奇怪怪的人,从来不想乖也不想『正
  • ”店长黄珏介绍说,近两天顾客购买需求增量主要集中在蔬菜、水果、肉品、方便食品等民生必需品上。”店长黄珏介绍说,近两天顾客购买需求增量主要集中在蔬菜、水果、肉品、
  • .#Rachsdailylife##假期变美指南##plog#这是我的爱,收下吧,这是我的心,别打碎了,这是我的手,握住了。- PlogLockdown Dia
  • 旅程即将开始,Alfred Dunhill先生一大早便精心打扮起来,就连心爱的狗狗也不例外。#傲慢与偏见[电影]# 达西先生面对爱人的紧张和慌乱真是太真实太迷人
  • 87男丁卯壬子庚子辛亥77女丁巳乙巳庚午戊寅 86女丙寅丁酉癸未甲寅85男乙丑壬午己丑癸酉 95女乙亥庚辰乙亥丁亥 95男乙亥戊子戊子戊午 94男甲戌丙子戊子
  • 因为在家里排行老四,而且生活全由姐姐照顾,网友戏称像个“爷”于是结合排行,给隆国富起昵称“四爷”。汗出的那个厉害啊,直接用衣服擦[笑cry]老母亲偶尔也参与一下
  • #赵露思且试天下#zls#赵露思白风夕#看完且试真的很难不爱白风夕,很多人可能注意到的是她有着像风一样的自由,但我们风夕也有着风一样的温柔,她会关心安慰小师妹,
  • 香域滨江五月回馈季】香域滨江客户,于2022年5月1日-31日期间[礼物]老带新额外金喜推荐新成交公寓、商铺等产品赠送价值3000-8000元购物卡[礼物]置业
  • 而张纪中也是用心地对待妻子,爱就是这样,有来有回,方能长久。而张纪中也是用心地对待妻子,爱就是这样,有来有回,方能长久。
  •   假期首日(4月30日)上午时段,路网出行小高峰;省城太原和周边放射状高速路段面临较大压力,以下路段车流量处于高位运行的状态,易发拥挤。假期前日(4月29日)
  • 【#比赛强度有差距,坚持上半场的踢法本可以战胜对手#】05月04日讯 在比利亚雷亚尔2-3不敌利物浦赛后,卡普埃接受了Canal+的采访,他表示如果球队坚持上半
  • 【云南省未来24小时天气预报】4月17日08时-4月18日08时:迪庆北部阴有中到大雪,怒江北部、迪庆西部、曲靖、红河南部、普洱东部、西双版纳多云间阴有中到大雨
  • 越今朝:(摇头)你这样的傻瓜,我还期待你说出什么惊人的话来……(摸摸祈的头)算了,不是哥哥就好。#电视剧祈今朝[超话]#越今朝:(犹豫)祈,对你来说……我是什么
  • 面对同龄人还在天天月光族剁手买东西的时候,他们已经默默开启了理财计划,同龄人还在天天熬夜追剧的时候他们已经拥有了自己的第二职业,他们将自己的人生规划提上了日程。
  • 电视上报道着最新的新闻:据观察,有人发现空中有不明生物飞过。电视上报道着最新的新闻:据观察,有人发现空中有不明生物飞过。
  • 可是生活不就是这样吗,总有很多温暖的人,温暖的事,当然,又怎么会有人被所有人喜欢。比如,无意中发现了VCD那个老古董还能播放,又无意中发现前段时间燕子的~光盘好
  • ◻️后来她找到我了解正畸改善程度,我也认为正颌手术对她的改善是Zui大的,但也清楚她的诉求点,所以在面诊中我和她沟通得很清楚,我能通过正畸改变什么,不能改变什么
  • 这个名叫雀德的木匠确实有两下子,现在墙的顶端搭起了木架,然后又装上了一些木轮,木轮上又缠上些绳索,其他工匠都很好奇他要干什么,等雀德将一切整理完毕,示意过来两个
  • ……”昨日上午,伴随着朝气蓬勃的大自然操《舞颂大自然》以“生命教育与学校美育”为主题,中国陶行知研究会生命教育专业委员会第三期生命教育骨干教师培训在深圳市龙华新