དོ་ནུབ་ཁྱེད་རང་གནམ་མཐའི་སྤྲིན་པ་འདྲ།།
ཟླ་བ་གོར་གོར་ཁྱེད་ཀྱི་ཕྱོགས་སུ་འགྲོ།།
གྲིབ་མ་ནག་པོ་ཁྱེད་ཀྱི་ཕྱོགས་སུ་འཁོར།།
སེམས་པ་ཤར་ལ་མི་འགྲོ་ནུབ་ལ་ཆགས།།
ཕྱི་མིག་བལྟས་པས་གནམ་མཐའ་སྨག་གི་བཟུང་།།
ངའི་མིག་མཐར་གློ་བུར་འཆི་མས་གདུང་།།
ཕྱི་དྲན་རེ་རེར་གངས་དང་སྨུག་པས་གཡོར།།
དྲན་རྟེན་རེརེར་བར་ཐག་གཙང་པོས་བཅད།།
༢༠༡༩.༤.༨ཉིན་བྲིས།
ཟླ་བ་གོར་གོར་ཁྱེད་ཀྱི་ཕྱོགས་སུ་འགྲོ།།
གྲིབ་མ་ནག་པོ་ཁྱེད་ཀྱི་ཕྱོགས་སུ་འཁོར།།
སེམས་པ་ཤར་ལ་མི་འགྲོ་ནུབ་ལ་ཆགས།།
ཕྱི་མིག་བལྟས་པས་གནམ་མཐའ་སྨག་གི་བཟུང་།།
ངའི་མིག་མཐར་གློ་བུར་འཆི་མས་གདུང་།།
ཕྱི་དྲན་རེ་རེར་གངས་དང་སྨུག་པས་གཡོར།།
དྲན་རྟེན་རེརེར་བར་ཐག་གཙང་པོས་བཅད།།
༢༠༡༩.༤.༨ཉིན་བྲིས།
༄།བརྒྱ་ལོ༡༨པར། དབྱིན་ཇིའི་ཡུལ་དུ་སི་ཕིན་སེ(Herbert Spencer,༡༨༢༠།༤།༢༧–༡༩༠༣།༡༢།༠༨)བྱོན་ཅིང་། ཁོང་གིས་སྤྱི་ཚོགས་འཕེལ་འགྱུར་སྨྲ་བའི་རིགས་ལམ་བཏོད་དེ། “འཕེལ་འགྱུར”བྱ་བར་ངེས་ཚིག་སྦྱིན། ཁུམ་ཐེ(Comte)དང་ལྷན་དུ་སྤྱི་ཚོགས་རིག་པའི་རྣམ་གཞག་གི་ཤིང་རྟའི་སྲོལ་བཏོད།
རི་མོ་མཁས་པས་པིར་གྱིས་བྲིས་འདྲ་བའི།།
འཇིག་རྟེན་ཁམས་ཀྱི་མཛེས་ལྗོངས་ཁག་ཅིག་ནི།།
མི་ཡི་སེམས་ལ་སྤྲོ་སྣང་སྦྱིན་པའི་སླད།།
འཇིག་རྟེན་བྱེད་པོས་ཆེད་དུ་བཟོས་པ་འདྲ།།
ལྟོས་དང་མུ་མཐའ་མིག་ལ་མི་མངོན་པའི།།
གཡུ་ཡི་མདངས་འཛིན་རྩ་ཐང་ཨ་སྔོན་དབྱིངས།།
གཡང་དཀར་ལུ་གུའི་སྤྲིན་ཚོགས་ལང་ལོང་འཁྲིགས།།
འབྲི་གཡག་ངུར་སྒྲའི་གཡུ་འབྲུག་ལྷང་ལྷང་ལྡིར།།
ལྷོ་དུང་ཟླ་ནས།༢༠༡༨/༣/༢༩ཉིན་བྲིས།
འཇིག་རྟེན་ཁམས་ཀྱི་མཛེས་ལྗོངས་ཁག་ཅིག་ནི།།
མི་ཡི་སེམས་ལ་སྤྲོ་སྣང་སྦྱིན་པའི་སླད།།
འཇིག་རྟེན་བྱེད་པོས་ཆེད་དུ་བཟོས་པ་འདྲ།།
ལྟོས་དང་མུ་མཐའ་མིག་ལ་མི་མངོན་པའི།།
གཡུ་ཡི་མདངས་འཛིན་རྩ་ཐང་ཨ་སྔོན་དབྱིངས།།
གཡང་དཀར་ལུ་གུའི་སྤྲིན་ཚོགས་ལང་ལོང་འཁྲིགས།།
འབྲི་གཡག་ངུར་སྒྲའི་གཡུ་འབྲུག་ལྷང་ལྷང་ལྡིར།།
ལྷོ་དུང་ཟླ་ནས།༢༠༡༨/༣/༢༩ཉིན་བྲིས།
✋热门推荐