#微博[超话]# ༄༅། །སྒྲ་མདོ་ཆེན་པོ་བཞི་གསུང་མཁན།
རིམ་པ་བཞིན་དུ་པཱ་ཎི་བ་གསུང་མཁན་འཕགས་པ་འཇིག་རྟེན་དབང་ཕྱུག། དབྱངས་ཅན་མ་གསུང་མཁན་ལྷ་མོ་དབྱངས་ཅན་མ། ཙནྡྲ་བ་གསུང་མཁན་སློབ་དཔོན་ཙནྡྲ་གོ་མི། ཀ་ལཱ་བ་གསུང་མཁན་གཞོན་ནུ་གདོང་དྲུག་བཅས་སོ།།
声明学四大著述:《积分论》、《月八戒论》、《妙音论》和《巴尼巴》等古梵文四大家的声明学著述。

༄༅།།དེ་རིང་དགོང་དྲོར། སློབ་མ་ཚོགས་པའི་སློབ་སྦྱོང་ཚན་ཁག་གི་གོ་སྒྲིག་འོག་ཏུ། ལོ་རིམ་གསུམ་གྱི་འཛིན་གྲྭ་ཁག་གསུམ་པོས་མཉམ་སྒྲུབ་བྱས་པའི་གཟའ་མཇུག་རིག་གཞུང་བགྲོ་གླེང་དེ་ལེགས་པར་འཚོགས་གྲུབ། འཛིན་གྲྭ་ཁག་གསུམ་ནས་བདམས་ཐོན་བྱུང་བའི་སློབ་མ་དྲུག་གིས། མི་རིགས་བར་གྱི་འབྲེལ་ལམ་དང་མཐུན་སྒྲིལ་སྐོར་ནས་སྲོང་བཙན་སྒམ་པོ་ཞེས་པ་དང་། ས་པཎ་ཀུན་དགའ་རྒྱལ་མཚན་ཞེས་པ། འཚོ་བའི་ཉེར་མཁོའི་ཐད་ནས། སྦྲ་ནག་ཅེས་པ། ཀྲུང་ཧྭ་མི་རིགས་དར་རྒུད་ཀྱི་སྐོར་ནས་མི་རིགས་ཀྱི་སྐད་ཡིག་ཅེས་པ་སོགས། སློབ་མ་རང་རང་གི་རིག་པའི་རྩལ་འདྲ་མིན་ལ་ལྟོས་པའི་བགྲོ་གླེང་ཅི་ནུས་བྱེད་ཅིང་། བགྲོ་གླེང་བ་རེ་རེའི་སྐད་ཆ་མཇུག་རྫོགས་མ་ཐག་ཏུ། ཚོགས་ཞུགས་མི་སྣའི་ཁྲོད་ནས་དྲིས་པའི་དྲི་བ་སྣ་ཚོགས་ལ་ལན་འདེབས་པ་བཅས། མདོར་ན། སློབ་མ་ཚོས་རང་ལ་ལྟོས་ཚོད་ཀྱི་བགྲོ་གླེང་འཁྲུག་པོ་བྱེད་པ་དེས། སློབ་མ་རྣམས་ཀྱི་སློབ་སྦྱོང་ལ་སྐུལ་འདེད་དང་། དཔེ་ཀློག་གི་འདུ་ཤེས་ཇེ་ཆེ། ཡིན་མིན་འབྱེད་པའི་རིགས་ལམ་གསོ་སྐྱོང་། གཏམ་བཤད་ཀྱི་སྤྲོ་སྣང་བསྐྱེད་སྲིང་སོགས་ལ་ཕན་ཐོགས་ངེས་ཅན་ཞིག་ཡོད་པར་ངེས་སོ།།
ང་རང་གཟའ་འཁོར་འདིའི་སློབ་མའི་བགྲོ་གླེང་གི་ཕྱོགས་བསྡོམས་དགེ་རྒན་དུ་འཁེལ་བས། བགྲོ་གླེང་གི་མགོ་མཇུག་ཆ་ཚང་ལེགས་པར་མཉན་ཞིང་བློ་བསྐྱེད་གང་འཚམ་ཐོབ་པ་ལྟར་ཕྱོགས་བསྡོམས་ཀྱང་ཅི་ནུས་ཤིག་བྱས་སོ།།

སྒྱུ་འཕྲུལ་འོད་ཀྱི་ལྷ་ཁང་།
ཚིག་གངས་དཔལ་གྱིས་བརྩམས།
དབྱངས་བསམ་པའི་དོན་འགྲུབ་ཀྱིས་བརྩམས།
གཞས་མཁན། བསམ་པའི་དོན་འགྲུབ།

གསང་སྔགས་བྱང་ཆུབ་གླིང་ནས།།
ཤར་གྱི་གསེར་སྒོ་ཕྱེས་བྱུང་།།
ཉ་རྒྱབ་དུང་དཀར་བསྒྲིགས་མའི།།
སྒྱུ་འཕྲུལ་འོད་ཀྱི་ལྷ་ཁང་།།
གསེར་འཕྲུ་ཆོས་འཁོར་རེ་ནས།།
འོད་ཟེར་སྟོང་ལྡན་འཕྲོས་བྱུང་།།
མཆོག་གསུམ་བྱིན་རླབས་ཆེ་བ།།
ཐུབ་དབང་ལོངས་སྐུའི་ཇོ་བོ།།

གསང་སྔགས་བྱང་ཆུབ་གླིང་ནས།།
ལྷོ་ཡི་དུང་སྒོ་ཕྱེས་བྱུང་།།
གཡེར་ཁའི་དྲིལ་ཆུང་སིང་སིང་།།
མཁའ་སྤྱོད་གྲོགས་ལ་ཤར་བྱུང་།།
གསེར་ཁྲི་སེང་སྟོད་ཡག་བྱུང་།།
མེ་ཏོག་ཆར་བ་བབས་བྱུང་།།
བླ་མ་རྡོ་རྗེ་འཆང་བའི།།
དབུ་རྒྱན་པན་ཞྭ་ཡག་བྱུང་།།

གསང་སྔགས་བྱང་ཆུབ་གླིང་ནས།།
ནུབ་ཀྱི་དངུལ་སྒོ་ཕྱེས་བྱུང་།།
ལྷ་ཁང་བད་ཀ་ཡག་བྱུང་།།
གཡུ་ཡི་མཎྜལ་བཤམས་འདྲ།།
མཆོད་འབྲུ་སྣ་ལྔ་ཁྱེར་ཤོག།
ལྷ་རེག་ཨ་ཤེ་བཏེགས་ཤོག།
ཆོས་སྐུ་རེ་རེའི་ཞལ་ལ།།
མེ་ཏོག་མཆོད་རྒྱུན་བསྒྲོན་ཆོག།

གསང་སྔགས་བྱང་ཆུབ་གླིང་ནས།།
བྱང་གི་གཡུ་སྒོ་ཕྱེས་བྱུང་།།
ཀ་བ་རིན་ཆེན་གསེར་ཤན།།
གདུང་མ་རིན་ཆེན་དངུལ་ཤན།།
དེ་འདྲའི་དཀོན་མཆོག་ཕོ་བྲང་།།
མཇལ་ན་ལས་སྣང་དག་པ།།
ཀ་གདན་རྡོ་སྙིང་གཡུ་ལ།།
ཕྱག་སྐོར་ལན་གསུམ་མཆོད་འདོད།།


发布     👍 0 举报 写留言 🖊   
✋热门推荐
  • 2、精仿一比一卡地亚钥匙系列精仿一比一品质价格是1200到2000元,比较像,高端货,外观方面已经比较像了,表壳也是用的精钢材质了。2、精仿一比一卡地亚钥匙系列
  • 坐观宋室用五鬼,不见虞廷诛四凶。坐观宋室用五鬼,不见虞廷诛四凶。
  • 12.管好自己的财产,人性经不起试探,男人可能会让你悲痛欲绝,但钱绝对不会。2.尽量不跟公婆住一起,不是为了摆脱赡养的义务,而是距离产生美。
  • 而对于已经入门的朋友,并且有一定经济实力之后(预算在3万以内)帝舵、名士、艾美、浪琴等名牌是不错的选择,欧米茄入门级也不错。欧米茄新款海马300[腕表时代 评测
  • 博物馆也逛了,我真的有职业病吧,看见文言文就想翻译…好在干这一行,脑子里多少有那么一点知识,还能给我妈做专属讲解。我和妈妈说,任何事情都是有遗憾的,但是出来玩,
  • (黄伟文)春风再美也比不上你的笑,没见过你的人不会明了。(黄伟文)春风再美也比不上你的笑,没见过你的人不会明了。
  • !!
  • 一年了,长公主艳芬收获了我们很多的爱,它要跟我们说再见了,再见即是重逢,阿易会出更多的专辑,但刘艳芬永远独一无二,它是身边每个鲜活又努力生活的人的缩影。整理一下
  • 【拍下后】看了对光之后,因为有明显痕迹(p4)想收状态好的送亲友,于是和卖家说抱歉不要了。卖家在主页只写了可直拍,【没有写状态】于是我私信询问能不能拍下发对光,
  • 留刀的第二点,说明了巴太还是在乎踏雪死亡的这件事情,看到结尾的小伙伴都知道,巴太剪掉了爸爸不喜欢的长发,与马场的合同也到期了,说明这一次他是下定决心开始新的生活
  • 1️⃣还是高冷面无表情的拍照适合我2️⃣3️⃣我只会装但并不甜4️⃣5️⃣续上次晚霜后续,又掉入了HBN的甜坑,双A醇晚霜适宜晚上使用,果断入手了原白霜,按照周
  • 正赶上很多小朋友来春游,看见我们摊开披萨,就有人说,“哇,披萨啊。[允悲][允悲]坐车坐得我都困了,等进到公园,妥妥地太阳当头。
  • INFP会喜欢的文案1、故事感2、浓浓意境3、日向晚 声声慢4、欲语泪先流5、一场情绪的逃跑6、越过苦难向春山7、是期待还是落寞8、斜月沉沉藏海雾9、明知是戏
  • 请看教程链接投票直达请看评论区 [哇]独断万古荒天帝,不负苍生唯负己,大家多多加油呀[哇][哇]#石昊[超话]#sh#荒天帝石昊# sh#完美世界石昊# 完美世
  • ”廖小红听到她的低语,惊喜地说道,“陆总十五岁,不就是你十四岁?”廖小红听到她的低语,惊喜地说道,“陆总十五岁,不就是你十四岁?
  • 这让我很恼火,说话就不客气起来,我说道;地址弄错了确实不是你的责任,但是错的并不离谱,不是南边的货让你拉到北边去了,这样你多要点钱也说的过去,问题是地址虽错了,
  • 可无论曾经的日子有多么艰难,记得给自己一个大大的拥抱,感谢在过往时光里,一路坚持的自己。可无论曾经的日子有多么艰难,记得给自己一个大大的拥抱,感谢在过往时光里,
  • ”海南景鹏农业有限公司董事长助理陈志远说,陵水荔枝具有上市早、品质好的特性,今年荔枝产季开局,该公司已出口陵水荔枝200吨,力争全年出口荔枝2000吨以上。种植
  • #郑容和[超话]# 目前正在和主办方协调,尽量为大家争取更多的团[跪了][跪了][跪了]虚拟发货后,请各位尽快确认收货,过时订单将会被取消。不管团还是转的设定,
  • 6月14日(月)の放送では、髙橋ひかるとロバート・秋山竜次をゲストに迎え、「25歳年上という事実を死ぬ気で隠していた妻と7年間まったく気づかずちょっと年上くらい