གོམས་འདྲིས་རིང་ཏུ་སོང་པའི་རྒྱུས་ཡོད་ཅན།།
བློ་ཁ་མ་ཁེངས་སོ་སོར་བྲལ་བྱུང་ཡང་།།
གསོན་པའི་དུས་སུ་འཚེ་བའི་སྤྱོད་ལམ་ཡིས།།
མཐའ་མཚམས་ཡག་པོ་དགོས་པའི་བརྡ་སྐད་སྤྲད།།
བློ་ཁ་མ་ཁེངས་སོ་སོར་བྲལ་བྱུང་ཡང་།།
གསོན་པའི་དུས་སུ་འཚེ་བའི་སྤྱོད་ལམ་ཡིས།།
མཐའ་མཚམས་ཡག་པོ་དགོས་པའི་བརྡ་སྐད་སྤྲད།།
རྫིག་པོའི་ཉམས་ཀྱིས་རོལ་པ་མི་དགོས་ཤིང་།།
ཕན་སེམས་མེད་ཀྱང་གནོད་པ་མི་བྱེད་པའི།།
ལྷད་མེད་དྭངས་གཙང་ཞེས་བྱ་ངལ་ན་ཡང་།།
གཞུང་བཟང་ཕྱི་ཐག་ཅན་ཞིག་འཁྲེང་ནས་ཡོད།།
ཕན་སེམས་མེད་ཀྱང་གནོད་པ་མི་བྱེད་པའི།།
ལྷད་མེད་དྭངས་གཙང་ཞེས་བྱ་ངལ་ན་ཡང་།།
གཞུང་བཟང་ཕྱི་ཐག་ཅན་ཞིག་འཁྲེང་ནས་ཡོད།།
མྱང་འདས་སྒོ་ཐེམ་འཚོལ་བའི་དམུས་ལོང་བ།།
དམ་ཆོས་འཁར་བར་མི་བརྟེན་ལག་པས་སྙོབ།།
རྒྱ་བོད་གཙུག་ལག་ཆོས་ཁྲིར་ཁུར་དུ་ལྕི།།
བརྗོད་བྱའི་མར་ལོ་སྦྲུམ་པ་སུ་ཡིས་ལེན།།
དམ་ཆོས་འཁར་བར་མི་བརྟེན་ལག་པས་སྙོབ།།
རྒྱ་བོད་གཙུག་ལག་ཆོས་ཁྲིར་ཁུར་དུ་ལྕི།།
བརྗོད་བྱའི་མར་ལོ་སྦྲུམ་པ་སུ་ཡིས་ལེན།།
✋热门推荐