མི་གཞན་ལ་ཡོད་པའི་ཤེས་བྱ་དུ་མ་ཞིག
ཁྱོད་ལ་མེད་སྲིད་ཀྱང་།

ཁྱོད་ལ་ཡོད་པའི་ཡོན་ཏན་མང་པོ་ཞིག་ཀྱང་གཞན་གྱིས་ཡོད་ན་བསམ་པའི་སྨོན་གཞི་རུ་གྱུར་ཡོད་པས།

སོ་སོའི་མི་ཚེའི་ནང་གང་ཡོད་པའི་མི་སྣའམ།

དངོས་པོ་དེ་དག་ལ

དྲིན་བཟོ་ཤེས་པར་གྱིས་དང་།

མི་ཚེ་ནི་ཁྱོད་ཀྱིས་བསམ་པ་ལས་ཀྱང་རིན་ཐང་ལྡན་པ་ཞིག་ཏུ་འགྱུར་སྲིད།

མི་ཚེ་ནི་རྨི་ལམ་ཐང་གཅིག་ཡིན།

སེང་ཉིན་ནི་ང་ཚོས་སྒྲོ་བཏགས་ཀྱི་སྣང་བརྙན་ཞིག་ལས་རྟོགས་ཡུལ་ན་ཡོད་པ་མིན། མ་འོངས་བ་ནི་ཡིད་གཉིས་ལ་འཆར་བའི་བདེན་རྫུན་འབྱེད་དཀའ་ཡང་མི་ཚེ་འདུན་ཕྱོགས་ལ་སྐྱོད་པའི་ནུས་ཤུགས་ཀྱི་མཚན་མ་ཞིག་ཡིན་ཆོག

འདས་པ་ནི་ཕྱི་དྲན་གྱི་རྣམ་རྟོག་ལ་འཆར་བའི་མེ་ལོང་ཆག་པོ་ཙམ་ལས་ཁ་གསབ་དུ་མེད།

ཁྱོད་དང་ང་ལ་དབང་བ་ནི་ད་ལྟའི་སྐྱིད་སྡིག་བར་མ་གསུམ་གྱི་གྲུབ་གཟུགས་དེ་ཡིན་སྲིད་པས་དེ་བདེན་པར་སྣང་ཆོག།

བདག་གི་མཆེད་གྲོགས་མཚུངས་མེད་ལྷ་བཟོ་ཤེས་རབ་སྨོན་ལམ་ལགས་ཀྱིས་ངོ་སྤྲོད་དང་སྣེ་ཁྲིད་འོག་ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་(California)མངའ་སྡེའི་ལྟེ་བ་སན་ཧྥ་རན་སིའི་སི་ཁོ་(San Francisco)རྒྱལ་སའི་ནང་ཡོད་པའི་ཤར་ཨེ་ཤི་ཡའི་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་(Asian art museum. chong-moon lee center for Asian art and culture.)དུ་ལྟ་སྐོར་འགྲོ་རྒྱུའི་གོ་སྐབས་བྱུང་། བཤམས་སྟོན་ཁང་གི་ཧི་མ་ལ་ཡའི་སྡེ་ཚན་དུ་བོན་གྱི་སྐུ་རྙིང་རྩ་ཆེན་གཉིས་ཡོད་པ་ནི། ཞི་བ་རྒྱལ་བ་འདུས་པ་དང་། ཀུན་བཟང་ཨ་སྐོར་གྱི་སྐུ་གཉིས་རེད་འདུག འགྲེལ་བཤད་ནང་གསལ་ལྟར་ན་རྒྱལ་བ་འདུས་པ་སྤྱི་ལོ་ 1300 ལོ་དང་། ཀུན་བཟང་ཨ་སྐོར་ནི་སྤྱི་ལོ་ 1300 ནས་ 1400 བར་གྱི་སྐུ་ཡིན་པར་བཤད་འདུག དེ་ལྟར་ན་ད་བར་མི་ལོ་ 700 ལྷག་ཕྱིན་འདུག རྒྱལ་བ་འདུས་པའི་ཕྱག་རྒྱ་དང་། ལྷག་པར་དུ་<<ཨ་གསལ་>>ལས། “གཡས་གཡོན་ཕྱག་མཐིལ་ཉི་ཟླའི་འཁོར་ལ། །ཐབས་དང་ཤེས་རབ་ཨ་དང་མ་ཡིས་མཚོན།” །ཞེས་པ་དེ་འདི་ལྟར་བཞེངས་དགོས་པར་སྣང་ངོ་།
              དཔོན་རྒོད་དགེ་བཤེས་ཀྱིས། ༡༠། ༡༠། ༢༠༢༢


发布     👍 0 举报 写留言 🖊   
✋热门推荐
  • 家里这俩主子已经让我心力交瘁[裂开],一想到钱包空空,还有忍受他们每天凌晨的叫醒服务(极限跑酷)最后还是算了吧~~[酸] 谢谢老板的好意[可怜]#时代少年团周边
  • #任嘉伦[超话]#rjl#任嘉伦minibazaar七月刊预告# rjl#任嘉伦2022继续一起加油# Rjl #任嘉伦公益正能量# 其实我不是看你的脸才会喜欢
  • 小五 小阳仔今天有点发烧了 反反复复的 小孩子出生起就是负担是责任 同时也是快乐的制造机 希望你能保佑他快点好起来好吗 想到你刚来家时也是总爱生病 有时候粑粑拉
  • ​有云(Cc丅V一12)二十四节气是红楼里的外路和尚(汤若望)发明的,请问,中国人的节气,木夫说的是节气,哪里去了?​好,我们回来,四柱学依据的是阳历。
  • 【日本留学】每日一问:申请日本研究生一般需要日语什么水平?英语要考雅思还是托福? 申请日本“研究生”或“修士”的话,一般是文科、医学、商科要求N1;理工科、艺术
  • [doge]不在身边。哪有什么冰主,我一直都是应欢欢啊…如果这真的是轮回的话,那我宁愿为之沉沦。
  • (记者 张茜翼)  附:涉企乱收费征集线索范围  一、政府部门及下属单位、中介机构、行业商会协会收费  1.高于或者低于政府定价制定价格的;  2.举报材料应当
  • 这里要更正一下,我们所说的整理,就好比装修的烦恼清单、愿望清单,把自己想要的生活状态、现在居家的生活烦恼列出来,这样设计中我们也会充分的考虑然后再完善升级,就好
  • ”在佳木斯富锦市万亩水稻科技园区内,水稻种植大户刘春和记者唠了起来,“通过秸秆粉碎还田,土壤不再板结,地也更有‘劲’了。这里以前是采煤沉陷区,多复垦1亩黑土耕地
  • 该系统拥有手术不受导管室金属、病人移位等干扰的独特优势,术中的三维模型也无需技术人员修饰即可呈现精准的解剖模型。该术式应用最新电生理三维标测系统,不受导管室金属
  • 出乎他们意料的是,这部本应惨败的制作,却成为了票房杰作,给他们这个看似万无一失的计划以及未来人生,带来了无法预料的转折……百老汇经典音乐剧《金牌制作人》正在播出
  • [蛋糕][蛋糕][蛋糕]@时代少年团-宋亚轩 时间可不可以慢一点、再慢一点~宝贝慢一点长大吧[泪][泪][泪]~我的小宝贝又长大了一岁~第一次看见宝宝的时候是在
  • 如果你相信明星无论怎么吃都不胖,那你就尽情吃尽情胖吧[摊手]带袁姗姗练成马甲线女王的教练李浩轩分享吃不胖的真相:“确实有这样的明星,比如:有些演员和超模,她们基
  • 踏遍千山与万水,众里寻他千百度,蓦然回首一切美好就在我身后,青州广福寺、万佛塔心灵皈依的家园,走进这片神圣而清静的土地,翻腾的心瞬间就安静了下来,走近和蔼可亲的
  • 这位华侨女土,我预测过的,她人美,出身家庭普通,初中学历,在青春年华,命运之神把她推上中产层次,在本地方人称美富姐然而同样的人继续做同样的事,为什么这几年事业不
  • 往后余生,愿我们都能偶尔停下奔波的脚步,为生命做一些减法,远离虚伪的热闹,寻回那颗初心,在这滚滚红尘里,品出清欢的美丽,走好人生的四季。往后余生,愿我们停下奔波
  • [​皱眉]​不管​零下-30℃,还​是50℃,[太阳]​只要你说​一​句“我要​买西藏特产,买尼泊尔银饰,伊朗藏红花,埃及老虎贴,印度尼西亚燕窝,马来西亚东革阿
  • 我们能做的,就是做好自己,珍惜拥有生命中,总有些人,安然而来,静静守候,不离不弃;也有些人,浓烈如酒,疯狂似醉,梦过无痕生活就是这样,脚长在自己身上,往前走就对
  • ”孙国栋说,相比在高校做课题研究,他更喜欢为企业解决实际问题,为国家相关行业解决“卡脖子”环节,看到公司的成果很快能投入应用,这让他很有成就感。博士安家费、项目
  • 而且不含香精的,敏感肌的宝宝也可以放心用✔️整体的使用感非常舒服,特殊的膜布设计,让我觉得全脸都给锁住了,包裹很紧实,有了介个真金赋能的金刚侠面膜,初老肌也不怕