སྲིད་གསུམ་ཁྱོན་ན་ཟླ་བྲལ་མགོན་གཅིག་པུ།།
མཉམ་མེད་ཤཱཀྱ་ཐུབ་པའི་ཐུགས་ཀྱི་སྲས།།
ཁ་བ་ཅན་གྱི་འཇམ་མགོན་བློ་བཟང་གྲགས།།
གང་སྐུའི་རྒྱལ་ཚབ་དབང་བསྐུར་མིའི་རྣམ་རོལ།།
འཇིགས་མེད་བསྟན་པ་རྒྱ་མཚོར་ཕྱག་འཚལ་བསྟོད།།

མཚན་དཔེའི་གཟི་བྱིན་འབར་བའི་རྡོ་རྗེ་སྐུ་ཡི་འོད་ཟེར་གྱིས།།
དཔལ་ཡོན་ལེགས་ཚོགས་རྣམ་ཀུན་འདུས་པའི་གཟིམ་ཆུང་ཡོངས་ཁྱབ་ཅིང་།།
གདུལ་བྱའི་ཁམས་ཀྱི་སྨག་རུམ་མ་ལུས་འོད་ཀྱིས་གསལ་མཛད་པ།།
གཟིམ་ཆུང་འོད་ཟེར་སྟོང་ལྡན་འགྲོ་ཀུན་འདྲེན་པའི་དཔལ་དུ་རྨད།།

གྲལ་མཐའ་བ་པདྨ་མིང་ཅན་དུ་འབོད་པས་བླ་མའི་གཟིམ་ཁང་ལེགས་གྲུབ་ལ་དགའ་མགུ་ཡི་རངས་ཀྱིས་སྦྱར་བ་དགེ་གྱུར་ཅིག།

ཨ་ཐང་ཆད་པའི་སྡོང་ལོ་སེར་པོ་ལ། །
མི་འདོད་སྟོན་གྱི་བཀའ་ཆད་ཕོག་པ་ན། །
སྙིང་སྡུག་རླུང་བུའི་སྐྱེལ་མ་རིང་མི་དགོས། །
སྙིང་གཏམ་ཚིག་གསུམ་བཤད་ལོང་ཡོད་པར་གྱིས། །

ཨ་རིའི་ཁྱིམ་བདག་ཅིག་གིས་ཉིན་རྒྱུན་ར་སྐོར་ནང་ལ་གད་བདར་བྱེད་པར་བྱིས་པ་ལས་རོགས་སུ་འཁྲིད་པ་ཡིན། ར་སྐོར་ཅུང་ཆེ་བས་བྱིས་པར་མཚོན་ན་རོགས་བྱེད་རྒྱུ་དེ་ཡང་ཤིན་ཏུ་ལྕི་བའི་ལས་ཀ་ཞིག་ལ་ཆགས་ཡོད། ཁྱིམ་མཚེས་ཚང་གི་བྱིས་པས་སྤྲོ་སྣང་ཆེན་པོའི་ངང་ནས་རྣོ་སྦྲེང་བརྡུངས་ནས་བསྡད་ཡོད་པའི་སྐབས་དེ་དག་ཏུ་ཡང་ཁོང་ཕ་བུ་གཉིས་ཀྱིས་ལས་ཚེགས་ཆེན་པོས་ཁང་བའི་ཕྱི་ཁྱིམ་ལ་གཙང་སྦྲ་བྱ་དགོས་པའི་སྐབས་ཀྱང་མང་བོ་ཡིན། སྐབས་དེ་དག་ཏུ་ཁོང་ཚང་གི་བྱིས་པས་ཀྱང་ཉིན་རྒྱུན་གད་བདར་བྱེད་པའི་ལས་ཀ་ཐབས་ཆག་པོ་འདི་དག་ལ་འཐམ་ནས་འདུག་པ་ལས། རྣོ་སྦྲེང་བརྡུངས་ནས་འདུག་རྒྱུ་བྱུང་ན་ཇི་འདྲའི་སྐྱིད་པ་ལ་སྙམ་སྟེ། ཁྱིམ་མཚེས་ཚང་གི་བྱིས་པར་ཡིད་སྨོན་སྐྱེས། ཨ་ཕར་ཁོ་ལ་ཡང་རྣོ་སྦྲེང་ཞིག་ཉོ་རྒྱུར་རེ་སྐུལ་ཡང་ཡང་ཞུས། ཨ་ཕས་བཤད་རྒྱུར་ཁྱིམ་མཆེས་ཚང་གིས་བྱིས་པས་ནི། རྣོ་སྦྲེང་ལེགས་པོ་རྡུང་ཤེས་པ་ཙམ་དུ་མ་ཟད་ཉིན་རྟག་པར་རྒྱུན་སྐྱོང་བྱེད་ཀྱིན་འདུག་པས། ཁོ་ལྟ་བུ་ལ། རྣོ་སྦྲེང་ཡོད་ན་འགྲིག་མོད། ཁྱོས་ནི་རྣོ་སྦྲེང་རྩ་བ་ཉིད་ནས་རྡུང་མྱོང་མེད་པས། ཉོས་ཀྱང་རྒྱུན་བསྐྱངས་ནས་སྦྱོང་མི་ཐུབ་པར་ངེས་པས་མི་ཉོ་རྒྱུ་བྱ། དེ་ལས་མུ་ནས་ར་སྐོར་ནང་ལ་གད་བདར་གཙང་མ་རེ་བྱེད་པར་འབོད་ཅེས་ཡང་ཡང་བཤད། ཉིན་ཁས་འགོར་བ་ན་ཡང་བསྐྱར་བྱིས་པས་ཨ་ཕར་བཤད་རྒྱུར་ཁྱོད་ཀྱིས་ང་ལ་རྣོ་སྦྲེང་ཞིག་ཉོས་པ་ཡིན་ན། རྒྱུན་སྐྱོང་ལྷོད་མེད་ཀྱིས་སྦྱང་ཐུབ་པར་ཁས་ལེན་དམ་བཅའ་བྱས་ཆོག་ཅེས་ཞུ་བ་ཡང་ཡང་བྱས། དེ་ནས་ཨ་ཕས་ཀྱང་ཁྱོད་ཀྱིས་རྒྱུན་སྐྱོང་བྱེད་པའི་དམ་བཅའ་འགྱུར་བ་མེད་པ་ཞིག་ཡོད་ན། ཉོ་རྒྱུ་བྱ་ཞེས་གོང་སླ་བའི་རྣོ་སྦྲེང་སྟབས་བདེ་ཞིག་ཉོས། ཟླ་ཤས་ཙམ་ལ་རྒྱུན་སྐྱོང་ལྷོད་མེད་ཀྱིས་སྦྱངས་པ་ན། གོང་སླ་བའི་རྣོ་སྦྲེང་དེས། བྱིས་པའི་ཡིད་མ་ཚིམ་པས་ཡང་དེ་ལས་བཟང་བའི་རྣོ་སྦྲེང་གསར་བ་ཞིག་ཉོ་བར་ཨ་ཕར་རེ་ཞུ་བྱས། ཕ་རྒན་གྱིས་རྣོ་སྦྲང་ལེགས་པོ་ཞིག་ཉོ་དགོས་ན། ཁྱོད་ཀྱི་རྡུང་རྩལ་གྱི་ཚད་གཞི་མཐོ་དགོས་པས་ད་དུང་མུ་ནས་སྦྱོངས་དང་ནམ་ཞིག་ལ་ཡར་བསྐྱེད་ཆེན་པོ་བྱུང་ན། དེ་ནས་ཉོས་ཆོག་ཅེས་བཤད། དེ་ནས་བྱིས་པས་ཀྱང་རྒྱལ་སྤྱིའི་མིང་རྟགས་ཅན་གྱི་རྣོ་སྦྲེང་སྤུས་ལེགས་ཞིག་ཉོ་ཐུབ་པར་སྔར་ལས་ཀྱང་འབད་བརྩོན་ཆེན་པོ་བྱས་ཏེ། མཐར་ཡར་རྒྱས་ཆེན་པོ་བྱུང་ནས། ཆེད་ལས་རྣོ་སྦྲེང་བ་ཞིག་གི་རྡུང་རྩལ་དང་གཉིས་སུ་མེད་པ་ཞིག་ཆགས། སྐབས་དེར་ཕ་རྒན་ཀྱང་ཡིད་འགུལ་ཐེབས་ཏེ། ཁོའི་འདོད་པ་ལྟར་དུ་རྣོ་སྦྲེང་ཧ་ཅང་ལེགས་པོ་ཉོ་ཐུབ་བྱས། རྗེས་མར་བྱིས་པ་དེ་ནི། ཤིན་ཏུ་གྲགས་སྐད་ཆེ་བའི་རྣོ་སྦྲེང་རོལ་མོ་བ་ཞིག་ཏུ་གྱུར་ཏོ།། གཏམ་རྒྱུད་འདིས་ནི། བྱིས་སྐྱོང་གི་ནམ་ངག་དམ་པ་ཞིག་བསྟན་ཡོད་པར་བཤད་ཀྱིན་འདུག་ན། མན་ངག་དེ་ཅི་ཞིག་ཡིན་མིན་ལ་སོ་སོས་དཔྱད་པར་འཚལ་ལོ།།


发布     👍 0 举报 写留言 🖊   
✋热门推荐
  • 第三步:后续续签①持在留签证入境,领取在留卡②持在留卡,14天内到区役所登录住址③财务做账报账,每年/三年/五年更新在留资格注意事项:1.在留签证入境,在海关入
  • 其实小编觉得这是非常正常的,根据小编看到的视频,张若昀只是帮助导演维持了一下现场的秩序,并没有说什么过激的语言,也没有过分的行动。(G)I-DLE和Ive在
  • 我可以很大度 也可以很小气 我可以很毫不在乎 有时候又敏感极了我可以很外向 有时也会很内敛我有时很乐观 但内心总被悲观主义占据我可以很爱吃甜品 可我就是不爱喝太
  • 对于一般砖混结构的房屋来说,卫生间等小开间的房间往往更安全,承重墙的墙角、墙边和构造柱旁,也是相对比较安全的部位,地震时,可以优先选择在这些地方避震。无论哪一种
  •   我存有你素颜未妆的照片,见过你全无形象的嬉皮笑脸;我晓得你吃得酸甜苦辣,知道你说今晚早睡就是屁话;   你爱听的歌曲,爱看的剧,喜欢的爱豆,我都知道,我还
  • VC真空弹也是超级好用的 抗 提亮效果不错,坚持用可以淡斑祛痘印~茉沙龙 I 爱茉诗AMOS 韩国专业沙龙美发品牌茉丝粉儿们快来看~今天是全新的茉享Tip环节
  • 【#日本福岛县葛尾村正式解除避难指示# 首次允许返乡定居】据共同社报道,当地时间12日上午8时,因东京电力公司福岛第一核电站事故导致的“返乡困难区域”内的福岛县
  • 天呐~白愁飞已经无欲无求啦~看着落寞的眼神已经变得越来越看淡世事冷暖~黑化吧~@摩登兄弟刘宇宁 [送花花]刘宇宁说英雄谁是英雄|刘宇宁白愁飞[打call]刘宇宁
  •  10、对于别人的刻薄言语,记住三句话“没事的,会过去的,我会变好的”! 11、要生气时,赶紧做“深呼吸” 让浮躁心情淡定下来,念佛,或避开对方;避免发口头弹来
  • #爱优牙[超话]#【上爱优牙,查医生案例,查正畸科普】想整牙但是对网上五花八门的信息有点不敢信,那就来这看看吧。推荐一款牙套妹都在用的小程序叫爱优牙,它里面涵盖
  • #电视剧去有风的地方[超话]#三天两头内涵吵架累不累啊……我看现在解决争端的最好办法就是——不装了!我就是爹不疼娘不爱的cp粉本粉!
  • 黄进,男,藏族,1980年6月生,党校研究生,中共党员,现任得荣县委书记、二级巡视员,拟提名为市(州)领导班子副职候选人。嘎绒拥忠,男,藏族,1970年8月生,
  • 一家班列运营公司相关负责人向证券时报·e公司记者表示,目前公司从阿拉山口出去到德国的线路,基本已停止运行,但至俄罗斯、中亚的班次增多了,总体运行班次没有变化。此
  • 脱口秀专场》依旧以喜剧为核心,但是因为有了专场主题,赋予了节目特殊的意义,不仅有梗有笑点,而且也能弘扬人间正气,传递正能量,让人笑过之后,少一些盲从,多了一些思
  • #杨幂[超话]##杨幂花儿与少年# ym#杨幂爱的二八定律# ym #杨幂秦施# ym#杨幂涂山红红# ym#杨幂 狐妖小红娘月红篇# ym#杨幂谢谢你医生#
  • 经常周围有人看到我准备去运动了 就会说 你都这么瘦了 还要去运动 是我的话这么瘦就不会再运动了 [微笑] 本人内心的独白如下:1.本末倒置了喂,是先运动了才瘦,
  • 如果说通过表面人物的相貌去评价一部电影的好坏,而否定它的题材,故事背景,制作细节等等,只能说中国动画还有好长的路要走。4.先驱者的觉醒一部剧场版死的人还没有前面
  • 今年も珠玉の4つの“奇妙な”短編ドラマでお送りする本作にぜひご期待いただきたい。今回の『世にも奇妙な物語’22 夏の特別編』は4つの“奇妙な”エピソードが登場す
  • #AC米兰[超话]# MN:米兰在技术上和精神上都有了指数级的进步,球队上下已经创造了一支由年轻、自信的球员和经验丰富、更加沉稳的老将组成的队伍。保罗-马尔蒂尼
  • 10克最划算,[打call][打call]送人很合适,自己喝量有点多!【旗舰店】德尔玛家用大吸力手持吸尘器【¥149元】【30元券】 【微博发的商品都在我的小店