༢༠༡༨ལོའི་བསེ་དགོན་གངས་ལྗོངས་རིས་མེད་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ངམ་མདོ་སྔགས་ཐོས་བསམ་གླིང་གི་གྲྭ་མང་འདུས་སྡེའི་གཟི་འོད། 2018年赛格寺雪域无偏高级佛学院僧众们殊胜庄严的圣容

༄༅།།གཙང་པའི་ལོ་གསར་གྱི་མཐོང་ཐོས།།

འཁོར་འདས་ཆོས་ཀྱི་གནད་གསང་མ་ལུས་པ།།

ཡེ་ཤེས་ཟེར་གྱི་རྡུལ་ཆ་ཕྲ་མོས་ཀྱང་།།

གསལ་བར་སྟོན་མཛད་མཛའ་བའི་གཉེན་གཅིག་པུ།།

དམ་པའི་མགོན་ལ་ནམ་ཡང་གུས་ཕྱག་འཚལ།།

གང་ཞིག་སྲོག་གི་རྒྱུན་ཐག་མ་ཆོད་བར།།

ཚོར་འདུའི་འཇུག་པ་རྒྱུན་མར་འབྱུང་བས་ན།།

འདོད་དང་མི་འདོད་ཡི་ཁ་གཤིས་ལ་གྲུབ།།

ལོ་ཟླའི་གྲངས་བྱ་བརྩེགས་པའི་ཁ་བའི་རིར།།

སྣ་ཚོགས་ཁ་བ་ཆེ་མ་ཆུང་གསུམ་གྱིས།།

འདྲ་མིན་བང་རིམ་མཆོད་རྟེན་བརྩེགས་པ་བཞིན།།

མཐོ་སྒང་གོ་ལའི་རྩེ་མོར་འགྱིང་ནས་འདུག།

ལོ་རྒྱུས་པིར་གྱིས་ཁྱུག་པའི་མཛེས་ལྗོངས་ནང་།།

གང་འདོད་རྩེད་འཇོའི་སྒྱུ་རྩལ་ངོམ་པ་བཞིན།།

གཙང་ལྗོངས་སོ་ནམ་ལོ་གསར་ཚེས་པར་ཡང་།།

ཉེ་དུ་མཛའ་བའི་དགའ་སྟོན་རྟེན་འབྲེལ་ཟབ།།

དགུ་གསུམ་འགྲིམ་པའི་ཉི་ཤུ་དགུ་ཡི་ཉིན།།

ལྷ་ལྡན་གྲོང་ནས་གཙང་ཕྱོགས་གཡས་རུར་བཞུད།།

སྣུམ་ལམ་སྟེང་དུ་སྣ་མང་རླང་འཁོར་གྱིས།།

སྟར་འགྲིག་མྱུར་མོའི་འགྲོས་ཀྱིས་འགྲན་པར་བྱེད།།

ཕྱོགས་སུ་གྲམ་པའི་སྣག་གི་གཉེན་མཚམས་ཀྱི།།

བཞིན་ལས་སྤྲོ་བའི་ཉམས་སྣང་ཐོན་བཞིན་དུ།།

ཤིས་པའི་ཚིག་གིས་ལོ་གསར་བསུ་མ་བྱེད།།

ཉིན་བྱེད་ཆུ་ལྷའི་ཕང་བར་གཟིམ་པ་ཡིས།།

མུན་པའི་གོས་ཀྱིས་ས་གཞི་གཡོགས་པའི་ཚེ།།

ཤོག་སྦག་གད་སྒྲའི་ཁྲོད་ནས་འོད་ཕྲོ་བར།།

ཡིད་ཚིམ་དགའ་བའི་མདོང་ལ་ཕངས་སྣང་བྲལ།།

དེ་ཚེ་རོ་བཅུད་ལྡན་པའི་དགུ་ཐུག་ལས།།

མི་གཤིས་མཚོན་པའི་དགུ་རྫས་ཐོན་པ་ཡིས།།

བཟང་ན་ངོམ་དང་ངན་ན་དམའ་འབེབས་ཤིང་།།

གཞན་གྱིས་ཐིག་མིན་བརྩོད་སོགས་འཁྲུག་བྱ་དོད།།

གནམ་གང་ཉིན་དེར་བཟའ་བཅའ་སྒྲིག་པ་སོགས།།

མཁོ་རྒུའི་འདོད་ཡོན་ཚགས་སུ་ཚུད་པ་ལ།།

ལྷོད་མེད་སྟ་གོན་ལས་ཀྱི་འདུ་འགོད་དེས།།

ལུས་ཀྱི་ངལ་བ་སེམས་ཀྱི་རྒྱན་དུ་བྱེད།།

ལོ་འགོ་ཚེས་པའི་སྟག་གི་དུས་མཚམས་ལ།།

ཆུ་ཕུད་ལེན་ཞིང་ཤིང་ཕུད་འཐུ་ཞོར་དུ།།

རོ་བཅུད་ལྡན་པའི་ཆང་བསྐོལ་འཐུང་བཞིན་པར།།

བཀྲ་ཤིས་ཚིག་གིས་བཤིས་པ་བརྗོད་པར་བྱེད།།

སྦྲུལ་གྱི་དུས་ལ་ཡིད་བཟང་གྲོ་ཐུག་དང་།།

ལུག་མགོའི་སྟོན་མོས་རྟེན་འབྲེལ་འགོ་ནས་སྒྲིག།

དེ་ཉིན་བཟང་པོའི་ཚིག་གི་འདའ་བ་ལས།།

ངན་པའམ་མི་ལེགས་ཚིག་ལ་འཛེམ་པར་བྱེད།།

དེ་ནས་རྩེད་མོའི་རྣམ་གྲངས་འགར་འཇུག་ཅིང་།།

གྲེ་འགྱུར་ངག་གི་སྒོ་མོ་ཕྱེ་བ་ན།།

དགའ་བའི་རྩེད་སྒྲ་དར་དིར་སྒྲོག་པ་དང་།།

ལྷང་ལྷང་གྱེར་བའི་དབྱངས་ཀྱིས་ལོ་གསར་རོལ།།

ཁང་གསར་བཀོད་པས་ཕྱུག་པའི་གློག་སྒྲོན་འོག།

གཡོས་སྦྱོར་ཟབ་པའི་བཟའ་བཏུང་ཕུན་སུམ་ཚོགས།།

གྲོང་གསེབ་སྐྱེ་བོའི་ཟོལ་མེད་རྣམ་འགྱུར་ཁྲོད།།

སྲོལ་རྒྱུན་རྣམ་ཐར་འགྱུར་བས་དེ་བས་སྤྲོ།།

ཁ་བའི་ངར་གྱི་གྲང་ངད་ཆེ་ན་ཡང་།།

དུ་ཞག་འཁྱིལ་བའི་གྲོང་ཚོར་དྲོད་སྣང་འབར།།

རི་མགོའི་སྟེང་ནས་ལྷ་གསོལ་ཀི་སྒྲ་སྒྲོག།

རི་རླུང་ཆུ་རླུང་འདུ་འགོད་དེ་བས་བྲེལ།།

རྒྱུན་སྲོལ་ལྷ་མོའི་གར་སྟབས་འགྱུར་བ་ཡིས།།

མི་རྣམས་ལྟད་མོའི་རེ་བའང་དེ་ལ་ཕྱོགས།།

སྐྱེལ་མའི་ཁ་བཏགས་མགྲོན་གྱི་མགུལ་བར་སྒྲོན།།

དུ་ཞག་འཁྲིགས་པའི་གྲོང་སྡེའང་འགུལ་མེད་གནས།།

༢༠༡༨/༡༢/༦/ཉིན།

དོ་ནུབ་ང་ཡི་དམར་ཆུང་སྙིང་དབུས་སུ།།

ཁྱེད་ཉིད་མེ་ཏོག་བཞིན་དུ་རབ་ཏུ་བཀྲག།

དོ་ནུབ་ང་ཡི་ཡིད་ཀྱི་མེ་ལོང་ངོས།།

ཁྱེད་ཉིད་ཟླ་འོད་བཞིན་དུ་གསལ་བོར་འཚེར།།

དོ་ནུབ་ང་ཡི་སྙིང་གི་སྒོའུ་ཁུང་འགྲམ།།

ཁྱོད་རང་ཁ་བ་བཞིན་དུ་སིམ་སིམ་བབས།།

དོ་ནུབ་ང་ཡི་སེམས་ཀྱི་ཡུལ་ངོས་ན།།

ཁྱེད་ཀྱི་མཛེས་འཛུམ་ལྷང་ངེ་ལྷེམ་མར་གསལ།།

༢༠༡༨/༡༠/༡༤སྲོག


发布     👍 0 举报 写留言 🖊   
✋热门推荐
  • (原)(1)10月21日,澳大利亚卫生部门报告了一起“二次感染”的病例,该名确诊的患者可能第二次感染了新冠肺炎。8月初,一名香港的新冠肺炎康复者结束了欧洲的旅游
  • 很爱这种关乎于影像的邂逅而不觉时间漫长,中间一度某个瞬间很想痛哭一场,真的会被那种生活真实的触碰感和痛以凝视所治愈到,就像偶然与想象中提到“每个人的人生都有一道
  • !!
  • 今天早上吃了鸡胸 嫌它太咸给弄碎投了几遍开水 结果一点味道都没有 撒点辣椒面对付吃了两口体测前努力喝水压秤 体测完尝到了全家抹茶冰淇淋 本来期望挺高的 舔了一下
  • 所以张维鹏和赵倩会在不忙的时候拿着DV到处走走拍拍,记录下海岛的点滴变化和美好:昔日的庄河港成了通航不再受制于潮汐的万吨深水大港,民宿门前的水泥路换成了平坦的柏
  • 所以在恋爱的时候,明明心里想要他多陪自己一会儿,开口却变成了:“工作重要,你先忙。 两个人最终都活成了彼此世界的一道光 直到有一天光灭了 、希望也没了、 活着便
  • 某同事也咁早翻来,今日大家都好早返工,一个係亲戚到,一个係手机弄丢了,估计係司机贪了,否则唔付款的话,点会俾佢落车,佢又无打开手机支付的记忆,烦死佢了,借我手机
  • 《情未了》是黄凯芹为周慧敏量身定做的一首情歌,最初的计划是要找别人和周慧敏一起唱的,但是,当时的唱片制作人却告诉黄凯芹,没有人比你更能理解这首歌,所以你唱这首歌
  • 感动的是他们的爱情,高兴的是他们对龙亭区婚姻登记处的信任,担忧的是如何解决困扰他们的难题。”在手语老师的翻译下,在大家的共同见证下,刘先生和汤女士终于办理完所有
  • “杰出的伏藏大师”伏藏顾名思义就是埋藏的宝藏,但是这种宝藏并不是世俗的金银财宝,而是藏传佛教的大师们预见到佛法在世间要经历危难,就提前把佛法的精髓奥义给隐藏起来
  • 后来又去见马祖,提出同样的问题,马祖便说:  “等你一口吸尽了西江之水,我才告诉你。”  听了石头的话,他便去参拜马祖,提出同样的问题,马祖回答说:  “我有时
  • 现在通过《一天一夜》的朴敏(meme)连日引起话题的Rain将在《随身听》中与张成奎一起体验洗车场的打工,展现他作为在综艺节目中从未出现过的劳动者的新面貌。《随
  • 这种新鲜感和幸福感不需要太大的改变,偶尔换一下家具和绿植摆放的位置,就能营造出不一样的家居氛围。如果有一定的审美,像这小两口的家一样,布满各种绿植和鲜花,把生活
  • 1、我劝导诸位要诵《楞严咒》,你诵《楞严咒》,可以跟诸佛菩萨往生在同一个地方,无量功德,永无分散。 我们要亲近诸佛、菩萨,诵《楞严咒》,自然往生净土。是故能令破
  • 三才配置: 土火木 (大吉) 三才甚佳胜,境遇安固,能得下属之助力,易成功发展,地位及财产安全,事事如意,名成利就,幸福长寿之兆送东阳马生序宋濂 〔明代〕  余
  • 脑洞大开一下,如果让哈兰德空降其中一只世界杯正赛队伍的话,哪一只球队得到哈兰德后会在实力上比其他球队明显高出一个段位?[鲜花][微笑][爱你]如果哈兰德能够加入
  • 佛说,有些人,有些事,得到了,得不到,都是岁月慈悲的念,无需感叹,无需怨,心若静了,则满世界的嘈杂都可以看做是生命盛大的喜欢。张爱玲说:“于千百人中,遇到你所要
  • 写起来真的很棒,超级无敌顺滑,而且完全没有声音,太赞了[赞啊][赞啊][赞啊]1⃣一开始试了一下,直接套棉签头再用笔尖套固定,发现棉签头有点大,不太合适。我的天
  • 记录一下极少数真挚热烈且着急的日子 因为已经很久没有出去玩了 看到朋友圈大家好像每天都去这里去那里 心里不免的失落 于是周日一天行程安排满满 上午去加班 中午吃
  • [兔子]不挑皮不显黑,校供感十足,搭配绀西黑西更显优等生气质~放了一堆屁也没啥用,最主要的是,裙子她本人真的是绝美~不信你自己看咯[笑而不语]我就不相信会有人觉