ད་ལྟ། ང་ཚོ་ཚང་མ་ཁ་ཐུམ་མ་བརྒྱབ་ན་མི་ཆོག་པའི་ཡུལ་དུས་གནས་བབ་ཅིག་དང་ཕྲད་ནས་ཡོད། གཅིག་ནི་ནད་ཡམས་སྔོན་འགོག་གི་ཁ་ཐུམ་དང་། གཅིག་ནི་སྨྲ་བརྗོད་སྔོན་འགོག་གི་ཁ་ཐུམ་མོ།། ཁ་ཐུམ་སྔ་མ་མ་བརྒྱབ་ན། ནད་ཡམས་འགོ་བའི་ཉེན་ཁ་དང་འཕྲད། ཁ་ཐུམ་ཕྱི་མ་མ་བརྒྱབ་ན། ཁ་འཁྲུག་སྨྲ་བའི་ཉེན་ཁ་འབྱུང་། སྔ་མ་ནི། ལུས་སྲུང་བྱེད། ནད་འགོག་བྱེད། ཚེ་སྲིང་བྱེད་ཀྱི་ཁ་ཐུམ་སྟེ། བལྟས་ན་རིག་རྒྱུ་ཡོད་པའི་རས་སྲབ་ལག་འཐིལ་འདྲ་བ་ཞིག །ཕྱི་མ་ནི། གཏམ་འགོག་བྱེད། རྫུན་འགེབ་བྱེད། དབང་སྲུང་བྱེད་ཀྱི་ཁ་ཐུམ་སྟེ། མི་མངོན་མཐུ་ཤེད་བཙན་པའི་ཁ་ཐུམ་ལྕགས་ཀྱི་ལུང་པ་འདྲ་བ་ཞིག་གོ །
༈ མཁྱེ༵ན་པའི་ཤེ༵ས་ར༵བ་མདོ་རྒྱུད་དོན་ལ་རྒྱས།།
བརྩེ༵་བའི་ཐུགས་རྗེ་བཟ༵ང་པོ༵་སྤྱོད་ལ་དགོངས།།
ནུ༵ས་པའི་ཕྲིན་ལས་ལྔ་བདོའི་དུས་འདིར་སྨན།།
མཚུངས་མེད་བླ་མ་བསྐལ་བ་རྒྱ་མཚོར་བརྟན།།
བརྩེ༵་བའི་ཐུགས་རྗེ་བཟ༵ང་པོ༵་སྤྱོད་ལ་དགོངས།།
ནུ༵ས་པའི་ཕྲིན་ལས་ལྔ་བདོའི་དུས་འདིར་སྨན།།
མཚུངས་མེད་བླ་མ་བསྐལ་བ་རྒྱ་མཚོར་བརྟན།།
ད་ལྟ་མཇལ་དུ་ཡོད་པའི་ཐེགས་ཆེན་པའི་ཆོས་དཔེ་སྔ་ཤོས། དུས་རབས་དང་པོའི་ནང་ཏ་ལའི་ལོ་མའི་ཐོག་བྲིས་པའི་《ཤེར་ཕྱིན་བརྒྱད་སྟོང་པ》ཀན་དྷ་རིའི་སྐད་དུ་བཞུགས་པ།#叶西达瓦[超话]#
✋热门推荐