སང་ཉིན་ནི་ལྷ་བབས་དུས་ཆེན་རེད། ལྷ་བབས་དུས་ཆེན་ནི་ནང་པ་སངས་རྒྱས་པའི་དུས་ཆེན་བཞིའི་ཡ་གྱལ་ཡིན། དེའང་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་མཆོག་སྐུ་འཁྲུངས་ནས་ཞག་འགའ་ལོན་པ་ན་ཡུམ་སྒྱུ་མ་ལྷ་མཛེས་གྲོངས། རིགས་དྲུག་གང་དུ་སྐྱེས་ཡོད་མེད་གཟིགས་པས་ལྷ་ཡུལ་དུ་སྐྱེས་པ་གཟིགས། མྱུར་བར་ལྷ་ཡུལ་ཏུ་ཕེབས་ནས་ཡུམ་གཙོ་བོར་གྱུར་པའི་ལྷ་རྣམས་ལ་ཆོས་སྣ་ཚོགས་པ་བསྟན་ཏེ་བདེ་བ་ལ་བཀོད་ཅིང་། སླར་ཡང་གདུལ་བྱའི་དོན་དུ་མི་ཡུལ་ལ་བབས་པས་ལྷ་བབས་དུས་ཆེན་ཞེས་གྲགས།

ལྷ་བབས་དུས་ཆེན་ནི་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པས་དགེ་བ་གང་བྱས་ན་བྱེ་བ་ཕྲག་བརྒྱར་འགྱུར་བ་མདོ་ལས་གསུངས། དེ་བས་རང་གི་ནུས་པ་གང་ཡོད་ཀྱིས་སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ། བཟོད་པ་སྒོམ་པ། དགེ་འདུན་ལ་བསྙེན་བཀུར། གཙུག་ལག་ཁང་དུ་ཕྱག་མཆོད་འབུལ་བ། སངས་རྒྱས་ཀྱི་རྣམ་ཐར་མཇལ་བ་སོགས་ཚོགས་བསགས་སྒྲིབ་སྦྱོང་གང་བྱས་ན་ཕན་ཡོན་དང་འགྱུར་བསྐྱེད་ཧ་ཅང་ཆེའོ།།明天藏历九月二十二天降节(11月15日)也是佛教最殊胜的四大吉祥月之一,释迦牟尼佛在三十三天界,为了母亲等天众解脱而讲法后,返回人间的天降日,功德增上十亿倍,清净业障,积累福德,资粮的绝佳时机。

不止要多行善业,尤其是赡养父母,恭顺听从,报答现在的父母的同时,以父母为主无边的众生而做一些善业是特别重要!释迦摩尼佛节日

སངས་རྒྱས་ཀྱི་མཚན་སྔགས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། ། མཆོད་དོ། ། སྐྱབས་སུ་མཆིའོ། །

释迦牟尼佛圣号:喇嘛敦巴 洞丹迪 得银夏巴 扎洞巴 扬达巴 作波桑吉 华嘉瓦 夏迦特巴拉 香擦洛 窍多 嘉森且奥!(顶礼供养皈依本师出有坏如来应供真实圆满正等觉释释迦牟尼!) https://t.cn/A6cfUZKt

འཕགས་པ་ས་ཡི་སྙིང་པོ་ལ་གསོལ་བ་བཏབ་པའི་ཕན་ཡོན།
ས་སྙིང་འཁོར་ལོ་བཅུ་པ་ལས། གནས་གང་དག་ན་སེམས་ཅན་གང་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་དྲག་ལ་རྣོ་བས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ངག་རྩུབ་པོར་སྨྲ་བ་དང་། ཕྲ་མ་བྱེད་པ་དང་། ཚིག་ཀྱལ་པར་སྨྲ་བ་དང་། འདོད་ཆགས་ཅན་དང་། ཞེ་སྡང་ཅན་དང་། ལོག་པར་ལྟ་བ་དང་། མི་དགེ་བ་བཅུའི་ལས་ཀྱི་ལམ་མངོན་དུ་སྤྱོད་པ་དག་གིས་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་ཏེ་མཆོད་པ་བྱས་ན་ཉོན་མོངས་པ་ཐམས་ཅད་ཞི་ཞིང་མི་དགེ་བ་བཅུ་དང་ཡོངས་སུ་བྲལ་ཏེ་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་ཞིང་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་བ་དང་། ཕན་པ་དང་བདེ་བའི་སེམས་སྐྱེ་བར་འགྱུར་རོ།། ཞེས་དང་། གནས་གང་ན་སེམས་ཅན་གང་འདོད་པ་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ་ཏེ། འདོད་པས་ཡོངས་སུ་གདུངས་པར་གྱུར་པ་དག་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་། དམིགས་པས་བསྟི་སྟང་དང་བཅས་ཏེ་མཆོད་པ་བྱས་ན་ཅི་དང་ཅི་འདོད་པ་ཐམས་ཅད་འཐོབ་ཅིང་སྡུག་བསྔལ་དང་བྲལ་ཏེ། སྐལ་བ་ཅི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བར་དུ་འཐོབ་པར་འགྱུར་རོ།། ཞེས་གསུངས་སོ།།

༡༠ སྣ་ནམ་རྡོ་རྗེ་བདུད་འཇོམས།

རྡོ་རྗེ་གཞོན་ནུས་རྗེས་བཟུང་ཕྲིན་ལས་ཀྱི། །བསྙེན་ཕུར་སྲ་མཁྲེགས་བྲག་ལ་མངོན་བཏབ་ཅིང་། །རླུང་སེམས་དབང་ཐོབ་རི་བྲག་ཐོགས་མེད་གཤེགས། །རྡོ་རྗེ་བདུད་འཇོམས་ཞབས་ལ་གསོལ་བ་འདེབས། །ཞེས་པའི་སྣ་ནམ་རྡོ་རྗེ་བདུད་འཇོམས་ནི། ལྷོ་བྲག་གྲུ་ཤུལ་དུ་ཞང་བློན་སྣ་ནམ་གྱི་རིགས་སུ་འཁྲུངས། གཞོན་དུས་ཆོས་རྒྱལ་ཁྲི་སྲོང་གི་ཆོས་བློན་མཛད་དེ་ཆོས་སྲིད་ཀྱི་བྱ་བ་བསྐྱངས། དེ་ཡང་ཁོང་གིས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་བསྒོས་བཞིན་སློབ་དཔོན་པདྨ་འབྱུང་གནས་གདན་འདྲེན་ཞུ་བའི་ཕོ་ཉའི་གྲས་སུ་ཞུགས་ཏེ་མང་ཡུལ་གུང་ཐང་ནས་སློབ་དཔོན་བསམ་ཡས་སུ་གདན་དྲངས། དེ་ནས་སློབ་དཔོན་གྱི་ཞབས་ལ་གཏུགས་ནས་སྔགས་ཀྱི་སྒོར་ཞུགས་ཏེ་སློབ་དཔོན་ལས་དབང་དང་གདམས་ངག་མང་དུ་ཞུས་ནས་སྔགས་འཆང་ཆེན་པོར་བཞུགས། སྒྲུབ་པ་ཉམས་ལེན་ལ་བརྩོན་པས་རྡོ་རྗེ་ཕུར་པའི་སྒོ་ནས་གྲུབ་པ་བརྙེས་པའི་གྲུབ་ཐོབ་ཆེན་པོར་གྱུར་ཅིང་། ཧས་པོ་རིའི་ཡང་གོང་དུ་བྲག་ལ་ཕུར་པ་བཏབ་པའི་རྗེས་ད་ལྟ་ཡང་ཡོད། བསམ་ཡས་མཁན་སློབ་ཆོས་གསུམ་གྱིས་རབ་གནས་སྐབས་སུ་རྡོ་རྗེ་བདུད་འཇོམས་ཀྱི་ཡེ་ཤེས་ཀྱི་གཟིགས་པས་མགུལ་ཕུར་བྲག་ལ་གཟིར། རླུང་སེམས་ལ་དབང་འབྱོར་བས་བྲག་ཁུང་གསེང་ཆུང་ངུ་ཞིག་ནས་ཟང་ཐལ་གྱིས་དོན་ཏེ་ཤར་མར་བསམ་ཡས་སུ་ཕེབས་ཤུལ་བྲག་ཁུང་གསེང་ནི་དེང་སང་ཡང་ངོ་འཕྲོད་པ་ཡོད། རྫུ་འཕྲུལ་གྱིས་བར་སྣང་ཁམས་ལ་ཐོགས་པ་མེད་པར་གླིང་བཞི་སྐད་ཅིག་ལ་བསྐོར་ནུས་པ་སོགས་ངོ་མཚར་བའི་མཛད་པ་མཐའ་ཡས། འདིའི་སྒྲུབ་གནས་བྲག་དམར་ཀེའུ་ཚང་ཞེས་པ་གཙང་རོང་ཆེན་དང་ཡར་འབྲོག་མཚམས་སུ་རོང་གི་བྲག་དམར་ཀེའུ་ཚང་ཞེས་ཡོངས་གྲགས་སུ་ཡོད། རྣམ་འཕྲུལ་གཙོ་བོ་བྱང་གཏེར་རིག་འཛིན་རྒོད་ལྡེམ། འཇམ་དབྱངས་བླ་མ། རིག་འཛིན་ལེགས་ལྡན་རྗེ་སོགས་རིག་འཛིན་ཆེན་པོ་རིམ་བྱོན་དང་། གཞན་ཡང་བལ་པོ་ཨ་ཧཱུྃ། ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་སོགས་ད་ལྟའི་བར་དུ་སྦས་མངོན་གྱི་གཏེར་སྟོན་འགའ་ཞིག་བྱོན་པར་གསལ་ལོ། ། https://t.cn/R2WxDGB


发布     👍 0 举报 写留言 🖊   
✋热门推荐
  • #2022你最想实现的愿望##佛法看世间##任嘉伦[超话]# #任嘉伦央视春晚# #任嘉伦2022虎年央视春晚#Hi,嘉伦哥哥,很庆幸能够认识到你,也很庆幸我能
  • #科技部官微退出了微博并对你说晚安##创新基金# 为提高同学们对创新基金项目的了解,解决同学们对于创新基金项目的一些困惑,4月24日晚七点,法学院团委科技
  • 4、上唇厚下唇薄:这种嘴型的人重情重义,能为朋友两肋插刀,十分随和受人欢迎,他们不太善于言辞,更不会去表达自己的内心想法,通常是用自己的行动去证明对你的爱,但如
  • 冷漠,无情,是唯一能保护自己的方式,如果无法成为你喜欢这人的幸运,姑娘要相信好几亿的人口终会遇到真心疼惜你的男人[心]即便受过伤害,仍要坚信有爱 近日,容祖儿现
  • 不管怎样,还是希望未来能够看到更多正能量吧,还是那句话,网络不是法外之地,每一个人都要为自己的行为负责,面条哥会受到怎样的代价,我们还是持续观众吧。提出不同意见
  • 也没有很羡慕房车旅行甚至羡慕旅行就羡慕这个被宠溺的小女人[笑而不语]这俩人本来做电商的刚旅行时并没有要做自媒体所以完全是零收入去玩的靠积蓄都敢带你去看世界[并不
  • 3月12日0-24时疫情通报
  • 啧,不对,魏谦什么时候叫过你老板娘啊,事出反常必有妖,聪明的你小脑袋瓜一转就想明白了:“对啊,魏特助要和我的员工约会吗?”像是拿捏了,恋语市第一言吹魏大特助一
  • 解析厨房在西北角的风水:西北方为干,为先天八卦之首,是一个值得尊重的地方,西北干方做厨房,火烧男主人,健康上的最大问题是主人易患癌症(一般以肺癌和咽喉癌的病发率
  • 另外,即使对方不找新欢,这个时候的断联,很容易让对方把情绪变成一种认知,就是对方会在这么长时间的断联期间,给自己强合理化,告诉自己你就是一个怎样怎样的人,你就是
  • 但很多时候的「吃辣」可能就同时意味着吃进了更多的红肉、动物内脏等高脂肪食物,比如各类辣火锅。#食疗##饮食养生#每日一膳 | 美人护肤有妙法,美容汤水既可养中
  • 有些朋友可能会说实在不行就靠岸等着呗,这可不行,时间对于海运公司意味着额外的开支(海员们的工资以及货轮靠港停泊服务费都是天文数字)不如抓紧时间返航回中国,于是,
  • 詹姆斯-哈登上演了76人生涯完美首秀,全场12投7中,贡献27分8板12助,正负值为全场最高的+35,轻描淡写间展现了对比赛的绝对掌控力。詹姆斯-哈登上演了76
  • 道歉并非良策,真正的好办法,就是暂时接受他的分手要求,让你们换一种身份相处,即使做不成情侣,但还能当朋友,保持足够的交流,总比成为陌生人要好的多吧?这绝对不是危
  • 《尤利西斯》设计中的那些小细节:把主人公游荡的地点都标出来,一幅地图就这么诞生了……布卢姆先生一天到底游历了哪些地方,有没有可能哪天我们去都柏林的时候按图索骥,
  • 比如拎东西你会吃力就不要逞强,用示弱让男人主动帮你,给他一种“我的女人需要呵护”的感觉,出现了分歧就撒娇,让他为你妥协,生出不愿让你委屈的心思。比如拎东西你会吃
  • ”你个傻 B玩意儿,中国媒体有你这种人简直是到了八辈子血霉了!”我真的是看不下去了,先不说巩汉林老师为国家做了什么,就中国男足这帮人,你在大街上随便问一人,你
  • 倏地联想到,这似乎竟是我对很多事的对待方式。普京70岁的高龄,他的人生即将看到重点,他真的是最后燃烧了生命为了自己国家的未来。
  • [鲜花]坤知美整形免费手术活动开始了[鲜花]免费活动适应人群:1、认可坤知美;2、想变美也想免费;3、愿意每天花十分钟动动手指。[摊手][摊手]千万不要在一年后
  • 令人惊讶的是,从2004年A轮融资开始,高瓴就没有缺席,还是百济神州在中国的唯一全程投资人。百济神州今日上市即跌百分之十六 :董事会中只有一个执行董事,即欧雷强