༢༤ ༼གཙུག་གཡུ༽
སྒྲུང་རིང་འདིའི་ལེའུ་ཁ་ཤས་མཐོ་འབྲིང་གི་བསླབ་དེབ་ཏུ་བཀོད་ཡོད། སྐབས་དེར་ཨ་ཕ་ཕུན་ཚོགས་ཀྱིས་བུ་ལ་བཞག་པའི་ཁ་ཆེམས་སུ་ངེས་པར་དུ་སྲུ་མོ་རྙེད་པ་བྱ་དགོས་ཟེར་ལ། བུ་དཔལ་ལྡན་གྱིས་ཀྱང་ཕ་མའི་དགྲ་ཤ་ལེན་རྒྱུའི་དམ་བཅའ་བཞག ཡིན་ཡང་། སྐབས་དེར་སྒྲུང་དེབ་ཆ་ཚང་མ་རྙེད་པས་ཕྱིའི་གཏམ་རྒྱུད་ཀྱི་འཕྲོ་ཆད་སོང་། ཉེ་ཆར་ཐོག་མའི་སེམས་ཕམ་འདི་གསབ་ཆེད། སྒྲུང་གཏམ་གྱི་འཕྲོ་མུ་མཐུད་དུ་ཀློག་རྒྱུ་བྱུང་། ཡིན་ནའང་བརྩམས་སྒྲུང་གི་མཇུག་འབྲས་ནི་མི་རྣམས་ལ་སྔར་བས་ཀྱང་བློ་ཕམ་པ་ཞིག་རེད། མི་ངན་ལ་དབང་སྤྲད་ན། བསྟན་པ་འགོ་ནས་བཤིག་ཅེས་པ་ལྟར། དབང་ཤུགས་ཡོད་ལ་ཁོག་པ་ཡང་གཡོ་སྒྱུས་ཁེངས་པའི་སྐུ་དྲག་ཞིག་ལ་མཚོན་ན་དཔལ་ལྡན་ལྟ་བུའི་སྤྱི་འབངས་ཕལ་བ་ཞིག་གི་མི་ཚེ་བརླག་རྒྱུ་ནི་ལས་སླ་བོ་ཞིག་རེད། དཀོན་མཆོག་གསུམ་ལ་སྨོན་ལམ་ཅི་འདྲ་བཏབ་རུང་། དཀའ་སྡུག་གི་མི་ཚེའི་བཤུལ་ལམ་ཁྲོད་ནས་དཔལ་ལྡན་གྱི་གས་ཁ་ཤོར་བའི་འཁྱག་གྲང་གྲང་གི་སྙིང་ཁ་དེ་གསོ་ག་ལ་ཐུབ། དེས་ཁོ་དང་ཁོ་མོ་འདྲ་བའི་མི་བུ་ཕལ་བ་མང་པོས་སྣེ་མི་མངོན་པའི་ཀྱག་ཀྱོག་གི་ལམ་ཆེན་དུ་རིམ་གྱིས་གཤེགས་ཏེ་མཐར་སོ་སོའི་མཐོང་སྣང་གི་ཡུལ་ལས་འདས་པར་གྱུར།

ང་རང༼སྤྲིན་གྱི་ཕོ་ཉ༽བཀླག་པར་ཧ་ཅང་དགའ་པོ་ཡོད། ལྷག་པར་དུ་དཔལ་ལྡན་ཀཱ་ལི་ད་སའམ་ནག་མོ་ཁོལ་གྱི་མི་གཤིས་ལ་དགའ་བོ་ཡོད། གཅེས་པའི་ཚེ་སྲོག་ཕྲལ་ལ་ཁད་དང་། སྙིང་ཉེ་བའི་དགའ་མ་བོར་བའི་གནད་འགག་གི་དུས་སྐབས་སུའང་། རྗེ་བོ་ལ་གློ་དཀར་ཞིང་ངོ་མི་ལོག་པའི་གཏན་ཚིགས་དེ་ནི། དཔལ་ལྡན་ནག་མོ་ཁོལ་གྱི་མི་གཤིས་དང་སྙན་ངག་ལྷན་དུ་བཞུས་པའི༼སྤྲིན་གྱི་ཕོ་ཉ༽ཡི་གཞུང་བཟང་དེ་ཡིན་ལ། སྙན་ངག་གི་བསྟན་བཅོས་འདི་ནི་ལོ་ཆེན་བྱང་ཆུབ་རྩེ་མོ༼༡༣༠༣-༡༣༨༠༽མཆོག་གིས་རང་རེའི་བོད་ཀྱི་སྐད་དུ་འགྱུར་གནང་ཞིང་། སྤོ་རོང་འབྲོག་སྡེ་ཆེན་མོའི་བོ་དོང་ཕྱོགས་ལས་རྣམ་རྒྱལ༼༡༣༧༦-༡༤༥༢༽མཆོག་གིས༼སྤྲིན་གྱི་ཕོ་ཉ༽ཡི་གཞུང་འདི་ལ་མཆན་བུ་ནག་འགྲོས་སུ་བཀོད་ཡོད། དེ་རྗེས་ཇོ་མོ་ནང་པ་ཏཱ་ར་ནཱ་ཐ༼༡༣༥༧-༡༦༣༤༽མཆོག་གིས་ཀྱང་རྩེད་མཚར་གྱི་ཚུལ་དུ་ཅུང་བསྒྱུར་ཞིང་འཕྲོར་ལུས་མོད། དེ་ནི་ཕལ་ཆེར་ལོ་ཆེན་བྱང་ཆུབ་རྩེ་མོས་འགྱུར་གཟིགས་ནས་བསྐྱར་དུ་བསྒྱུར་ན་དགོས་པ་མེད་པས་བཤོལ་བ་འདྲ་ལགས། ༼སྤྲིན་གྱི་ཕོ་ཉ༽ཡི་མཛད་པ་པོ་ཀཱ་ལི་ད་སའམ་ནག་མོ་ཁོལ་བའི་ལོ་རྒྱུས་ནི། དུས་རབས་བཅུ་དྲུག་པར་གཙང་སྟོད་འདར་ནས་ཡིན་ཞིང་། འདར་སྟོད་དགྲ་འདུལ་བཟང་པོས་མཛད་པའི༼ཐ་སྙད་རིག་གནས་ཀྱི་བྱུང་བ་ནོར་བུའི་ཕྲེང་བ༽རུ་འཁོད་པའི་ལོ་རྒྱུས་འདི་ལས་གསལ་བོ་ཅང་མཐོང་མ་མྱོང་ལ། འདི་ནི་སྔ་རབས་མཁས་པས་ནག་མོ་ཁོལ་གྱི་ལོ་རྒྱུས་བཀོད་པ་ཅུང་ཟད་རྒྱས་ཤོས་དེ་ཡིན་ཞིང་། ལོ་ཙཱ་བ་གང་ཉིད་ཀྱིས་ཕལ་ཆེར་ལེགས་སྦྱར་གྱི་ལོ་རྒྱུས་ཤིག་ནས་བོད་སྐད་ལ་འགྱུར་ཏེ་བཀོད་པ་ཞིག་རེད་སྙམ། གཞན་ཡང་ཉེ་དུས་ཀྱི་མཁས་དབང་བཤད་སྒྲུབ་རྒྱ་མཚོ་བདེ་གཤེགས་ཚང་དང་དོར་ཞི་རིན་པོ་ཆེ། ནོར་བྲང་ཨུ་རྒྱན་མཆོག རཀ་ར་བཀྲས་མཐོང་ལགས་བཅས་ལའང༼སྤྲིན་གྱི་ཕོ་ཉ༽ཡི་མཆན་བུ་དང་འགྲེལ་བ་སོགས་བཞུགས་ཡོད། དེ་དག་ལྷན་ཐབས་གནང་ནས་བསྟན་བཅོས་འདི་བཀླག་ཐུབ་ན་མངར་ལ་སྐྱུར་བའི་བྲོ་བ་སྣ་ཚོགས་མྱོང་རྒྱུ་ཡོད། — འབྲོག་རྒན་བན་ཤུལ་པས་ཡུལ་དབུས་ལྷ་སར། 《云使》的历史及其评语

འཇིགས་མེད་རྒྱལ་མཚན་མཆོག་ལ་མཛད་རྗེས་ཁྱད་འཕགས་ཀྱི་བྱ་དགའ་ཕུལ།

玛沁县委 今日藏区 2022-09-10 21:24 发表于青海

སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༩ཚེས་༩ཉིན།  མགོ་ལོག་རྨ་ཆེན་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས།   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་། གངས་ལྗོངས་རྩྭ་ཐང་བུ་མོ་སློབ་གྲྭ། གངས་ལྗོངས་འབྲི་མོ་སྤྲི་ཆུར་བཟོ་གྲྭ་སོགས་གསར་འཛུགས་གནང་མཁན་སློབ་གསོ་བ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ལ་༼ཁྱད་པར་སྐྱེས་ཕུལ༽ཞེས་པའི་མཛད་རྗེས་ཁྱད་དུ་འཕགས་པ་མཚོན་བྱེད་ཀྱི་བྱ་དགའ་ཕུལ།  恭祝吉美坚赞老师荣获由中共玛沁县委、玛沁县人民政府颁布的“特殊贡献奖”[鲜花]


发布     👍 0 举报 写留言 🖊   
✋热门推荐
  • 最后,是白羊座,号称上怼天,下怼地,中间怼空气的战士的化身,白羊座往往用战斗的姿态来看待与之相异的观点,相比起前两者而言,白羊座往往有些对人不对事,即如果白羊座
  • 那,当时间这个概念是人类发明的,时间机器应该是同时出现的,不要等到老了白目了才发现晚了。成年人的告别仪式很简单,你没有回我消息,我也默契的没有再发,就这样安静地
  • ​请将自己的地址姓名电话合并成一条私信发给深蓝,以免复制好多条的悲剧发生 ​请尽量21点之前发私信,因为我睡的早[允悲][允悲][允悲],21点之后就要洗洗刷
  • .【 】 1⃣《我们》 ✔️ 反乌托邦三部曲第一本 好看又难看 语言有点艰涩 思想性大于文学性 “若是有差别,就会有妒忌心。” “人类有两个乐园:一种是没
  • 今日份美食,解馋又低卡的红糖冰粉来啦!晚上终于去吃了绿茶我终于吃到了 流泪了要最好吃的是虾仁粉丝那个 顶呱呱 别的都一般捏还有就是柠檬茶超冰 but 我还是爱这
  • 【阿难。如是六根。由彼觉明。有明明觉。失彼精了。黏妄发光。】 阿难,如上面所说六根之性,本来都是妙圆真心,如来藏性。但因有了觉上加觉,本来觉体已觉,不必加觉。
  • 《薛宝钗》的音乐和我之前做的《尘埃落定》音乐截然不同,一定要有古典美,所以我选用了大量传统曲牌,打造出两大主题,一是古典、凄美的无字歌,贯穿全剧,二是代表薛宝钗
  • 【转存】佛教最高境界的一句话 (一) 十方如来,同一道故,出离生死,皆以直故。 (二) 生命中那些得不到的、握不住的,都要学会放下。 (三) 恰恰用心时,
  • 王峰恢复语言功能后,第一句话就对妻子说:“没有你的照顾,就没有今天的我,能和你结为夫妻,是我这辈子最大的幸福……”  当初,医生估计患者后半生只能在床上或者轮椅
  • 头发上有猫毛的又带卷c节奏是吧,张口就来啊,吴育涛不带我们,我们现在高攀不起主播疯狂劝家人们去睡觉[苦涩]真的不会吃人吗?阳子晋级赛了可恶,怎么能说我们小星瑶玩
  • 这个“减法”出来的赛车,估计比劳斯莱斯房车都贵好不好...生活减法是身无旁骛,选择正确的人生方向,笃定前行。最近一段时间和自己内心“小孩”谈话直视内心匮乏和真正
  • 这两天又开始上课了,好忙碌[苦涩]昨天把冬送家家那里去了,还得4天4天后,再过5天他就要上幼儿园了,也不知道能不能适应。[心]刚开始分开我会想他的[失望]他也一
  • 不得不说,美容院挑的用作舞蹈的歌曲《谢谢你》歌词还是很有爱的:假如人生能够留下 可以延续的记忆 我一定选择感激 如果有我临终之前 还能发出声音 我一定会说一句谢
  • 若是前世有善修,那总有一份情会经过轮回的等待,出尘入世,为你纤尘不染,总有一个人会为你穿越时光的山山水水,越过岁月的沟沟壑壑抵达你身边。如果你的一生,有一人静静
  • 高处不为难别人,低处不为难自己!有些人说一些善意的谎言,可能有为难之处,但是凡事都有个度,你好我好大家都好,要不然有事都别想好过,我不揭穿,是因为有时候我也换位
  • #每日一善# #阳光信用# 泪水和汗水的化学成分相似,但前者只能为你换来同情,后则却可以为你赢得成功。(p6.7然而系 众所周知,桃浦兔、北极兔便无需多言了,综
  • 关于促消费方面,盛秋平介绍,我国最终消费支出由2012年的27.5万亿元提升到2020年的56.1万亿元,最终消费支出占GDP的比重由51.1%提升到54.7%
  • ''我只是难过,不能陪你到老。''傻丫头......你也是。
  • ”妈妈知道你一天天长大,小脑袋里有无数的问题,我说妈妈不会死的,等宝长大成人的,其实这个问题妈妈也会问自己,那是我为之奋斗的动力和理由,今天问你75+8,你虽然
  • #cf解封##腾讯游戏安全中心[超话]# @腾讯游戏安全中心超话 @腾讯人工客服 小鹅您好,我是一名忠实的cf十年老玩家,十年来在cf中投入了大量的时间与心血,