༄༅།།སྒྲོལ་མའི་རླུང་རྟ་བསྡུས་པ།
འཇམ་དབྱངས་བླ་མ་རྗེ་བཙུན་གུང་ཐང་བསྟན་པའི་དབང་ཕྱུག་མཆོག་གིས་དྲུག་པའི་(ཚེས)དྲུག་ལ་ཡང་འཕྲིན་ལས་ལྷ་མཆོག་རྗེ་བཙུན་སྒྲོལ་མའི་ཞལ་གཟིགས་པ་སོགས་ཉམས་སྣང་ལེགས་པོ་བྱུང་བའི་རྐྱེན་གྱིས་སྐབས་དེར་སྒྲོལ་མའི་རླུང་རྟ་འདི་གསུངས་སོ།།

༄༅།།ཨོཾ་རྨད་བྱུང་བྱིན་རླབས་དངོས་གྲུབ་མ་ལུས་པ།།
སྩོལ་མཛད་བླ་མ་མཆོག་གསུམ་ཡི་དམ་ལྷ།།
ཁྱད་པར་ཡུམ་གཅིག་དགེ་མ་ཏཱ་རེ་མས།།
ངོ་མཚར་རླུང་རྟ་བསྐྱེད་པའི་ལས་མཛོད་ཅིག།

ངུར་སྨྲིག་རྒྱལ་མཚན་ཐིག་ལེར་འོད་ཆགས་ཤིང་།།
ལུང་རིགས་དཔའ་སྐད་ང་རོ་གཟེངས་མཐོན་པོར།།
སྒྲོག་པས་སྨྲ་ངན་རི་དྭགས་ཚར་གཅོད་པའི།།
སྟག་ལྟར་ངར་བའི་རླུང་རྟ་ཡར་ལ་སྐྱེད།།

བསྟན་འགྲོའི་ལེགས་བྱས་ཤེལ་དཀར་ལྷུན་པོའི་སྤོར།།
ཆོས་སྲིད་ཟུང་འབྲེལ་ལས་བཞིའི་རྩལ་རྫོགས་ཤིང་།།
ཁམས་གསུམ་ཟིལ་གནོན་ཁྲིམས་ཀྱི་གཡུ་རལ་རྫིག།
སེང་ལྟར་བརྗིད་པའི་རླུང་རྟ་ཡར་ལ་སྐྱེད།།

དྲེགས་ལྡན་ཟུར་ཕུད་ལྡེམ་པའི་མཁའ་དབྱིངས་སུ།།
ལུགས་གཉིས་གཤོག་ཟུང་བསྐྱོད་པའི་དབང་ཐང་གིས།།
སྐྱེ་དགུའི་གཙུག་ན་སྒེག་པའི་དཔལ་ཡོན་གྱིས།།
ཁྱུང་ལྟར་ལྡིང་བའི་རླུང་རྟ་ཡར་ལ་སྐྱེད།།

ལྷག་བསམ་ལྷོ་སྤྲིན་འཁྲིགས་པའི་ཀློང་ཡངས་ནས།།
བདེ་སྐྱིད་བདུད་རྩིའི་གྲུ་ཆར་ལྷུན་གྱིས་གྲུབ།།
གྲགས་སྙན་སྐད་གསེང་ཕྱོགས་ཀྱི་མཐར་འཇལ་བའི།།
འབྲུག་ལྟར་ལྡིར་བའི་རླུང་རྟ་ཡར་ལ་སྐྱེད།།

སྙིགས་མ་ལྔ་བདོའི་དུས་ཀྱི་ཐ་མ་འདིར།།
བསྟན་དང་འགྲོ་བའི་པད་ཚལ་བཞད་པའི་གཉེན།།
ལུགས་གཉིས་ཁྲིམས་ཀྱི་འོད་སྟོང་སྤྲོ་བ་ལ།།
མྱུར་ལྡན་རྟ་མཆོག་རླུང་རྟ་ཡར་ལ་སྐྱེད།།

རྒྱལ་བའི་འཕྲིན་ལས་གང་ལ་གང་འཚམས་སུ།།
ཞི་རྒྱས་དབང་དྲག་ལྷ་མོའི་སྐུར་ཤར་བ།།
བརྩེ་ལྡན་ཉེར་གཅིག་འཕགས་མའི་ཚོགས་རྣམས་ཀྱིས།།
བསམ་དོན་མྱུར་དུ་འགྲུབ་པའི་ལས་མཛོད་ཅིག།

བདག་གི་ལྷག་བསམ་རྣམ་པར་དག་པ་དང་།།
ཆོས་དབྱིངས་འགྱུར་བ་མེད་པའི་བདེན་སྟོབས་ཀྱིས།།
ཡིད་ལ་བརྣག་པའི་བསམ་དོན་མ་ལུས་པ།།
གེགས་མེད་བདེ་ལེགས་ཉིད་དུ་འགྲུབ་གྱུར་ཅིག།

ཅེས་པ་འདི་ནི༧ཤཱཀྱའི་དགེ་སྦྱོང་གུང་ཐང་བསྟན་པའི་དབང་ཕྱུག་གིས་སྦྱར་བའོ།།

ལོ་བརྒྱ་རེའི་མཚམས་སུ་སྙིང་ཐིག་གི་བསྟན་པ་སྤེལ་སླད་དུ་པཎ་ཆེན་བི་མ་ལ་སླར་ཡང་མི་ཡི་རོལ་བར་བསྒྱུར་ཞེས་པའི་ལུང་དོན་བཞིན་ཀུན་མཁྱེན་ངག་གི་དབང་པོ་ཁྱེད་ནི་ལུང་བསྟན་དེའི་དོན་མི་བསླུ་བའི་སྤྲུལ་སྐུ་དམ་པ་ཡིན་པར་རང་ཉིད་ཀྱིས་ཞལ་གྱིས་བཞེས། རང་རྣམ་དུ་འདི་ལྟར་ངོ་མཚར་ཆེ་བའི་དོན་ཟབ་གྱིས་གཏམས་ཡོད། སྙིང་ནས་སྐྱབས་སུ་མཆི། [爱心][合十][玫瑰]

སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ། །
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ། །
མཆོག་གསུམ་བདེན་པས་རྩད་ནས་ཆོད་གྱུར་ཅིག།

འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བའི་མཐུས། །
བདག་ལ་དྲིན་གྱིས་བསྐྱངས་པའི་ཕ་མ་དང་། །
སེམས་བསྐྱེད་ཞུ་ཡུལ་བླ་མ་སློབ་དཔོན་དང་། །
དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་གྲོགས་དང་། །
རྒྱུ་ཟས་འབྲེལ་བ་ཡོད་པའི་མི་རྣམས་དང་། །
བཞོན་ཁལ་སྲོག་གཅོད་འོ་ཞོ་འཐུང་བ་དང་།།
ཤ་ཁྲག་ཟོས་པའི་དུད་འགྲོ་མ་ལུས་པ། །
མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག།

སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །
མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་། །
ཀུན་ཏུ་བཟང་པོས་ བརྒྱན་པའི་གཞུང་གྲུབ་སྟེ། །
ངན་སོང་གནས་རྣམས་མ་ལུས་སྟོང་བར་ཤོག།

འདི་དང་དུས་གསུམ་འབྲེལ་བ་ཡིས། །
དགེ་རྩ་ཇི་སྙེད་བསགས་པ་ཀུན། །
མར་གྱུར་སེམས་ཅན་ཐམས་ཅད་ཀྱི། །
སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །


发布     👍 0 举报 写留言 🖊   
✋热门推荐
  • 」網友說當感覺到自己終於可以回到床上,身體才能動了,立即雞皮疙瘩心寒到天亮,難道他是短暫地靈魂出竅…香港屋苑靈異鬼故6.觀塘 秀茂坪有一位網友說父母以前經常去觀
  • 就看你敢不敢去承认,欢迎大家一起交流,#外汇##黄金##外汇黄金[超话]##外汇黄金##外汇[超话]##期货[超话]##伦敦金[超话]#我真的是一个非常非常话唠
  • 当你读懂了《心经》里的这三句话,就有了改变人生的神秘力量,必将福气盈门。当你读懂了《心经》里的这三句话,就有了改变人生的神秘力量,必将福气盈门。
  • 上个月27号跟清风去网吧,他就一直在玩,我就调侃他说了木木每天跟俩妹子一起玩,他就说他也想找妹子一起玩…当时有点乱七芭蕉的,他还说他挺喜欢这类游戏,于是我在网吧
  • 到了晚上以太坊才涨上来,一度也是突破了我说的3050的反弹位现在四小时MA5于MA10在以太坊下方有交金叉向上的迹象,附图指标在零轴下方同样拐头向上,绿色动能柱
  • 想想刚来这儿的时候啥也没有,慢慢的组建了小厨房,有了小小的洗漱架,有了电脑桌化妆桌,有了收纳的小柜子,有了小推车,有了鞋架,有了漂亮的床品~等等等。情况有在慢慢
  • 他同时又极有风骨,他现在不仅有一种疾风知劲草的坚韧气质,也有岁月里沉淀下来的智慧和通透、接近于哲思般的美感,那样优雅深邃又广阔无垠,像大海、像星空,让人想赞美,
  • 不可思议,如果真的不行动大概就是撂挑子不干了吧,满足是不可能的,这个世界根本就是个臭弟弟我可不觉得它好好吧[哼]而且根据一些奇怪的信条,我宁愿在真理大海里泅渡到
  • ”《巴基斯坦观察家报》这样评论说:“在贪婪的美国政客和企业的驱使下,美国夺走了阿富汗20年的稳定和安宁,在这场伤亡惨重的战争中,美国军工复合体是唯一赢家。曾有澳
  • tutuanna北京喜隆多购物中心店开业啦~喜欢anna酱家袜子、家居服、男袜、童袜还有时尚小物的公主们可不要错过了~现在,tutuanna店铺已装饰一新,店员
  • (以开通后为准)其中,贵阳市轨道交通S1线一期工程(皂角坝站-望城坡站)全长30.32公里,其中地下线22.64公里,高架及地面线7.68公里;共设皂角坝、贵安
  • ❤️过程选择、赞赏、行动完全自由的选择尽可能广泛的范围内自由选择对选择后果进行深思熟虑后进行选择作出喜欢的选择,并感到满意乐于向别人公布自己的选择根据作出的选择
  • 没有文案 只为好看小仙女‍♀️ 的花絮 - ·····MO YOUNG STUDIO ····· #郑州婚纱照##郑州婚纱摄影##郑州约拍##郑州摄影工作室##
  • 灵魂的身影一个个遥远而模糊,轻绕着的心,愿不离不弃,有多少良辰美景,又有多少梦里飞花,耳语轻言,缠绕着,沉浸在美梦里,不愿再醒。爱一个人,有多苦,只有自己最清楚
  • 希望对方175以上,经济独立,有稳定的工作,家庭简单点,不要离我家太远,不然重新适应一个全新的生活圈太累女嘉宾[爱心]。本科,独立,简单,直爽,死宅,被动,圈小
  • 晚上情绪作祟,终于忍不住了……提醒他,表示他这样吃饭不对,我生气了,提醒三次,状态无改变(很想竹条伺候了)自己忍住,不看他,坐沙发,但过了5分钟,他依然没有改变
  • 以前看就觉得只是普通的生物知识 现在才看懂这些也就释然了 每个人真正的存世时间就是当下的一瞬间 下一秒钟就已经是另外一个人了 突然就有些明白那些苦行僧三步一
  • 《fengfeng711090》 ---- cs1071-1王浩然因为自己市委副书微博推广记舅舅的关系,没少出没过这个酒店,但是他绝对忘不了最近的那场宴会微博
  • 时光从一节节车厢的寂静里爬过去在城市的寂静里走出来和着老厝边角潮湿的空气夜晚来得太迟我的身体里下着雨只能从天气预报里预知你家乡小镇的天气还好,我们不用词语说话的
  • 我的救助故事:今天跑半天基地,我实在太累了,困的不得了,却不敢睡,帖子时间不多了,我还要继续冲刺……这是求助我的又一只开快车撞了的可怜流浪毛孩…求助人说在他店外