མདོ་སྔགས་ཟུང་འཇུག་གི་ལྟ་མགུར་ལས།
བདུད་བགེགས་འབྱུང་པོ་ཟེར་བའི་དགྲ་ཆེན་དེ་ཡོད་ན།།
བདག་འཛིན་མངོན་དུ་སློང་བའི་ཆོ་འཕྲུལ་དེ་སྟོན་རན།།
སྲིད་གསུམ་བྲན་དུ་བཀོལ་ནུས་བདག་རྟོག་གི་འཛིན་པ།།
དཔའ་མཛངས་ཞུམ་མེད་བདོག་ན་ད་ལྟ་རུ་ཕེབས་དང་།།
ཟང་ཐལ་རྡོ་རྗེའི་མཚོན་ལ་བཟོད་ཐབས་ཤིག་ཡོད་ན།།
སྟོབས་བཅུའི་ཁྲི་འཕང་མཆོག་ལ་ཁྱོད་ཉིད་ཀྱང་མངའ་གསོལ།།
ཞེས་དང་། སྐྱོན་བརྒྱད་བྲལ་བའི་རབ་མཐའི་ཏིང་འཛིན་ལ་བརྟེན་ནས།།
ས་དགུའི་ཟག་རྟོག་གཤེད་མའི་དྭངས་མ་རུ་མཐོང་ནས།།
ཟད་དང་མི་སྐྱེའི་བློ་ལ་རྩིས་ཆེན་དུ་བྱེད་པ།།
རྨི་ལམ་གསེར་དང་མི་གཙང་བླང་དོར་ལྟར་མིན་ནམ།།
འདྲེན་མཆོག་བླ་མ་གང་ཉིད་ཀྱིས་ལས་གང་ཞིག་འབད་མེད་དུ་འགྲུབ་པའི་རྒྱུའི་གཙོ་བོ་ནི་ནང་གི་ལྟ་བའི་གདེང་ཚད་འདི་དག་གི་རྐྱེན་གྱིས་ཡིན་སྙམ།

རང་གི་ཚེ་སྲོག་ནི
རིན་ཆེན་ནོར་ལས་བརྩི་ན་ཡང
གཞན་གྱི་ཚེ་སྲོག་ཐང་གི་རྡོ་འདྲར་མིན
དེ་བས
འཚོ་བའི་ཁྲོད་ཀྱི་ཁ་ཟས་ཡི་ཆེད་དུ
སེམས་ཅན་ཁྲི་མ་འབུམ་གྱི་ཚེ་སྲོག་གཅོད་ནས
འཚོལ་བཞིན་པ་འདི
ཀླ་ཀློའི་སྤྱོད་པ་འདི་ནི་སུ་ཡི་ལུགས
སྒོ་ཟོག་དྲིན་ཆེན་ཆ་བོའི
མིག་ཆུའི་ཁྲོད་དུ
མར་དང་འོ་མས་གསོས་པ་བསམ་ནས
སྙིང་རྗེ་ལན་གཅིག་སྐྱེ་ན་མི་ཆོག་གམ
བདེ་སྡུག་ལ
ཚོར་བ་ཡོད་པ་རྟོགས་སམ
ཚེར་མའི་ཤུལ་གྱི་རྨ་ལ་མི་བཟོད་ན
གྲི་ཡིས་གཏུབ་པའི་ན་ཟུག་ཇི་ལྟར་སྲོན
ད་དུང
ལས་དང་རྒྱུ་འབྲས་ཟེར་ནས
ཉིན་མཚན་སྐྱེལ་བའི
བྱམས་ལྡན་བོད་པའི་ཤ་རུས་མཛའ་འམ་ཀྱེ
སྤྱང་ལ་ཀི་ལྡིར་བྱེད་དུས་
ཁྱོད་རང་ངར
ད་ལྟ་རང་ཉིད་སྤྱང་ཀི་ཞིག་གི་ཡན་ཞིག་མིན་པ་མི་ཤེས་སམ།

࿐མ་ལི་ཀ

#噶举祖庭一洛卓沃龙寺[超话]#
࿐སྐྱེས་མཆོག་སྒྲ་སྒྱུར་གྱི་རྒྱལ་པོ་མར་སྟོན་རྡོ་རྗེ་འཆང་གི་ཆེ་བ་བརྒྱད།

མཛད་པ་པོ།

ཀུན་མཁྱེན་བསྟན་པ་རབ་རྒྱས།

བཀའ་བརྒྱུད་ཀྱི་བསྟན་པའི་ཤིང་རྟའི་སྲོལ་འབྱེད་ནི་གངས་ཅན་ན་ཆེ་བའི་༧མར་སྟོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ཡིན་ཞིང་། ཁོང་ནི་ཆེ་བ་བརྒྱད་ལྡན་ཡིན་པས།

༡༽ དང་པོ་ཡོངས་གྲགས་ཆེ་བའི་ཕུལ་བྱུང་གི་རྒྱ་གར་གྱི་པཎ་ཆེན་ལ་དངོས་སུ་གཏུགས་པའི་ཆེ་བ།
༢༽ གཉིས་པ་རྩོད་མེད་ཀྱི་རྒྱུད་སྡེ་རྒྱ་མཚོ་ལྟ་བུར་བརྟེན་ནས་ཐོས་སྒོམ་ཟུང་འབྲེལ་གྱི་སྒོ་ནས་ཐོས་སྒོམ་མཐར་ཕྱིན་པའི་ཆེ་བ།
༣༽ གསུམ་པ་སྐུ་ཚེ་དེ་ལ་དག་པའི་སྒྱུ་ལུས་གྲུབ་ནས་སངས་རྒྱས་པའི་ཆེ་བ།
༤༽ བཞི་པ་བཤད་སྒྲུབ་ཀྱི་ཕྱོགས་སོ་སོར་བཀའ་བབ་པའི་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་མ་ངོ་མཚར་ཅན་མང་དུ་འཕེལ་བའི་ཆེ་བ།
༥༽ ལྔ་པ་རྒྱུད་སྡེའི་བཅུད་ཀྱི་མན་ངག་ངོ་མཚར་བ་རྣམས་ཟུར་དུ་ཕྱུང་སྟེ་སྐལ་ལྡན་གྱི་སློབ་མར་སྐྱེས་སུ་བཞག་པའི་ཆེ་བ།
༦༽ དྲུག་པ་གངས་ཅན་གྱི་གསང་སྔགས་གསར་མའི་རྒྱུད་སྡེའི་ཁུངས་ཚད་ལྡན་ཕལ་ཆེར་ཁོང་རང་ཉིད་ལ་ཐུག་པའི་ཆེ་བ།
༧༽ བདུན་པ་ཁོང་རང་ཉིད་ཀྱི་མན་ངག་ཟབ་མོ་དག་ཁུངས་མེད་རྡོལ་ཆོས་ཀྱིས་མ་བསླད་པའི་ཆེ་བ།
༨༽ བརྒྱད་པ་བརྒྱུད་པ་གཞན་འཛིན་པ་ཕལ་ཆེ་བ་དག་གིས་དབང་བཞི་གདན་ཐོག་གཅིག་ཏུ་བསྐུར་བ་ལས་ཁོང་ཉིད་ཀྱི་ནང་མཆོད་ཀྱི་བདུད་རྩིའི་རོ་མྱོང་བ་བྱིན་རླབས་ཆེ་བའི་ཆེ་བའོ། །

དེ་ལྟ་བུའི་བཀའ་བརྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དེ་ལ་དེའི་བརྒྱུད་འཛིན་ཏུ་རློམ་པའི་དེང་དུས་ཀྱི་བཀའ་བརྒྱུད་པའི་མིང་ཅན་མང་པོ་ཞིག་གིས་བཀུར་བསྟི་འོས་འཚམས་ཤིག་ཤེས་ཀྱི་མེད་དོ།།


发布     👍 0 举报 写留言 🖊   
✋热门推荐
  • 肖战赤诚善良,肖战谦逊有礼,肖战勤奋努力,肖战诚恳待人,肖战行胜于言,肖战茂林修竹,肖战万事顺遂,肖战热心公益,肖战清醒自律,肖战未来可期.肖战的美,是360度
  • #西安美食[超话]##秦老师爱分享##不可辜负的美食##吃货在这里##美食时刻##唯有美食不可辜负##美食打卡##城市味蕾战##美食治愈系##烤肉# 西安探店|
  • 尤其是一些重度残疾的人,他们只能躺在床上,连正常生活都很难自理,人们会理所当然地认为他只要身体清洁舒适就已足够,其他心理和精神上的需要已经显得奢侈,就更别提性的
  • 就像喊寒说的乐二行三,偶尔想起他的时候可以去微博留言,他一直在我心里。那个时候喊寒已经没有那么活跃了,每天在贴吧里看跟喊寒有关的各种贴子,特别的快乐,然后就摸到
  • 《痕迹》 第七十一章 英国之旅 廖岩和梁麦琦来到英国已经有一年半载了,廖岩的身体虽然还没有完全康复,但是情绪也算稳定。 他将母亲留在他们的房子
  • 世事无完美,唯你是天光。世事无完美,唯你是天光。
  • 手游可能是因为秀坊和捏脸店铺蛮多,重复脸也蛮多的(救命,没有说大家的脸不好看的意思,非常好看,只是看太多有点审美疲劳了,别骂我[跪了])就个人来说突然有点喜欢这
  • 她说:我婆家是卖粽子的,这个粽子特别好,你绝对在别的地方吃不到的,我给叮当寄一箱你让她尝尝。说真的,鲍鱼也好,海胆也好,都是我们吃海鲜吃日料的时候经常吃的东西,
  • 这位工作人员表示,根据他们的调查,柯岩少儿培训机构实际上在5月份已处于停止办学状态,但是他的资格证还没有到期。“即使我们学校里做化学实验,也是视频操作的多。
  • 本周总体还是多阴雨天气,主要降水过程出现在周三周四和周末,届时可能会出现短时强对流天气,关注天气变化,注意防范。受冷空气影响,今早气温较前几日有所降低,在14度
  • Life has cracks, the sun can shine in, there are bumps on the road, talent becom
  • 接受别人的批评,正视自己的问题。[兔子]这一年悄悄换了种性格,不再畏惧任何困难 也能独自面对很多破事,能做的绝不麻烦别人,平静的把该做的事都做好,但越来越谨小慎
  • “中工网”微信公众号将继续依托中国工会系统的新闻报道资源,借助中工网的品牌优势,做好原创信息传播和线下活动。“中工网”微信公众号将继续依托中国工会系统的新闻报道
  • 先说芯片制造,众所周知,我们缺少的是EUV光刻机,这种光刻机融合了激光,半导体,高级材料工程,工业化学,机器人等众多学科领域,目前中国可以制造14nm芯片,照
  • 《行动方案》要求,到2021年底前,成渝地区将推动实施以交通通信、户口迁移、就业社保、教育文化、医疗卫生、住房保障等为重点的便捷生活行动,同步建立便捷生活事项清
  • 相关信息:①七年五季,是一个专门提供健康烘焙主食以及其他周边食品的品牌,致力于发掘科学健康的烘焙食品。自20世纪70年代 "世界高血压联盟"
  • 好了歌清代 · 曹雪芹世人都晓神仙好,惟有功名忘不了!❺可巧这日拄了拐杖挣挫到街前散散心时,忽见那边来了一个跛足道人,疯癫落脱,麻屣鹑衣,口内念着几句言词,道是
  • 生肖龙:李雲天塔罗牌一周生肖运势5.17-5.23【李雲天塔罗牌】:本周代表团队工作,通常是有某个特定任务要完成的团队,队中每个人共同目标一致,也是一张鼓励的牌
  • 真•全网防爆,剧方已经很努力了,巴粉需要做的就是尽人事,尽全力去做数据,想点子,剧超和歌隼超话多给热度保持排名,向周围人安利,吸引路人。#正能量艺人王一博# w
  • #碎碎念# 不知不觉大门稀饭退团一个月了,因为新冠的原因一拖再拖,我也无缘去看生舞台,想起当初被天海带入坑后,迅速爱上小光,结果才发现人家退团很久了,之后开始注