ཆུང་དུས་སུ་རྒན་རྒོན་ཚོས་ཟླ་འཛིན་ལ་གཟའ་ཚ་བ་ཟེར། ཟླ་བར་ལྟ་རུ་མི་འཇུག བལྟས་ན་གཟས་འཛིན་རྒྱོ་ཟེར། གཟའ་ཚ་དུས་བསང་ཕུལ་བ། དུང་འབུད་པ། འཁར་རྔ་རྡུང་བ་བཅས་ཡིན། མ་ཎི་འདོན་མི་འདོན་ཅང་མི་དྲན་པར་མི་འདུག དེང་སྐབས་ཀྱི་བཅའ་སྟངས་དེ་བལྟས་ན་གཡམ་རྒྱུགས་བྱེད་པའི་སྣང་ཚུལ་ཞིག་འེ་མི་ཡིན་བསམ། [微笑]
དབང་ལྔ་ཡུལ་ཆགས་པའི་རྣམ་གཡེང་དང་།།
དུག་གསུམ་མལ་དུ་ལུས་ཏེ་ཚེ་སྟོད་ཤོར།།
ད་ནས་བཟུང་སྟེ་ཚེ་ཡི་ལྷག་མ་འདིར།།
རང་རྒྱུད་ཆོས་དང་འདྲེས་པའི་ཕྱོགས་ལ་སྤྱད།།
རྨ་མདུད་གྲོལ།།
དུག་གསུམ་མལ་དུ་ལུས་ཏེ་ཚེ་སྟོད་ཤོར།།
ད་ནས་བཟུང་སྟེ་ཚེ་ཡི་ལྷག་མ་འདིར།།
རང་རྒྱུད་ཆོས་དང་འདྲེས་པའི་ཕྱོགས་ལ་སྤྱད།།
རྨ་མདུད་གྲོལ།།
དགའ་སྡུག་སྒྱུ་མའི་ངོ་སོ་འཇའ་ཡི་སྣེ།།
ཟིན་དུ་འདོད་པའི་ངལ་བ་རིང་སྤངས་ཏེ།།
འདུན་མའི་ལག་ཟུང་བརྟེན་ས་མཆོག་གསུམ་གྱི།།
བསླུ་མེད་ཐུགས་རྗེ་མཁར་བ་ཁོ་ནར་རེ།།
ཟིན་དུ་འདོད་པའི་ངལ་བ་རིང་སྤངས་ཏེ།།
འདུན་མའི་ལག་ཟུང་བརྟེན་ས་མཆོག་གསུམ་གྱི།།
བསླུ་མེད་ཐུགས་རྗེ་མཁར་བ་ཁོ་ནར་རེ།།
✋热门推荐