ཕ་མ་གཉིས་ཀྱི་མཉམ་ཏུ་བསྐོར་བ་ཕྱིན་པ་དེ་རིང་ཐེངས་དང་བོ་ཡིན། རྒྱུ་མཚན་དེ་རིང་ཕྱི་ནང་གི་བྱ་བས་ཡོངས་སུ་དབེན་ལ་ཧ་ཅང་བག་ཕེབས་པས་ཡིན།

ཕྱི་སྐོར་ལ་འགྲོ་ཞོར་དུ་ངེད་ཚོས་ཁ་བརྡ་དང་སྐད་ཅ་མང་པོ་ཞིག་བཤད་དེ་སོང་། བར་སྐབས་སུ་ཁོ་གཉིས་ཀྱི་ཁ་བརྡ་ལ་ཉན་ནས་ཀློའུ་དགོད་ཀྱང་གྲངས་མེད་བྱས། གསང་བདག་གི་འབུམ་ཁང་ལ་ཐོན་དུས་ངས་ཁོ་གཉིས་ལ་ང་རྒྱུན་དུ་འདི་ལ་བསྐོར་བ་བྱེད་དུ་ཡོང་བ་ཡིན། དེ་རིང་ཡང་འགྲོ་ཞོར་དུ་བསྐོར་བ་ཞིག་བརྒྱབ་སྟེ་འགྲོ་ཞེས་བཤད་དུས། ཨ་མས་གོ་ཐོས་སུ་ཐེངས་སྔོན་མ་ཞིག་ལ་འདིར་ཡོང་དུས་རྒད་པོ་ཞིག་གིས་འདིའི་བསྐོར་ཚད་དང་རྒྱུ་མཚན་མང་པོ་ཞིག་བཤད་བཞིན་པ་དེ་ཐོས་བས། ཕྱིས་སུ་ཁོ་མོ་འདི་ལ་བསྐོར་བ་བདུན་ཙམ་མ་གཏོགས་སོང་བ་མིན་ཟེར། ངས་ཁ་ནས་ཧབ་ཆ་དང་བཅས་དེ་གླེན་བཤད་ཡིན་ནི་རེད། དེ་རིང་ངེས་པར་བསྐོར་བ་ཉེར་གཅིག་བརྒྱབ་ནས་འགྲོ་ཞེས་ཕྱིན་པ་ཡིན། ཡིན་གདའ་ཡིན། ཁོ་མོའི་གཞུང་དྲང་གི་གཤིས་ཀ་འདི་ལ་གཞན་ཞིག་གིས་ཡིན་མདོག་མདོག་གི་སྐད་ཅ་ཚིག་གཅིག་གཉིས་དང་། ལམ་འགྲོ་བ་ཞིག་གི་མུན་སྤྲུལ་གྱི་ཁ་བཤད་ཙམ་གྱིས་ཀྱང་བསྒྱུར་ཐུབ་པ་ནི་ཕལ་ཆེར་རུས་པའི་གཏིང་ལ་ཟུགས་ཡོད་པ་འདྲ།

དེ་ནས་མུ་མཐུད་དུ་བསྐོར་བ་བརྒྱབ་སྟེ་དགོན་པའི་སྒོ་ཆེན་གྱི་སར་སླེབས། དེ་ནས་ཡང་མཉམ་ཏུ་ཁ་བརྡ་བྱེད་ཞོར་རྒྱ་སྲང་ལ་སོང་བ་ཡིན། མཆོད་རྫས་བཙོང་སའི་སྒོ་ཁ་ཞིག་ལ་ཐོན། ཨ་མས་ཁོ་མོས་སྔོན་ཞིག་ལ་འདིའི་ནང་ལག་སྐོར་མ་ཎི་ཞིག་ལ་བལྟས་བཞག་ཡོད། དེ་དུས་སྒོར་མས་མ་འདང་བས་ཉོ་མ་ཐུབ།

དེ་རིང་ཉོ་དགོས་ཞེས་བཤད་དུས། ཨ་ཕས་ཡུལ་ན་ལག་སྐོར་མ་ཎི་ཡོད་མོ། ད་དགོ་ནི་མ་རེད་ཅེས་བཤད་པ་ན།

ཁྱོས་གློའུ་བཤད་བརྒྱག་གི་མ་འདུག

ད་ཐེངས་འདིའི་ནང་ལག་བསྐོར་མ་ཎི་བློ་འབབ་ཅུང་ཆེན་པོ་ཞིག་འདུག་དེ་ཉོ་དགོས་ཀི་ཅེས་བཤད་པ་ན། ཡབ་ཆེན་གྱིས་ཁོ་ལ་་སྒོར་མོ་མེད་ཅེས་བཤད་སོང་། ཧ་ཧ་ཧ་་་་་་་་དེ་ནས་ངས་ནང་དུ་འཁྲིད་ནས་སོང་བ་ན་ཁོ་མོས་བཤད་པའི་མ་ཎི་དེ་གཞན་ཞིག་གིས་བླུས་ནས་བུད་སོང་བས་ཉོ་མ་ཐུབ།

དེ་ནས་ཁོ་གཉིས་ཀྱི་མཉམ་ཏུ་རྒྱ་ཁང་དུ་ཕྱིན་ནས་ཇ་ཞིག་འཐུང་ཞོར་ཁ་བརྡ་འདྲ་མིན་མང་པོ་ཞིག་བྱས་ཏེ་ཉི་མ་ནུབ་རིར་ཕྱིན་པའི་ས་སྲོད་ལ་ཕྱིར་ཡོང་བ་ཡིན། དེ་རིང་གི་ཉི་མ་འདི་ལྟར་བུད་སོང་། སྤྲོ་སྣང་དང་དགའ་བ་ཆེས་མཛེས་སྡུག་ལྡན་པ་ཞིག་གི་ནང་དུ་བསྐྱལ་བ་ཡིན། །

ཀརྨའི་གདན་རབས་པ་སི་ཏུ་ཆོས་ཀྱི་རྒྱལ་མཚན་ནི། མེ་ཁྱི་ལོ་སྟེ། ཕྱི་ལོ་༡༥༧༤ལོར་སྐུ་འཁྲུངས། མེ་བྱི་ལོ་སྟེ། ཕྱི་ལོ ༡༥༧༦ལོར་ཀརྨ་པ་དབང་ཕྱུག་རྡོ་རྗེ་མཆོག་སྨྱུག་ལར་ཕེབས་འབྱོར་སྐབས་ཀརྨ་སི་ཏུ་ཆོས་ཀྱི་འོད་ཟེར་གྱི་ཡང་སྲིད་མཇལ་དུ་བྱུང་བས། ཐུགས་ཤིན་ཏུ་མཉེས་ཤིང་མཇལ་ཁ་གནང་བ་དང་སྦྲགས་སི་ཏུ་སྤྲུལ་སྐུའི་གཙུག་ཕུད་བཞེས་ཏེ་མཚན་ཀརྨ་ཆོས་ཀྱི་རྒྱལ་མཚན་དགེ་ལེགས་དཔལ་བཟང་པོར་གསོལ་བ་དང་བཀའ་ཆོས་ཀྱི་ཐོག་མར་སྒྲ་མི་སྙན་པའི་ཚེ་གྲུབ་དང་ཕྱག་ཆེན་ཆོས་དྲུག་གི་ཁྲིད་ལུང་བཅས་བསྩལ། ས་བྱི་སྟེ། ཕྱི་ལོ་༡༥༨༨ལོར་ཀརྨ་པ་དབང་ཕྱུག་རྡོ་རྗེ་ཀོང་པོ་ཞོ་ཁར་བཞུགས་སྐབས་སི་ཏུ་ཆོས་ཀྱི་རྒྱལ་མཚན་དེར་ཕེབས་ནས་རྩེ་ལྷ་སྒང་ནས་ཞལ་མཇལ་ཞིང་སྐྱབས་འཇུག་ཞུས་པ་དང་། ཁོང་ལ་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་དང་དབང་ཁྲིད་གདམས་ངག་སོགས་མང་དུ་བསྩལ་གནང་བ་དང་། དེ་རྗེས་ཀརྨའི་ཁྲི་ཕེབས་ཆོག་པའི་བཀའ་ཁྲོལ་དང་བཀྭན་ཏིང་གུ་ཤྲིའི་ལས་ཀ་བསྩལ་ཏེ་ཁམས་སུ་མངགས།

ས་གླང་ལོ་སྟེ། ཕྱི་ལོ་༡༥༨༩ལོར་གདན་ས་བར་པ་ཀརྨ་དགོན་དུ་ཕེབས་ནས་གཡེར་མོ་ཆེ་རྒྱ་ཆེར་བསྐྱེད་སོགས་ཕྱོགས་ཡོངས་ནས་ཉམས་གསོ་རྒྱ་ཆེན་མཛད། ལྕགས་ཡོས་ལོ་སྟེ། ཕྱི་ལོ་༡༥༩༡ཡན་མན་ཙམ་ལ་ཀརྨ་པ་དབང་ཕྱུག་རྡོ་རྗེ་སྤོ་ཀོང་གི་ཡུལ་གྲུ་གང་སར་ཆིབས་བསྐྱོད་སྐབས་གདན་རབས་པ་སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱིས་གཙོས་ཁམས་ཀོང་བའི་དོན་གཉེར་ཅན་མང་པོ་ལ་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་སོགས་བསྩལ།

གླང་ལོ་སྟེ། ཕྱི་ལོ་༡༦༡༣ལོར་ཞྭ་དམར་ཆོས་ཀྱི་དབང་ཕྱུག་༼༡༥༨༣--༡༦༣༠༽དང་ལྷན་ཀམ་པོ་སྟག་ཐང་དུ་བཞུགས་སྐབས་ཞྭ་དམར་པས་ཀརྨའི་འདུ་ཁང་གི་ལྡེབས་རིས་མཛད་བརྒྱའི་བཀོད་ཡིག་མཛད།

ཆུ་སྤྲེལ་ལོ་སྟེ། ཕྱི་ལོ་༡༦༣༢ལོར་ལྷོག་བྲག་གུར་ཁྱིམ་དུ་ཞི་བར་གཤེགས།
ཟིན་བྲིས་ཐུང་ངུ་འདི་གསེར་ཕྲེང་དང་ཀརྨའི་གདན་རབས་གསར་རྙིང་། དཔལ་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་སོགས་ལ་ཞིབ་ཀློག་ཕྲན་ཙམ་བྱེད་སྐབས་བརྗེད་ཐོ་རུ་རྫ་ཆུའི་ཟུངས་ཁྲག་གིས་༢༠༢༢.༡༡.༤ཉིན་བྲིས། གསལ་བཤད། ད་དུང་ཁོང་གི་འཁྲུངས་ཡུལ་དང་ཡབ་ཡུམ། གདུང་རྒྱུད་སོགས་ཀྱི་སྐོར་ལ་གསལ་ཁ་ཡོད་པའི་ཡིག་ཆ་དེ་སྔོན་མ་མཇལ་བས་རྗེས་སོར་འཚོལ་བསྡུ་བྱ་དགོས་སོ།།

སྒོར་མོ་ཉིན་རེ་བཞིན་ཉུང་འགྲོ་བ་ལ་སེམས་ཁུར་བྱེད་ལ། ཚེ་སྲོག་ཉིན་རེ་བཞིན་ཉུང་འགྲོ་བ་ལ་ཡིད་འཇོག་མེད་པ་ཅི་ཡིན་ནམ།
———རྫོང་སར་མཁྱེན་བརྩེ་རིན་པོ་ཆེས།
担心钱一天比一天少,为何不在意生命一天比一天减少呢?
———宗萨钦哲仁波切


发布     👍 0 举报 写留言 🖊   
✋热门推荐
  • 特别是团好货目前页面展示方式虽然与拼多多十分相似,在价格上似乎也是在抢滩拼多多的下沉市场,#互联网资讯# 但团好货目前却并不具备拼多多“拼团”、社交分享等多个功
  • #玉器行业VLOG# #玉器行业那些事# #致敬手艺人# @微博收藏 @翡翠观止禅意|莲花悟道[浮云]#我们的玉定故事[超话]# 悟道,是佛教用语,表明佛光普照
  • #京东##淘宝##内部优惠券分享联盟[超话]##优惠券[超话]##宝妈分享##淘宝优惠券[超话]#万利达(malata)绞肉机家用打肉机搅拌机全自动辅食料理机电
  • 乳胶胸垫是手掌式的,聚拢亲肤,让胸部24小时都享受SPA!买过她们家内衣的基本都变回头客了,我跟大家一样现在衣柜里都是她家的内衣啦[并不简单]这次带来的也是很适
  • #每日一善[超话]##日行一善# #清酒深杯# 指路【不要带链】持而盈之不如其已;揣而锐之不可长保;金玉满堂莫之能守;富贵而骄,自遗其咎。——晁说之  四、
  • ”她看着他,“我希望两个人全心全意地爱着对方,这样的婚姻才是有意义的,还记得我们以前说过的吗,相爱到老。而我,也会努力去找另一个更好的人,去获得另外的经历,大家
  • 毁掉孩子只要逼他 ————说一千,到一万就是家长要有正确的教育方法,孩子还得是那样的!但是,这个方法,绝对不适合所有的孩子!
  • 由于蒸馏过程中,原先加入的盐沉淀在罐内,罐内的液体不能完全蒸发,这些未经最后蒸发的液体不能加入到纯露里面,一旦加入,盐势必混入,纯露的颜色是透明无色的。玫瑰纯露
  • 1948年首次在巴黎车展上亮相后,经历了数代人们的使用,真正的成为了法国历史的一部分[文明遛狗]。1948年首次在巴黎车展上亮相后,经历了数代人们的使用,真正的
  • 以前觉得啥时候能离开学校工作啊,工作后就能坦坦荡荡有时间看电视剧消遣了 后来发现too young too simple啊,从威廉出生开始我可能就没看过电视了[
  • 倘若哪天我控制住嘴了,一天瘦两斤都是有可能的[允悲]美妆拆箱X6皇冠睫毛夹get√其实看中了好几款睫毛夹,但这款胜在它有个外壳,我太爱收纳了,就喜欢用完之后可以
  • 除了赏江景,这家店本身也非常适合拍照打卡,可以说这是我在一家火锅店拍照打卡时间最长的一次体验。你所做的这一切行为,都是在稀释你自己的价值。
  • 这些都是对微商代运营公司实力的考验,也是微商品牌规划的核心流程二、活动策划微商代运营将不时为该品牌策划各种宣传和推广活动,并利用各种活动和令人耳目一新的广告来吸
  • 整整一个星期后再回到广州的感觉真好,虽然下周又有三天要离开这里,但正在因为有了离开,才有回来时的熟悉感。今天还接到了来自人力的通知,让我在下个月前完成续约。
  • 报告显示,这项研究的时间截至7月16日,研究人员分析了日本国内3600多名新冠病毒感染者以及经航班入境的67名感染者的病毒基因组序列,并和世界各地研究人员公
  • 【庐江的青年朋友们,请查收这份志愿者招募令】近日,庐江团县委在全县发起倡议,号召青年志愿者参与防汛救援安置工作,受到广大青年朋友们的积极响应,截止目前已经招募志
  • 辽宁省博物馆供图  女皇武则天的除罪金简  河南博物院的镇馆之宝之一“武则天金简”是现存唯一一件属于武则天的文物,它的发现也极具戏剧色彩。它既是唐代文化艺术、制
  • 可这些,并不足以撼动我们对梦想的追求。!
  • 梅长苏站住了脚步。你如何劝服他?
  • ️ 城市的夜晚,电视上播放着其他人的演唱会,盯着屏幕的我眼神迷离,那是你吗,那是我心上的男孩吗?万人会场闪烁的荧光棒,聚光灯下那帅气的身影。