མཐོ་བ་གནམ་གྱི་བུ་ཆུང་སྣང་བྱེད་དེ། །
ཁྲི་གདུགས་ཉི་མའི་འོད་ཀྱང་ཁྱོད་ཞལ་ལ། །
རྐུན་མ་ཇག་པའི་ཚུལ་གྱིས་འཇབ་ནས་ཡོང་། །
ཁྱོད་ཀྱང་དེ་ལ་ཐུགས་ཡིད་མཉེས་པར་འདྲ། །

སྤྱན་ནི་ཡེངས་པའི་སྟབས་ཀྱིས་ཅི་ལ་བལྟ། །
དེ་ལ་སྐྱོ་བའི་རྣམ་འགྱུར་ཅིའི་ཕྱིར་འདྲེས། །
སྐྲ་ལོ་རླུང་ལ་གསེད་པས་ཅི་ཞིག་མཚོན། །
ཕྱིང་ཞྭའི་ཕྱི་ཚོས་ལོག་མདོག་ཅི་ལ་བསྟན། །

༈ བློ་བཟང་རྒྱལ་བའི་དབང་པོ་ཙོང་ཁ་པའི། །
རྣམ་དཀར་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྗེ། །
མདོ་སྔགས་བསྟན་པའི་རྒྱལ་མཚན་འཛིན་པའི་དཔལ། །
སྐྱབས་མཆོག་དམ་པའི་ཞབས་ལ་གསོལ་བ་འདེབས། །
ཨོཾ་ཨཱཿགུ་རུབཛྲ་དྷ་ར་སུ་མ་ཏི་ཀརྨ་ནི་ར་བྷོ་ག་དྷརྨ་དྷྭ་ཛ་ཤི་བྷ་དྲ་སརྦ་སིདྡྷི་ཧཱུཾ་ཧཱུཾ།།

མི་ཞིག་གིས་བཤད་རྒྱུར་དེང་སྐབས་སློབ་གྲྭར་འགྲིམ་པ་ལ། རྒྱུ་མཚན་དགོས་པ་ཆེན་པོ་གང་ཡང་མི་འདུག ཁོ་བོའི་སློབ་གྲོགས་ག་གེ་མོས་སློབ་གྲྭ་འགྲིམ་མཚམས་བཞག་སྟེ། སྤྱི་ཚོགས་ཁྲོད་ཀྱི་བྱ་བ་ཆེ་མ་ཆུང་གསུམ་འདྲ་མིན་མང་བོར་ཞུགས་པས། ད་ལྟ་ཡིན་ན་བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཐོབ་ཡོད་པ་ཙམ་དུ་མ་ཟད། ཟླ་གཅིག་ལ་ཡང་སྒོར་སྟོང་ཁྲག་ཁ་ཤས་ལས་སླ་བར་འཚོལ་ཐུབ་ཀྱི་འདུག སློབ་གྲོགས་གཞན་གིས་སློབ་གྲྭར་རྒྱུན་མར་འགྲིམ་སྟེ། ད་ལྟ་ཡིན་ན་ཞིབ་འཇུག་སློབ་མ་ཡང་མཐར་ཕྱིན་ཡོད་མོད། ད་དུང་རང་ཁ་ཙམ་ཡང་སོས་ཀྱི་མི་འདུག་ལ། ལས་བྱེད་པ་དང་གཞུང་ཞབས་པའི་བྱ་བ་སོགས་ཕར་ཞོག ཞོར་ལས་ལེགས་པོ་ཙམ་ཡང་མ་རག་པར་སྔར་བཞིན་ཁྱིམ་ཚང་གིས་གསོས་ནས་བསྡད་འདུག་པས། ལོ་མང་བོར་སློབ་གྲྭར་འགྲིམ་པ་དང་སློབ་ཆེན་ལག་རྟགས་ཡོད་པ་ལ་དགོས་པ་ཅི་ཞིག་འདུག་གམ་ཞེས་ངར་ཤུགས་དང་བཅས་ཡང་ཡང་བཤད། ཁོའི་བསམ་ཚུལ་དེ་ལ་ཡང་ཐད་ཀར་བལྟས་ན་རྒྱུ་མཚན་ཡོད་པ་ལྟ་བུར་སྣང་ཡང་། བསམ་བློ་དེའི་རྒྱབ་ལྗོངས་ན་ད་དུང་མི་མངོན་པའི་ལྟ་ཚུལ་གཞན་ཞིག་ལྷག་ཡོད་པ་དེ་ནི། སློབ་གྲྭར་འགྲིམ་པ་ལ་དགོས་པ་ཡོད་མེད་འཇལ་བྱེད་ཀྱི་ཚད་ཤིང་གཙོ་བོ་ཞིག་ནི། རྒྱུ་ནོར་མང་བོ་ཞིག་འཚོལ་ཐུབ་མིན་ལ་ལྟ་དགོས་བསམ་པ་དེ་རེད། དོན་ངོ་མར་སློབ་གྲྭར་འགྲོ་བའི་དགོས་དོན་གཙོ་བོ་དེ། རྒྱུ་ནོར་མང་བོ་ཞིག་རག་མིན་དེ་ལ་བལྟ་དགོས་པ་ཡིན་ནམ། གཞན་ལ་ཕན་སེམས་ཆེ་ཞིང་། ཕྱི་ཐག་རིང་བ། གཞུང་རྒྱུད་དྲང་བ། དྲང་བདེན་ལ་དགའ་བ། དགེ་རྒན་དང་ཕ་མར་གུས་ཞབས་ཆེ་བ། སྙིང་རུས་བརྟན་པ། རིག་གཞུང་ལ་དུང་བ་སོགས་དོན་སྙིང་ལྡན་པའི་མི་གཞི་ཀུན་སྤྱོད་དང་། བླ་ན་འཕགས་པའི་བསམ་བློའི་འདུ་ཤེས་དེ་དག་ཐམས་ཅད་ཀྱང་སློབ་གྲྭར་འགྲིམ་པ་དང་། རིག་པའི་གནས་ལ་སྦྱངས་པའི་གྲུབ་འབྲས་གལ་ཆེན་ནམ་སྙིང་དོན་གཙོ་བོ་ཞིག་མ་ཡིན་ནམ། དེ་འདྲའི་སྒོ་སྣ་མང་ནས་ཞིབ་ཏུ་དཔྱད་ན། དཔལ་འབྱོར་སྒྲུབ་པར་འཇོན་མིན་དེ་ནི། སློབ་གྲྭར་འགྲིམ་པའི་དགོས་པ་བྱེ་བྲག་ཙམ་ལས་དོན་སྙིང་གལ་ཆེ་བ་གང་ཡང་མ་ཡིན་པ་དེ་ཡང་གསལ་བར་གོ་ཡོང་བས། བྱ་བ་གང་གི་ལེགས་ཉེས་ལ་དཔྱོད་པའི་རྒྱུ་མཚན་ལ་བསམ་གཞིག་བྱ་སྐབས་སུ་ཡང་། ཐད་ཀའི་རྒྱུ་མཚན་ཙམ་ལ་ཡིད་རྟོན་མི་བྱེད་པར་རྒྱུ་མཚན་དེའི་རྒྱབ་ལྗོངས་ན་ད་དུང་མི་མངོན་པའི་བསམ་བློ་ནོར་འཁྲུལ་ཅན་གང་ཞིག་སྦས་སྐུང་བྱས་ཡོད་མེད་དེ་ལ་ཡང་ཞིབ་ཏུ་བརྟག་མཁས་དགོས་པ་དེའོ།། མངོན་གསལ་གྱི་རྒྱུ་མཚན་གང་ཞིག་གི་རྒྱབ་ལྗོངས་ན་སྦས་སྐུང་བྱས་ཡོད་པའི་བསམ་བློ་ཞེས་པ་དེ་ཡང་། དཔེར་ན། གོང་གི་གཏམ་རྒྱུད་དེའི་རྒྱབ་ལྗོངས་ན་གནས་པའི་སྒོར་མོ་ནི་ཡོད་ཚད་དུ་འདོད་པའི་བསམ་བློ་དེ་འདྲ་རེད། དེ་འདྲའི་མི་མངོན་པའི་རྒྱུ་མཚན་གཞན་དེ་ལ། གནས་ལུགས་ཡོད་མེད་ལེགས་པར་དཔྱོད་ཐུབ་ན། ད་གཟོད་གནད་དོན་གང་ཞིག་གི་ལེགས་ཉེས་ཀྱི་ངོ་བོ་ཡང་ཕྲ་ཞིང་ཞིབ་པའི་ལམ་ནས་གསལ་བོར་མཐོང་ཐུབ་པར་བཤད་ཀྱིན་འདུག་ན། བརྟག་ཐབས་དེ་ཡང་ཤིན་ཏུ་རིན་ཐང་ཆེ་བར་སྙམ་མོ།།


发布     👍 0 举报 写留言 🖊   
✋热门推荐
  • 渔阳鼙鼓动地来,惊破霓裳羽衣曲。 夕殿萤飞思悄然,孤灯挑尽未成眠。
  • 六点场入场前被摄像小哥拉着录了视频,用中文说了李珍基我爱你,必须要让他看见我们中国老婆[开学季]李珍准备得很用心,每场都不同的妆造不同的问题不同的歌曲,根本不敢
  • 希望是双向奔赴叭求一位喜欢粤语rap的搭子 6月1日去看农夫fama的新歌发布会地点 太古仓live house[热卖]已经购买了两张6月1日晚上20点的vip
  • 其实,如果你人际关系中感觉疲惫和厌倦,就要有勇气大大方方的结束消耗自己的任何关系就像杨绛说的那样:——“我没有特别想维持的关系,也没有特别想要的东西。不是你听过
  • #vivo##vivo新品发布会##vivoY200系列#Y200系列确实切中痛点[doge]Y200 骁龙6Gen1 (A78*4,三星4LPP)6000mA
  • ”子曰:“於止知其所止,可以人而不如鸟乎?有斐君子,如切如磋,如琢如磨。
  • 八点半出门去菜场,最近一直在菜场买雪花牛排,70元一斤,老板会帮忙切成薄片再敲松,今天50元的牛排切成9片,可以给小莲藕当早餐。以及黄酒棒冰好吃,黄酒奶茶不好喝
  • 2️⃣黄子的“珍惜当下 我们都是独一无二的”是啊我们也都在努力成为想成为的大人3️⃣虎子的热情和温柔因为他的主舞台在A区,当他三次跑向我们B区的时候。  世界十
  • ”1235被包养的男人(3)半晌,厉斯年才放开她,碗里的葡萄所剩无几,最后到底进了谁的肚子,倒也不是那么重要了,厉斯年静静的拥着她,调整自己的呼吸。厉斯年站在落
  • #杨洋 乔欣#1、当你犹豫要不要去做一件事的时候,其实你内心己经有了选择,只是你还没有充足的理由去说服自己。你們常常聯絡、常常見面,就像歌詞裡說的那樣,那些被窺
  • !!
  • 码数35—42 顶级版??VALEN@TINO经典??原版牛皮、内里及鞋垫,鞋垫采用高弹乳胶铺垫,独家厚底橡胶铆钉大底,好看耐穿、潮流指数一直都是??、绅士
  • 鞋面迪奥斜纹提花 市场风格DIORALIAS凉鞋 大底材质TPU橡胶 丝绸牛里皮 男士一字凉鞋拖鞋 码数38~45#男士高档运动鞋巴利 巴利最新小白
  • 用复杂材料加工简单新鲜食材是富庶地常见的奢侈做法,这美食基因已经深植在淮阴人的基因里了[笑cry][笑cry][笑cry]古镇里也有民宿,如果时间长,住在古镇里
  •   我以为他真心后悔,想和我复婚,哪怕我不接受,可是心里总有一些痛快,所以当我听到他和星彩公司合作,看到小猫落在游戏室的围巾时,那种像是被人耍了的感觉,又冒了
  • ✨✨‍♀️‍❤️‍很幸运成为了你们的幸福见证官✨‍❤️‍见证了最美的时刻,最好的你们✨[喜][心][喜]愿往后余生,越来越幸福✨✨✨Happy Wedding✨
  • 我四级都没过你信我,冰岛全是中国人啊啊啊……不对冰岛压根就没人啊啊啊……☞不太好的教程:咳,呃,那个,便利店的袋子还有没标签的吃的都可以零元购(小声)(小声)(
  • 小盖应该会很喜欢卡西米尔那一块的干员,尤其红松骑士团,反刻板印象地没推羽毛笔,看板是罗小黑精一,主推远牙,当初放风筝皮肤出来的时候两眼一黑,气得直接在直播凹了一
  • 关注我已久的读者们大概都了解,我素来倾向于在公共平台上以文字为媒介进行交流,对于在镜头前亮相则不太热衷,不喜欢在公众领域抛头露面。然而,在当今这个视频盛行的时代
  • !!