ཧ་ཅང་དྲང་པོར་ཞུས་ན། ང་ཚོས་བོད་ཀྱི་རིག་གཞུང་ལ་ཞིབ་འཇུག་བྱེད་དགོས་ཀྱི་མི་འདུག སློབ་སྦྱོང་ཡག་པོ་ཞིག་བྱེད་ཐུབ་ན་དེས་ཆོག་སྙམ། དིང་སང་སྤྱི་ཚོགས་རིང་ལུགས་སློབ་གྲྭ་ཁག་ནས། འབུམ་རམས་པ་སྣ་ཚོགས་བསྐྱེད་བསྲིང་བྱས་ནས་ཡོང་གི་འདུག ཡིན་ནའང་། ཕལ་ཆེ་བས་བོད་ཀྱི་རིག་གཞུང་ལ་སློབ་སྦྱོང་བྱས་མི་འདུག དེ་བཞིན་ཕྱི་རྒྱལ་གྱི་སྐད་ཡིག་ཡང་ཡག་པོ་ཤེས་ཀྱི་མི་འདུག དེའི་ཕྱིར། མ་འོངས་པར་འབུམ་རམས་པས་བོད་ཀྱི་རིག་གཞུང་རྒྱུད་འཛིན་དར་སྤེལ་གཏོང་དགོས་ན་ཧ་ཅང་ཁག་པོ་རེད། ཅིས་ཀྱང་ཞིབ་འཇུག་བྱེད་དགོས་ཟེར་ན། ༼ཞིབ་འཇུག་ནི་སྒྱུ་རྩལ་ཞིག་རེད༽ཅེས་པའི་ནུབ་ཀྱི་ཞིབ་འཇུག་གི་ཐབས་ལམ་སྟོན་པའི་གཞུང་འདི་ལ་ངེས་པར་དུ་བལྟ་དགོས་ལ། གང་ལྟར། གུས་པས་བལྟས་ན་བོད་ཀྱི་རིག་གཞུང་ལ་ཞིབ་འཇུག་མ་བྱས་ཀྱང་ཉམས་ཆག་ཏུ་འགྲོ་མི་ཐུབ་སྙམ། དེ་ལ་སློབ་སྦྱོང་ནན་ཏན་བྱེད་མཁན་གྱི་མི་སྣ་བསྐྱེད་བསྲིང་བྱས་ན་དེས་ཆོག་པ་འདྲ་ལགས། — བན་ཤུལ་པས་ལྷ་སར། [拥抱][玫瑰][玫瑰][玫瑰]

མངའ་རིས་པཎ་ཆེན་ཉིད་བསྟན་པ་ཡོངས་རྫོགས་ཀྱི་བཤེས་གཉེན་ཡིན་ཚུལ།
༼བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་ཞེས་པ་དེ་འདྲ་ཞིག་ཟེར་བ་ལས། ཞྭ་མོ་སྣ་ཚོགས་གྱོན་ཐུབ་པ་ཙམ་གྱིས་མི་ཟེར་རོ།། གཤམ་གྱི་པར་རིས་གཉིས་པར་གཟིགས།༽
མངའ་རིས་གློ་བོ་མ་ཐང་འཁྲུངས་པའི་ཡུལ།།
བཙན་པོའི་གདུང་རྒྱུད་གུང་ཐང་རྒྱལ་པོའི་རུས།།
འཇམ་དབྱངས་རིན་ཅེན་རྒྱལ་མཚན་ཁྲོམ་པ་རྒྱན།།
སྐྱེད་པའི་ཐབས་ཤེས་མངལ་དུ་འཇམས་དབྱངས་སྤྲུལ།།
གཅིག་བཞི་གྱ་བདུན་མེ་ལུག་ལོ་རུ་བལྟམས།།
ཀུན་སྐྱོང་གླིང་པའི་ལུང་བཞིན་མཚན་ལ་ཡང་།།
པདྨ་དབང་རྒྱལ་ཞེས་གསོལ་ལོ་བརྒྱད་སྐབས།།
ཡབ་ལས་དགེ་བསྙེན་ཞུས་ཏེ་ཆོས་སྒོར་ཞུགས།།
ཉེར་ལྔའི་དུས་སུ་གློ་བོ་མཁན་ཆེན་སོགས།།
དགེ་འདུན་གྲངས་ཚང་མདུན་ནས་བསྙེན་པར་རྫོགས།།
ཞེ་གཅིག་ལོ་ལ་དབུས་གཙང་ཕྱོགས་སུ་ཕེབས།།
དགུང་ལོ་ཞེ་དྲུག་བསམ་ཡས་གཏེར་ཁ་བཞེས།།
ཞེ་བདུན་སྐབས་སུ་དབུས་ཕྱོགས་རྡོ་རྗེ་བྲག།
ཨེ་ཝཾ་ལྕོག་སྒར་འདུས་པའི་རྨང་གཞི་བཙུག།
ང་བརྒྱད་བཞེས་པའི་གཅིག་ལྔ་ཞེ་བཞི་ལོར།།
འོན་ཡུལ་སྨོན་ལྡན་ས་རུ་ཞི་བར་གཤེགས།།

དུས་རབས་ཤིག་གི་བོད་ཀྱི་བཟོ་རིག་མཁས་པའི་ཚབ་མཚོན་མི་སྣ། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ།རྒྱལ་ཁབ་རིམ་པའི་སྨན་ཐང་ལུགས་ཀྱི་རྒྱུན་འཛིན་ལྷ་རིས་པ་དགེ་བའི་བཤེས་གཉེན་བསྟན་པ་རབ་བརྟན་མཆོག་དགོངས་པ་གཞན་དོན་དུ་གཤེགས་པ་ཐོས་པས་ང་ཚོ་མགོ་ལོག་བཅུ་ཕྲག་རིག་མཛོད་སློབ་གླིང་ངམ་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭས་ཕངས་སེམས་ཆེན་པོས་གུས་འདུད་དང་བཅས་མྱ་ངན་ཞུ། [蜡烛][蜡烛][蜡烛] [蜡烛]
ཁོང་གིས་སྐུ་ཚེ་གང་བོར་གངས་ཅན་བཟོ་རིག་པ་སྤྱི་དང་བྱེ་བྲག་སླར་གསོ་དང་རྒྱུད་འཛིན་དར་སྤེལ་གྱི་མཛད་པ་རྒྱ་ཆེ་ཞིང་བུ་སློབ་གྲངས་མེད་པ་གསོ་སྐྱོང་གནང་སྟེ་རིག་གཞུང་ཆེན་པོ་འདི་ལག་ལེན་དང་བཅས་ས་ཡི་སྟེང་དུ་ད་དུང་མུ་ནས་མུ་རུ་མི་ནུབ་དར་ཞིང་རྒྱས་ལ་ཡུན་ཏུ་གནས་པའི་བཀའ་དྲིན་སྩལ་ཡོད་པ་མ་ཟད།

ལྷག་པར་དུ་ང་ཚོའི་སློབ་གྲྭའི་སློབ་གཙོ་སྤྲུལ་སྐུ་རྡོ་རྗེ་བརྟན་མཆོག་གིས་ཐུགས་ཀྱི་རེ་བ་ལྟར་སློབ་གླིང་འདིར་གདན་ཞུས་མཛད་དེ་མཚན་འཛིན་སློབ་གཙོའི་འགན་བཞེས་ཤིང་སློབ་མ་ཡོངས་ལ་རི་མོའི་ལོ་རྒྱུས་སོགས་བཀའ་སློབ་གནང་བ་མ་ཟད། ཁོང་གིས་ཕྱག་བྲིས་གནང་བའི་སྨན་རྙིང་ལུགས་ཀྱི་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་སློབ་གླིང་ཞེས་པའི་སྒོ་བྱང་བསྩལ་ཏེ་མ་འོངས་པའི་ཚེ་རྒྱུན་འཛིན་དང་དར་སྤེལ་རྒྱ་ཆེར་ཡོང་རྒྱུའི་ཞལ་བཀོད་བླ་མེད་མཛད་པ་སོགས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་།

སློབ་གཙོ་རྡོ་རྗེ་བརྟན་མཆོག་གིས་སྤྱིར་གངས་ཅན་བོད་ཀྱི་ལྷ་རིས་སྒྱུ་རྩལ་རིག་གནས་འཕེལ་རྒྱས་དང་སྒོས་སློབ་གླིང་གི་ཐང་གའི་འཛིན་གྲྭ་ལ་རི་མོའི་དངོས་གཞིའི་སློབ་དེབ་གསར་པ་ཞིག་དགོས་པའི་རེ་ཞུས་ལྟར་དགེ་རྒན་ཆེན་མོ་ཁོང་དགུང་ལོ་བརྒྱད་ཅུ་ལ་ཕེབས་ཀྱང་ཁོང་གིས་དེ་དོན་ཞལ་བཞེས་གནངས་ཤིང་སློབ་གཙོ་རྡོ་རྗེ་བརྟན་མཆོག་དང་དགེ་རྒན་ཁོང་རྣམ་པ་གཉིས་ཀྱི་ཞལ་བཀོད་ལྟར་ཁོང་གི་དངོས་སློབ་བམ་སློབ་གླིང་འདིའི་དགེ་རྒན་དྭགས་སྨད་ཡེ་ཤེས་རྡོ་རྗེ་དང་ཀ་བཀྲ་ཤིས་རྣམ་རྒྱལ་གཉིས་ཀྱིས་གཙོ་སྒྲིག་གི་འགན་དང་དུ་བླངས་ནས༼བོད་ཀྱི་རི་མོའི་སློབ་དེབ་བློ་གསལ་དགའ་སྟོན།༽ཞེས་བྱ་བ་དེབ་སྟོད་སྨད་གཉིས་ད་ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་ཏེ་ལེགས་འགྲུབ་ཡོང་བ་འདི་ད་ལྟ་བསམ་ན་དམ་པ་ཁོང་གིས་ཚེ་མཇུག་འདིར་འུ་ཅག་གངས་ཅན་
ལྗོངས་ཀྱི་ལྷ་རིས་པ་སྤྱི་དང་ཁྱད་པར་དུ་ཁོང་གི་སློབ་རྒྱུན་འཛིན་པ་དག་གི་བགོ་སྐལ་དུ་བཞག་པ་ལགས།

དགེ་རྒན་དམ་པ་ཁོང་སྐུ་གཤེགས་པའི་དུས་འདིར་ས་ལམ་ལ་བར་ཆད་མི་འབྱུང་ཕྱིར་དུ་བསྔོ་བ་དང་སྨོན་ལམ་གང་ཟབ་ཞུ་རྒྱུ་ཡིན།

[蜡烛][蜡烛][蜡烛]

སྤྱི་ལོ་༢༠༢༢ལོའི་ཟླ་༩པའི་ཚེས་༡ལ་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭས།


发布     👍 0 举报 写留言 🖊   
✋热门推荐
  • 结句则采用了中国诗词用典时暗示的力量,纳兰容若有意让词意由“饮牛津”过渡到“牛衣对泣”的典故,他是权相明珠之子,家产本不贫穷,现在用“相对忘贫”之语,无非说如果
  • “心”最爱攀缘:避免控制呼吸:上一阶段的困难克服以后,有某些人会发现自己虽不再攀缘色声香味触法,但是却会发觉自己有些呼吸困难,或者喉咙似有草丝哽住,觉得不舒服。
  • 由于太过爆炸,晚上吃完饭自己一个人去散了会步,好像很久之前我就是一个人散步了,没有人陪我,就会显得也有些无聊吧,但可能也在适应晚上回来看了个电影《弱点》不是我喜
  • 一个没什么社会经验的女大学生,就这样逐渐沦陷在富二代的猛烈攻势之下,没过多久,吉星鹏就和祁可欣在一块了。吉星鹏是南京有名的富二代,一次偶然的机会下,在酒吧认识了
  • 以前考完试回来 每次我姥都做好韭菜鸡蛋馅饺子等我回来 不管考过没考过 今天考科三 昨天晚上我还因为我姥生病了 不能给我做饺子emo今天考完科三回家一进门
  • 我是没对象但我不是脑残 不至于那么明显我还看不出来 大晚上的刺激我合适吗合适吗不过看在他回来请我们吃烧烤的份上勉强接受了这份刺激吧 综上所述:一个敢讲 一个不
  • 两市缩量,资源股和地产股也没有捞到便宜,既然追击无力,索性试底,连续调整的“老妖们”股权变更概念出现试底盘。#单读视频# 戳右预定观看:TBS超声波行动美容仪全
  • 背后那个头饰很明显我图上没有,我也不知道有这个东西,你看到了图为什么不问我?我每次收到二手假发都是乱糟糟的衣服也皱的离谱,每次卖二手都把假发顺的好好的衣服也熨好
  • 致我的爱人:余心乐,你太吝啬了,十年怎么只来我梦里次,唯一这一次,你居然叫我朝前走。傻子,都这种时候了,你还在想着,我被欺负的时候是不是也那么疼。
  • (最后一张图片开玩笑的,不炒真人CP)拜托关注剧,真朋友才会互怼斗嘴,而且小姐姐性格就是这样飒飒的,我不觉得有什么问题啊。在这遭之前,有人觉得姚老板人间仙子不是
  • 所以你是故意的吧,早早的走了,不想让我们看到你不堪的样子。今年据说不能冠军就要解散,我已经躺平了,就像小虎说的,我们都能想到的问题,教练和队员肯定都能想到,但是
  • #阳光信用# [抱一抱]#每日一善# 听说这样可以恢复gct 为了gct[爱你]祝你生意好,万事无烦恼;祝你财源广,宾客赶不跑;祝你口碑妙,日夜进钞票;祝你心
  • 面对无情雨,抚琴弄笛秋去也,只盼君再回。黄梁枕,南柯梦,一笔勾消事与非。
  • 这个世上有些事,不是不懂,而是不屑,只为内心的宁静祥和;有些人,不愿与之争,乃是尊重,彼此都有自己的生活方式和空间。这个世上有些事,不是不懂,而是不屑,只为内心
  • 【 第十三届中国艺术节全国演艺及文创博览会将展现天津文化发展新形象】#十三艺节看天津# 第十三届中国艺术节全国演艺及文创博览会将于9月2日在津举行,展会期间“主
  • (具体不展开,回头有空再写个解读[doge])剧情之外,刘亦菲与陈晓两位演员和角色的适配度非常高,刘亦菲亦刚亦柔、陈晓亦正亦邪的个人特质和角色相符,在表演上褪去
  • #叶舒华绝美素颜# ysh#叶舒华直拍# 【D-17 为了叶舒华而努力的事情】(是的为了完成每个月的指标我回来了)最近的话应该就是好好运动和学韩语吧 我本质是经
  •  捋顺的流年里,我愿守护你在春暖花开,品万物的复苏,听爱你的心悸动;我愿守护你在夏至凉暖,看生命的热情,听爱你的心懵懂;我愿守护你在秋高气爽,聆落叶的随风,听爱
  •   為符合《預防及控制疾病(規定及指示)(業務及處所)規例》(第599F章)及相關行政指令的規定,公眾人士在進入康文署轄下表演場地前必須利用手機/其他流動裝置
  • 政策Q&A近日,国务院召开常务会议,研究加大困难群众基本生活保障有关工作。 政策Q&A近日,国务院召开常务会议,研究加大困难群众基本生活保障有关工作。