སྟོན་ཀའི་གཞས་ཆུང་།

སུམ་རྩེན་ལྷ་ཡི་དགའ་ཚལ་བཀོད་འདྲ་བའི།།
མཛེས་སྡུག་དཔལ་གྱིས་ཕྱུག་པའི་དབྱར་ལྗོངས་དེ།།
གྲང་རེག་རླུང་གིས་སྐུལ་བའི་དུས་ཚིགས་སུ།།
འདས་དོན་དྲན་ཚེ་མི་རྟག་གཞས་ཆུང་ལེན།།

ཡིད་འོང་མེ་ཏོག་སྣ་བརྒྱ་བཞད་པའི་དབུས།།
སྦྲང་ཆུང་གར་ལ་རྩེན་པའི་རྣམ་འགྱུར་དེ།།
མེ་ཏོག་སད་ཀྱིས་ཁྱེར་བའི་ནམ་ཟླ་འདིར།།
ཡུད་ཅིག་ཡལ་བ་འཇའ་ཚོན་རི་མོ་ལྟར།།

རྩི་ཤིང་ལོ་འདབ་རྒྱས་པའི་སྐྱེད་ཚལ་དུ།།
སྔོ་ལྗང་གཡུ་ལོ་ལྡེམ་པའི་ལྟད་མོ་དེ།།
སྡོང་ལོ་སེར་པོར་གྱུར་བའི་སྟོན་གཞུང་དུ།།
ཁུ་བྱུག་ལྷོ་ལ་ཕུར་བའི་སྐྱོ་གླུ་ཡིན།།

མཚོ་དང་མཚེའུ་རྒྱན་དུ་ཕུལ་བས་གནས།།
ངང་ཆུང་གཤོག་རྩལ་ངོམ་པའི་རྩེ་དགའ་དེ།།
མཚོ་ཁ་གྲང་དར་ཆགས་པའི་དུས་སླེབ་ཚེ།།
འདུ་འབྲལ་སྐྱོ་བའི་མིག་ཟུང་རྒྱང་ལ་གཏད།།

དུས་བཞིའི་འགྱུར་ལྡོག་འདི་ཡི་དཔེས་སྐུལ་ཏེ།།
འགྲོ་ཚོགས་སྐྱེ་རྒ་ན་འཆིའི་འཕྲང་ཆེན་དུ།།
མི་འདོད་གཅིག་རྗེས་གཉིས་མཐུད་བརྒྱུད་པའི་ཚེ།།
སེམས་གསོ་མཐར་ཐུག་དམ་པའི་ལྷ་ཆོས་ལགས།།

དབྱར་གྱི་འདུ་འཛོམས་ཐམས་ཅད་ཡུད་ཙམ་གྱིས།།
སོ་སོར་བྲལ་བའི་སྣང་ཚུལ་སྐྱོ་བོ་དེ།།
སྟོན་འཇུག་གྲང་རླུང་རྩུབ་མོའི་རེག་བྱ་ཡིས།།
མནར་གཅོད་འཁུར་བའི་ལོ་མ་འཐོར་བོ་བཞིན།།

བོད་ཟླ། ༩ / ༢ གཟའ་ཕུར་བུ།

࿑བཟོད་པ་ཚིག་ངན་བྱུང་དུས་སྒོམས།།
སྦྱིན་པ་ཟས་ནོར་ཡོད་དུས་ཐོངས།།
ཕྱག་སྐོར་སྒྱུ་ལུས་བདེ་དུས་གྱིས།།
གདམས་ངག་བློ་རིག་གསལ་དུས་སྒོམས།།
___ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས།

#西游记读后感# ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས་ཞེས་པ་འདི་ནི་ཐང་ཟན་བླ་མ་དང་སྤྲེའུ་མགོ་ཅན་སོགས་ཀྱི་གཏམ་རྒྱུད་ལྷ་སྒྲུང་བཀླགས་པའི་མྱོང་ཚོར་རྒྱས་པ་ཞིག་སྟེ། ལྷ་སྒྲུང་དེ་ལ་ཡང་དག་པའི་གོ་བ་ལེན་ཚུལ་དང་། ལྷ་སྒྲུང་ཁྲོད་ཀྱི་མི་སྣ་རེ་རེའི་མཚོན་དོན་ལས་འཕྲོས་ཏེ་སློབ་དཔོན་རྨད་བྱུང་གཟི་བརྗིད་དམ་ཐང་ཟན་བླ་མ་ཁོང་གི་རྣམ་ཐར་དངོས་ཞིབ་ཅིང་རྒྱས་པར་བཀོད་པ་ཞིག་ཡིན། འདི་ནི་ད་སྔ་བོད་ཡིག་ཏུ་བཀོད་པའི་སློབ་དཔོན་ཁོང་གི་རྣམ་ཐར་ཆེས་ཆ་ཚང་ཤོས་དང་རྒྱས་ཤོས་དེ་ཡིན། ད་ཐེངས་དགེ་རྒན་རིན་པོ་ཆེ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་བརྩམས་པའི་ཐང་ཟན་བླ་མའི་རྣམ་ཐར་འདི་ཉིད་བཛྲ་འོད་ཟེར་ལགས་ཀྱིས་ཀློག་འདོན་ཞུས་ཏེ་ཀུན་གྱི་སྙན་ལམ་དུ་མུ་འགོད་བྱ་རྩིས་ཡོད་པས། ཡི་གེ་མི་ཤེས་པའམ། ཤེས་ཀྱང་ཀློག་ཁོམ་མེད་པ་དག་གིས་འགྲོ་འདུག་གི་བར་ནས་ཉན་ན་ཧ་ཅང་སྟབས་བདེ་བར་མ་ཟད། དུས་ཡུན་ཐུང་ཐུང་གི་ནང་དུ་ལྟ་རྒྱ་དང་ཐོས་རྒྱ་བསྐྱེད་ཐུབ་པས། འདི་ནི་དུས་རབས་གསར་བའི་གློག་རྡུལ་ཡོ་བྱད་བཀོལ་ནས་སློབ་སྦྱོང་བྱ་བའི་གོ་སྐབས་ཆེས་ལེགས་པ་དེ་ཡིན་པར་ཡིད་ཆེས་ཡོད།

--- གྱི་ལིང་འཇིགས་མེད་ཀྱིས། https://t.cn/R2WxDcG


发布     👍 0 举报 写留言 🖊   
✋热门推荐
  • 那什么,休要紧张、不要害怕,你这样回答她:“老婆,在我的世界里,没有假如这一说!妳就是偶滴!谁也甭惦记抢走! 但是那什么,万一假如真的存在一个假如,我娶了另
  • 宠粉第一名的哈利波特·宁,作为刘宇宁一个月的新粉,感受到了满满的宠爱,感谢你用尽全力的付出跟努力,才让我认识了你,遇见了你。 你是《黑夜的一束光》,让棚妃《感应
  • #手帐素材插画手绘[超话]#超全ps笔刷|自学必备的procreate笔刷 超全PS笔刷|自学必 备的procreate笔刷 哈喽,今天从朋友那边给大家搜集一整
  • 在微博发啦 今天是猪猪的生日 这样一算 我们都认识好多年啦 一生中很难遇到和自己志同道合的朋友 很幸运 我遇到了 我们有相同的爱好 有相似的看法 有共同的追求
  • 突如其来的可爱笑话 还有什么比吃饱之后噎住,当着白起的面打嗝不停更丢人?? 你现在正在努力捂住嘴,试图扼制住不断快要跳出的嗝意,尽管表面掩饰,身体却仍
  • #日语# 雨あめの後のち、美うつくしい虹にじがかかった。 下过雨后出现了美丽的彩虹。 知识点:あと{後} 中文意思:之后;以后 Nのあと Vたあと 表示某一事
  • 误把高冷总裁当鸭,睡完给钱就开溜~~ 席慕寒震怒:女人,你逃不掉的! 四年后,林念儿携萌宝归来,霸总被几个娃整的云里雾里。 他懵了:女人,你这生的一个个的都是什
  • 并非你不够努力,也不是你不够好,主要还是你用错了方式。挽回,不能按照常规套路出牌,毕竟吸引他是一个从无到有的过程,但建立在分手事实前提下的二次吸引,却是一个从负
  • 喜欢有演技有知识有内涵的帅男生就不正常就会是有“男色”经济的危险,难道故意吹捧有意“歌颂”无内容靠“博丑”取乐就是值得推崇值得歌颂的受大众欢迎的健康的?这还真是
  • ✨ #在首尔咖啡厅# 位于乙支路的"섬광(闪光)”白天是一家咖啡厅,阳光透过窗户照耀在桌子上,寒冷的天气可以点上一杯浓郁的热巧克力,再吃上一份水果吐司,被蛋
  • 摩德纳第二针38度烧完的我 睁眼立刻马上从床上翻滚下来 收拾了一下自己 出门吃冰(^人^) 栗子的冰要是能再少点 它就是zhui完美的[舔屏] 因为栗子泥本身
  • #NINEPERCENT一巡live音源上架# 2021了都快过去了 孩子死了你知道奶了 大鼻涕流嘴里你知道甩了 一手好牌打的稀巴烂 爱豆世纪我已经不是十八岁了
  • 大腿吸脂恢复期是否穿塑身衣。 腿部吸脂以后,组织中间有了一些间隙。如果不穿塑身衣,一活动皮下的腔隙就分离了,就会有积血和积液的产生,使腿较难愈合。所以需要在外面
  • #遇见美好杭州# #城管正能量(560)#【 环卫工人拾金不昧 平凡善举传递社会正能量】 近日,彭女士不慎丢失了钱包,正当彭女士急得团团转却一筹莫展时,她接到了
  • ·朋友仔· 最近啊系被好多好多朋友仔挂住嘅小君 放假前约了的朋友仔时隔两个月才有空出来聚聚 坐下一想原来也大半年没见了.年头答应我说过了一年下次见面绝对不会迟
  • 2021.10.9星期六 读书时长:一小时 继续看漫画党史 做的笔记忘拍了明天补 另外开了本新书《脑洞超市2》 不得不说《一条狗》已经是使徒子巅峰作了 《逍遥游
  • 收市级货款1⃣3⃣5⃣0⃣0⃣ 小韩是我的同事,是一名优秀的助产士,因为被家庭琐事困扰,所以感觉生活没有动力,状态不好,在聊天的过程中,她被我积极向上的工作生活
  • 提车快乐[嘻嘻][嘻嘻][嘻嘻] 专属大白[鼓掌][鼓掌][鼓掌] 终于过上了出行自由的日子! 不用再为对方是否有车 是否愿意带我出去玩而纠结 本姑娘自己有车[
  • 【想要机密没门!台积电为何敢跟美国呛声?台名嘴爆真相】据台湾《中时新闻网》报道,美国商务部日前召开半导体峰会,遭韩媒爆料包括台积电、三星等晶圆代工厂必须在11月
  • 什么才是挽回的正确的方式呢?并没有一个完全适合你的方式,每个人的情感都是不同的,每个人的分手情况也不完全一样。所以,在挽回情感时,要因地制宜,把握合适的大方向,