སེམས་པ་གུ་ཡངས་པོ་བྱས་ནས་སེམས་གཏམ་གཞལ་བཤད་ཐུབ་པ་ནི་དགེ་ཕན་ཅན་ཞིག་ཡིན་ཞིང་། འདི་འདྲའི་གཤིས་ཀར་བརྟེན་ནས་ངོས་ཀྱིས་མི་གཞན་དང་གྲོགས་བསྒྲིག་པར་དཀའ་ཚེགས་ཆེ་མེད། https://t.cn/A6im6nu8
གཟུགས་མེད་སེམས་འདིར་སྒོ་གླེགས་མེད་ཀྱང་སྟོན་རླུང་སོར་མོས་ཡང་ཡང་བརྡུངས། །
སེམས་ཀྱི་རྒྱ་ཁྱོན་མིང་གིས་སྟོང་ཡང་སྡོང་ལོ་སེར་བོས་ཡོངས་སུ་བཀླུབས། །
ནམ་མཁའ་དང་བྲལ་སེམས་ཀྱི་མཚོ་ལ་ཁ་ཆར་འདྲེས་མ་ཉིན་མཚན་འབབ། །
རྣ་བ་དང་ནི་མི་ལྡན་བཞིན་དུ་འཇག་མའི་ཤུགས་གླུ་སེམས་ཀྱིས་ཐོས། །
རི་རབ་ས་གཞི་སྙིང་ན་མེད་ཀྱང་སྤྲིན་ཕུང་ཚོགས་རྣམས་སེམས་ལ་རྒྱུ། །
འདི་རྣམས་ལས་ཀྱང་དྲག་པོའི་གདུང་བ་འདི་ལྟར་མཆིས་ཏེ་གསོན་ཅིག་ཀྱེ། །
-----ལྡོང་སྣང་བུ།

ལྗང་མདོག་ལོ་མའི་མགོ་བོ་པང་དུ་ལྷུང་།།
ཐང་ཤིང་ཡལ་འདབ་རྩེ་ནས་ཆུ་ཐིགས་ཟེགས།།
བྲག་ཏུ་འབབ་པའི་རྫ་ཆུ་སྙན་ཞིང་འཇེབ།།
ཐག་རིང་བུ་ངའི་ཡིད་སེམས་སྐྱོ་བའི་གདུང་།། https://t.cn/R2WxDVB

✋热门推荐