ས་སྐྱ་ལེགས་བཤད།

萨迦格言
ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།
萨迦班智达.贡嘎坚赞
དམ་པ་གཞན་དུ་འགྲོ་ན་ཡང་།།
བསྙེན་བཀུར་བྱས་ཏེ་ཉེ་བར་བཞག།
ནོར་བུ་རིན་ཆེན་རྟག་མཆོད་ན།།
བཀྲ་ཤིས་དཔལ་དང་བསམ་པ་འགྲུབ།།
贤哲即使赴异土,亦受礼遇常随侧。
时常顶礼珍奇宝,便得福瑞送所愿。

སྟོན་མཇུག་རླུང་བུའི་གཟུག་སྒྲ།

_________འགྲུལ་བཞུད་པ།

ཀུན་གསལ་སྒེག་མོའི་ཆུ་འཛིན་འཕྱོར་ལྭའི་གོས།།
ཤམ་བུར་འཕྱང་བའི་འདབ་མ་རླུང་གིས་བསྐྱོད།།
དབྱར་གྱི་དཔལ་མོའི་ལྗང་མདོག་སྲབ་མོའི་གཤམ།།
བསེར་བུས་ཟད་པའི་སྐྱོ་གདུང་སེམས་ལ་འཁྱུད།།

འབྲས་བཟང་ཁུར་གྱིས་དུད་པའི་ལང་ཚོའི་དཔལ།།
ཁད་ཀྱིས་རྫོགས་པ་མི་རྟག་ཆོས་ཀྱི་གཤིས།།
བྱས་བསགས་ལས་ཀྱིས་གནང་བའི་དལ་བའི་རྟེན།།
དུས་བཞིའི་འཕེལ་འགྲིབ་ཀློང་ནས་གང་དུ་སླེབ།།

དལ་ཡམས་ཚ་བཅུན་རླུང་བུས་རི་སུལ་ཀུན།།
མཆེད་པའི་གཟུག་སྒྲས་སྙིང་ཁམས་གས་པ་ལྟར།།
དྲག་པོའི་རླུང་དམར་རྒྱ་སྟག་གཞོན་ནུ་མས།།
མི་བཟད་སྙིང་ལ་དགུན་གྱི་གྲང་ངར་བསྟབས།།

ཞི་གནས་ལྷིང་འཇགས་རོལ་བའི་བསམ་གཏན་ཁང་།།
དཀྲོག་མཁན་གཡེར་ཁའི་དྲིལ་ལས་གཞན་མེད་ཀྱང་།།
དུས་སྙིགས་རླུང་བུའི་ཤུགས་གླུ་མཚན་མོའི་དབྱངས།།
མཐོང་བས་དོན་སྙིང་འབྲས་ཡོས་ལྟར་དུ་བཀས།།

དམར་སེར་གཡུ་ལོ་འཐབ་པའི་ནགས་མའི་ཀླུང་།།
ལུང་རིགས་དབྱངས་ཀྱི་སིལ་སྙན་མཐའ་ལ་ཁྱབ།།
སྟོན་རླུང་དྲག་ཏུ་ལྡང་བའི་གཡོ་བསྐྱོམས་ཀྱིས།།
གསེར་མདོག་ལོ་མའི་མཛེས་སྡུག་ཆུ་ཡིས་ཁྱེར།།

མཁར་ལྡིང་དབང་པོའི་གཤོག་རྩལ་གཡོ་བའི་གར།།
ལྕགས་ཚགས་པྲོག་མའི་གཟེབ་ན་མངོན་དུ་ཆུང་།།
ཐང་ཆེན་ཤུགས་ཀྱིས་གཅོད་པའི་རྟ་རྒོད་ཡང་།།
རྩྭ་མེད་ཆུ་མེད་གཤོང་ན་སྒྲོག་ཏུ་ཚུད།།

ནངས་ནུབ་རླུང་བུ་གཤིན་རྗེ་ཁ་རླངས་ཀྱིས།།
སྲོག་ལ་གཟས་པའི་འབུ་སྲིན་ཕྲ་མའི་ཚོགས།།
དྲོད་སར་སྙེག་པའི་སྒེའུ་ཁང་ཤེལ་གྱི་ངོས།།
རྐང་རྡུལ་རི་མོས་རག་ཁྲའི་འཇའ་ཚོན་བྲིས།།

བསྟར་ལ་རྒྱུས་པའི་ཚང་ཚིང་ལྗོན་པའི་འདབ།།
ལྷ་དབང་རྒྱལ་བོས་གསེར་གྱིས་བྱུགས་པ་བཞིན།།
ཉི་མའི་ཟེར་ལ་འགྲོགས་པའི་འོད་མདངས་ཀྱིས།།
མིག་གི་རྒྱལ་མོའི་སེམས་པ་བརྐུས་ནས་འགྲོ།།

འབྲས་ལྡན་འཛུམ་དཀར་གཡོ་བའི་ན་ཆུང་མ།།
ཚེ་ཡི་ཡུན་ལ་འབྲལ་སེམས་མ་དམིགས་ཀྱང་།།
འབྱུང་པར་ངེས་པའི་གྲང་རེག་ཅན་གྱི་སྟག།
མ་འགྱངས་མཆེ་བ་གཙིགས་ནས་བསླེབ་རན་ཡོད།།

རིན་ཆེན་སྲོག་གི་སྲད་བུ་ཕྲ་མོའི་རྐྱ།།
འཆི་བདག་རལ་གྲིའི་དབལ་ལ་རིང་གྱུར་ན།།
འབྱུང་འགྱུར་སྟོན་མཚན་ཟླ་བའི་འོད་ངོགས་སུ།།
འཛོམ་པའི་བསྐལ་བཟང་ལས་ཀྱི་བུ་ལ་བཅོལ།།

______ ༢༠༢༢ / ༡༠/ ༢ ཉིན།

མི་རིགས་དང་རྒྱབ་ཁབ་གང་ཡིན་ཡང་མི་རིགས་སོ་སོའི་བསམ་བློའི་འདུ་ཤེས་འཛིན་སྟངས་མི་འདྲ་བ་དང་། འཚོ་བའི་གོམས་གཤིས་མི་འདྲ་བའི་ཐོག་ནས་བྱུང་བའི་སྒྱུ་རྩལ་འཁྲབ་སྟོན་གྱི་རྣམ་གྲངས་ཀྱང་ཧ་ཅང་མང་པོ་ཡོད།སྤྱིར་གླུ་གཞས་ཟློས་གར་འཁྲབ་སྟོན་ནི་རྐང་ལག་སོགས་གཟུགས་པོའི་རྣམ་འགྱུར་ཙམ་མ་ཡིན་པར། དེ་ལ་བརྟེན་ནས་མི་རིགས་དེའི་སེམས་ཁམས་སམ་བསམ་བློ་མཚོན་ཐུབ་ལ། བོད་པ་རང་ཉིད་ཀྱི་ནང་ནས་ཀྱང་ལུང་ཚན་སོ་སོའི་གོམས་གཤིས་མི་འདྲ་བའི་རྒྱུ་མཚན་ལ་བརྟེན་ནས་གླུ་གཞས་ཟློས་གར་འཁྲབ་སྟོན་སྐབས་མི་འདྲ་བ་མང་པོ་ཡོད།དེ་ལ་བརྟེན་ནས་མི་རིགས་དང་ས་གནས་ལུང་ཚན་རེ་རེ་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱི་སྒྱུ་རྩལ་གར་སྟེགས་ཅིག་མངོན་ཐུབ་པ་འདྲ།མདོར་ན་བོད་ཀྱིས་གླུ་གཞས་ཟློས་གར་རིག་གནས་སྒྱུ་རྩལ་མི་ཉམས་གོང་འཕེལ་གྱི་ཆེད་དུ་ཤུགས་རྒྱག་མ་ཐུབ་ན། མ་འོངས་པར་གཞན་གྱི་རིག་གནས་ཤུགས་རྐྱེན་དང་གཞན་དབང་རིང་ལུགས་ལ་བརྟེན་ནས་བོད་པའི་རིག་གཞུང་གི་ངོ་བོ་བསྒྱུར་དང་འགྱུར་བཞིན་ཡོད་པ་དང་།མི་འབོར་ཧ་ཅང་ཉུང་བ་དེ་ཡང་ཉིན་རེ་ནས་ཉིན་རེ་བཞིན་ཤར་ནུབ་ཀྱི་ཡུལ་གྲུ་མང་པོ་ཞིག་ལ་ཁ་འཐོར་དགུ་འཐོར་དུ་འགྱུར་བཞིན་ཡོད་པས། མྱུར་སྐྱོབ་ཀྱི་ཐབས་ལམ་ཞིག་བསྟེན་མ་ཐུབ་ན། མ་འོངས་པར་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་མཚོན་པའི་སྒྱུ་རྩལ་འཁྲབ་སྟོན་གྱི་རིག་གནས་འདི་ཉིད་གོ་ལ་ཧྲིལ་པོ་འདིའི་སྟེང་ནས་བརླག་རྒྱུ་ཉག་གཅིག་ཏུ་གྱུར་ཡོད། དེང་དུས་ཀྱི་ན་གཞོན་མང་པོ་ཞིག་གཞས་དང་ཞབས་བྲོ་ལ་དགའ་ཞེན་སླེབས་ཐབས་དང་། དེ་ཡང་བོད་ཀྱི་ཡུལ་ལུང་བྱེ་བྲག་པ་འབའ་ཞིག་ཙམ་མ་ཡིན་པར། བོད་ས་སྟོད་སྨད་བར་གསུམ་གྱི་གླུ་གཞས་དང་། འཁྲབ་སྟོན་གྱི་བྱེ་བྲག་མང་པོ་ཞིག་ལ་ཞིབ་འཇུག་དང་རྒྱུན་འཛིན་ཡོང་ཐབས་བྱེད་དགོས་པ་དེ་ཁ་ཚ་དགོས་གཏུག་གི་འགན་འཁྲི་ཉག་གཅིག་ཏུ་གྱུར་ཡོད། མི་རབས་རྒན་པའི་སྒྱུ་རྩལ་གྱི་ལས་ཀ་བྱེད་ཕྱོགས་དང་ཐུན་མོང་མ་ཡིན་པའི་ཕུལ་བྱུང་གི་སྒྱུ་རྩལ་པ་ལ་ཉམས་ཞིབ་དང་ལོ་རྒྱུས་ལ་ཞིབ་འཇུག་བྱ་དགོས།།


发布     👍 0 举报 写留言 🖊   
✋热门推荐
  • 真的亲眼看这里的时候,心情难以言说[可怜]一切尽在不言中[玫瑰]真的被燕询说的这段话给感动到了[大哭],“城池没了,可以再夺,军队散了,可以再建,唯独人死了不能
  • 很少有人会突然因为一件很小的事情就说分手的,通常,尤其是男性,他们在提出分手之前,其实做了很多的准备以及理性分析了很多情况。你可以换位想想,一个人花了很久的时间
  • #锦江服务·新闻动态#【从0迈向100亿 这家行业龙头背后是“成都造”科技实力】近年来,随着城市发展,在成都,成为极具城市风格的地标性建筑。【从0迈向100亿
  • 所以不要再让别人来告诉你你该怎么做,因为最单纯的梦想才是最开始的执着,够强大的内心才能支持你穿越荆棘。高级人才事务所成立22年以来,研究企业需求,研究经理人成长
  • [月亮]3.ᵀʰᵉ ʷᵒʳˡᵈ ⁱˢ ᵈᵃʳᵏ / ᵃⁿᵈ ᵗʰᵉⁿ ʸᵒᵘ ᶜᵒᵐᵉ / ʷⁱᵗʰ ᵗʰᵉ ˢᵗᵃʳˢ ᵃⁿᵈ ᵗʰᵉ ᵐᵒᵒⁿ.世界很暗/然
  • #任嘉伦[超话]#rjl#任嘉伦请君# rjl#任嘉伦周生如故# rjl#任嘉伦长意##任嘉伦[超话]#追一个人就像追一颗星星,星星好美,逃开所有尘世的烦恼,奋
  • 很感慨离开万达花店一个月半了那时候说开就开的勇气,我也是很佩服我自己什么都不怕 也没有想到后果 就觉得此时此刻很想开店 立刻马上!没有好好维护好自己养大的“娃”
  • 已经用了半年多啦,安利给亲朋好友无数,我是在去年用到它的,三款单品搭配使用的效果很好,用的时间久了皮肤由内到外白白嫩嫩的。HBN的抗老公式我恨不得用到80岁,对
  • #精选酒店# #恩戈罗恩戈罗##生命宝标#—#生命的保镖#猝死倒地,4分钟后,少有人生还,对此120成了摆设。生命宝标,装在手机里的智能app,病人倒地,手机立
  • 因为我们这群人里有个小性感,大家背后喊她骚狐狸,她就是业务员,做了没多久就买了大奔驰.据说我们这里面有些男的就因为她而投资了.有意思的事情出现了.我原以为大家不
  • “伦家今天才十八,正青春啊,跟衰老有五分钱关系....”衰老的皮肤毛孔一定是慢慢变大的,而毛孔粗大皮肤衰老的速度比正常肌肤更快, 妹子这么说能理解了吗?聪明的妹
  • 老板麻利上称:啊只有六两,还是只算你半斤,多一两送你吃,你心肠好。行吧,去隔壁买点儿菜:老板,你这个胡萝卜长那么乱七八糟?
  • 一、隐形框镜换着戴⭐️框镜减少了眼珠的转动,戴眼镜后你想看清右侧的人或物,就会转动脖子,面向那个物体,这样才能看的清一点,别小看这个动作,日积月累水滴石穿,积累
  • #挑战冬天吃不胖# 100天打卡第3轮 Day 42大家周末愉快哦~ 欢迎光临我的快乐星球~帕梅拉女孩儿再次上线 快乐的周末从心爱的运动开始 再做个喜欢的
  • 原来有些声音,熟到心动的缘由都已忘记,又在入耳的瞬间重新爱上[羞嗒嗒]#歌声里のn1#一起听新歌吧[偷乐]アカネチル ・あたらよ、1分1秒・もさを、フェイクファ
  • 在我路过的风景里,有你陪伴,优酷会员我亦不曾孤单,在我散落的流年里,爱奇艺会员有你相陪,我亦是晴天。曾经在某一个瞬间,搜狐会员我们以为自己长大了,有一天,我们终
  • 好看的颜色断货快,赶紧戳 BG低至5折 新款可以英淘,只要美帝定价6-7折 Harrods: Selfridges: LVR全球包邮免关税【商品】聚拢防滑无痕无
  • 我的成长都是一个女孩给的,她忍受了许多不需要忍的苦痛,我知道她很委屈,如果还有机会我一定抱着这个女孩对全世界说,这是我媳妇...又有多少个女孩会去相信这样一个令
  • 她说:“我们家是一辆欧马可的仓栏车,平时主要在长沙周边拉物流和老客户的一些果品,所以时间很不固定,这样我老公吃饭、休息也都很不规律,平时他自己一个人跑车的时候,
  • 我很是不理解 人家不就是说没给女儿过18岁成人礼 以小见大 想表达疫情下大家都很艰难吗 为啥网上清一色喷她 还说中国没有成人礼 又要说官员上流社会怎么样 都在这