༄༅།།མི་ཕམ་མདུན་ས་ཡིད་འཕྲོག་དགའ་ལྡན་ཞིང་།།དུས་ཀྱི་དབང་གིས་ས་ལ་འཕོས་པ་ལྟར།།བསྔགས་པར་འོས་པ་སྤྲུལ་པའི་སྐུ་འབུམ་ཞེས།།གྲགས་པའི་བ་དན་གཡོ་བ་ཨེ་མའོ་མཚར།།—ཀུན་མཁྱེན་འཇིགས་མེད་དབང་པོས།(༡༧༢༨ནས༡༧༩༡) https://t.cn/RhBZ82l

དེ་རིང་གཙང་བཀྲ་ཤིས་ལྷུན་པོ་ལ་མཇལ་དུ་སོང་བ་ཡིན། དེ་ནི་དབུས་གཙང་དུ་ཡོད་པའི་དགེ་ལུགས་པའི་གདན་ས་ཆེན་པོ་བཞིའི་ཡ་གྱལ་ཡིན་པ་དང་།

གཞིས་ཀ་རྩེའི་གྲོང་ཁྱེར་དང་འདབས་འབྲེལ་ལྟ་བུར་ཡོད། རབ་བྱུང་བརྒྱད་པའི་མེ་ཡོས་ ༡༤༤༧ལོར་ ཏཱ་ལའི་བླ་མ་སྐུ་ཕྲེང་དང་བོ་རྗེ་དགེ་འདུན་གྲུབ་ཀྱིས་ཐོག་མར་ཕྱག་བཏབ། དགོན་མིང་ཆ་ཚང་ལ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་ཞེས་ཟེར།

རྟེན་གཙོ་ཐུབ་དབང་བདུད་འདུལ་མའི་སྐུ་བརྙན་སོགས་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་གསར་བཞེངས་ཐོག

ཆོས་འཆད་ཉན་ལ་རབ་ཏུ་གཞོལ་བས་ཐོག་མར་མཁས་པའི་དབང་བོ་བཅུ་ཕྲག་གསུམ་ཙམ་དང་དགེ་འདུན་པ་བརྒྱ་དང་བཅུ་ཕྲག་འགའ་ལས་མེད་ཀྱང་ཁོང་གི་སྐུ་ཚེ་སྨད་ལ་དགེ་འདུན་པ་ཆིག་སྟོང་དྲུག་བརྒྱ་ཙམ་མམ་སུམ་སྟོང་ཙམ་འཕེལ་མྱོང་ཡོད་ལ་རྗེས་སུ་དེ་ལས་མང་བོ་འཕེལ་ཡོད་ཀྱང་གསལ་བོར་མ་ཤེས། དགོན་པ་བཏབ་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་བར་བསྟན་པའི་བདག་པོ་མཛད་དེ་འཆད་ཉན་ནམ་ཡང་ཆག་པ་མེད་པར་གནང༌། པཎ་ཆེན་དགེ་འདུན་གྲུབ་པ་ཞེས་མཚན་སྙན་གྱིས་ཡོངས་སུ་ཁྱབ་ཅིང་། དེ་ནས་བཟུང་བཀྲ་ཤིས་ལྷུན་པོའི་གདན་ས་སུས་མཛད་ལ་པཎ་ཆེན་ཞེས་པའི་མཚན་སྙན་གྲགས་ཁྱབ་རྡལ་དུ་སོང་། པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དགུང་ལོ་སོ་གཅིག་པ་རབ་བྱུང་བཅུ་བའི་ལྕགས་གླང༡༦༠༡ ལོར་བཀྲ་ཤིས་ལྷུན་པོའི་མཁན་པོ་མཛད་པ་ནས་བཟུང་དགོན་པ་འདི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ལྟ་བུར་ཆགས་ཡོད་པ་རེད། ད་ལྟ་དགོན་པ་འདིར་རྗེ་དགེ་འདུན་གྲུབ་ཀྱི་ཞབས་རྗེས་དང་སྟོན་པ་དང་རྗེ་ཡབ་སྲས་ལ་སོགས་པའི་སྐུ་བརྙན་མང་བོ་བཞུགས་སུ་གསོལ་བ་དང་།

པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་རྒྱན་གྱི་སྐུ་དམར་གདུང་ཆ་ཚང་དང་པཎ་ཆེན་སྐུ་ཕྲེང་ལྔ་བ་ནས་དགུ་བའི་བར་གྱི་གདུང་རྟེན་གྱི་ཆ་ཤས་དང་རིང་བསྲེལ་སོགས་རྟེན་སྣ་མང་བོ་གཅིག་ཏུ་བསྡུས་པའི་གདུང་རྟེན་དང་ཆོས་སྲིད་གཉིས་ལ་བཀའ་དྲིན་བླ་ལྷག་ཆེ་བའི་པཎ་ཆེན་བཅུ་བ་ཆེན་པོའི་སྐུ་དམར་གདུང་བཅས་མཆོད་རྟེན་ཆེན་པོ་གསུམ་བཞུགས་པ་དེ་དག་གི་རྒྱུ་ཆ་གསེར་དངུལ་ཟངས་ལྕགས་དང་གཡུ་བྱུར་སོགས་རིན་པོ་ཆེ་རྩ་ཆེན་ལས་གྲུབ་པའི་གདུང་རྟེན་ཡིན། ༧པཎ་ཆེན་བཅུ་བ་མཆོག་གི་སྐུ་དམར་གདུང་ཆ་ཚང་བཞུགས་པའི་སྐུ་གདུང་ལ་དངོས་སུ་མཇལ་རྗེས། བདག་ནི་བརྗོད་དུ་མེད་པའི་ཚོར་སྣང་ཞིག་གིས་མགྲིན་པ་བརྣངས་ཏེ་ཁོང་གི་སྐུ་གདུང་གི་ཕྱོགས་སུ་གུས་ཕྱག་ཅིག་ཕུལ་བ་ལས་ཐབས་ཅི་ཞིག་བདོག

རིའི་མཐོ་དམན་རྒྱང་ནས་བལྟས་ན་ད་གཟོད་གསལ་བོར་མཐོང་བ་དང་རིའི་ངོ་ལ་འཛེགས་ན་གསལ་བོར་མི་ཤེས་པ་བཞིན་དུ་དམ་པ་ཡིན་མིན་ལོ་མང་གི་རྗེས་སུ་མཛད་རྗེས་ལ་གཞལ་ན་ན་ད་གཟོད་རྟོགས་ཐུབ་པ་ལས།

སྐུ་བཞུགས་པའི་སྐབས་སུ་གསལ་བོར་རྟོགས་ཀྱིན་མི་འདུག

འདི་ནི་མི་རྣམས་ཐུན་མོང་གི་སྣང་ཚུལ་ཞིག་རེད།

གང་ལྟར་གཙང་བཀྲ་ཤིས་ལྷུན་པོ་ན་ད་ལྟའང་རབ་བྱུང་བའི་ཞལ་གྲངས་ཀྱང་དགུ་བརྒྱ་ལྔ་བཅུ་ཙམ་བཞུགས་པས་དགེ་ལུགས་པའི་དགོན་པ་ཆེ་ཤོས་ཤིག་ཡིན་ཞེས་བཤད་ཆོག དེ་ནི་ནང་བསྟན་པ་ཞིག་ལ་མཚོན་ནས་བཤད་ན་དགའ་འོས་པ་ཞིག་མ་ཡིན་ནམ།
དབུས་གཙང་གདན་ས་བཞི་ཡི་ཡ་གྱལ་སྟེ།།
བཀྲ་ཤིས་ལྷུན་པོ་ཞེས་བྱའི་དགོན་ཆེན་འདིར།།
མཇལ་བས་སེམས་སུ་དགའ་ཚོར་བྱུང་བ་དང་།།
ལྷག་པར་པཎ་ཆེན་བཅུ་བ་སེམས་སུ་མངོན།།

༢༠༢༠\༩\༢༣\ ཉིན་རྨ་པྲཛྙཱས་སྤེལ། https://t.cn/EXa6oBp

སྣར་ཐང་དགོན་པ་ནི། དེ་ཡང་རི་བོ་གླང་པོ་ཆེའི་སྣ་ཞགས་བརྐྱངས་འདྲའི་འདབས་སུ་བཏབ་པ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་སྣར་ཐང་ཞེས་མིང་བྱུང་བར་གྲགས། བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་བཀའ་གདམས་ཀྱི་དགོན་པ་ཞིག་ཡིན། རབ་བྱུང་གསུམ་པ་ཆུ་བྱ་ཕྱི་ལོ་ ༡༡༥༣ ལོར་པོ་ཏོ་བའི་ཡང་སློབ་གཏུམ་སྟོན་བློ་གྲོས་གྲགས་པས་བཏབ། དེར་དགེ་བཤེས་ཤ་ར་བ་ནས་བརྒྱུད་པའི་བཀའ་གདམས་གཞུང་པའི་ཁྲིད་རྒྱུན་དང་། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་ནས་བརྒྱུད་པའི་འདུལ་བ་གཙོ་བོར་འཛིན་ཅིང་། རབ་བྱུང་བཞི་པའི་དུས་སུ་མཁན་པོ་བཅོམ་ལྡན་རིག་པའི་རལ་གྲི་དང་། དབུས་པ་བློ་གསལ་སངས་རྒྱས་ཡབ་སྲས་ཀྱིས་སྡེ་སྣོད་གསུམ་གྱི་གཙུག་ལག་བོད་དུ་འགྱུར་རོ་ཅོག་བཀའ་འགྱུར་དང་བསྟན་འགྱུར་གཉིས་སུ་བསྒྲིགས་པ་དང་། རབ་བྱུང་བཅུ་གཉིས་པའི་ལྕགས་ཕག་ཕྱི་ལོ་ ༡༧༣༡ ལོར་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་ཀྱིས་མཐུན་རྐྱེན་མཛད་དེ་བཀའ་འགྱུར་པོད་བརྒྱ་ཐམ་པ་དང་བསྟན་འགྱུར་པོད་ཉིས་བརྒྱ་ཉི་ཤུ་རྩ་ལྔ་བར་དུ་བསྐྲུན། གཞན་སྟོན་པ་སངས་རྒྱས་ཀྱི་འཁྲུངས་རབས་དཔག་བསམ་འཁྲི་ཤིང་གི་ཐང་ག་ཉི་ཤུ་རྩ་ལྔ་དང་། རྗེ་ཙོང་ཁ་པའི་རྣམ་ཐར་ཆ་ཚང་གི་ཐང་ག་བཅོ་ལྔ་བཅས་ཤིང་པར་དུ་བསྐྲུན། དེ་འདྲའི་བཀའ་བསྟན་སོགས་ཀྱི་པར་ཤིང་དང་མཁས་པ་དུ་མ་འཁྲུངས་སའི་གནས་མཆོག་ཅིག་ཡིན་ཀྱང་ང་བརྒྱད་ལོའི་དུས་འཁྲུག་དང་རིག་གནས་གསར་བརྗེའི་སྐབས་སུ་ཕལ་ཆེར་རྨེག་མེད་དུ་བཏང་སོང་། ད་ལྟའི་ཆར་བཀའ་འགྱུར་གྱི་དཔར་ཤིང་ཆ་ཚང་ཞིག་ཡོད་ཟེར། དེ་ནི་སྔོན་གྱི་དེ་ཡིན་མིན་གསལ་བོར་མི་ཤེས།

ད་དུང་དཔར་ཤིང་འགའ་རེ་བརྐོས་དང་རྐོ་བཞིན་འདུག འདུ་ཁང་སོགས་སུ་ཞིག་གསོ་དང་ལྷ་སྐུ་མང་བོ་ཞིག་གསོ་བྱེད་ཀྱིན་འདུག

དགོན་པ་འདིའི་ནང་དུ་རྒྱལ་བ་དགེ་འདུན་གྲུབ་དགུང་ལོ་བདུན་པ་དང་བཅུ་གསུམ་ཡིན་པའི་དུས་ཀྱི་ཞབས་རྗེས་གསལ་བོ་དང་གཞན་འཇམ་དབྱངས་ཀྱི་སྟོང་སྐུ་དང་རྗེའི་སྟོང་སྐུ་སོགས་མང་བོ་བཞེངས་འདུག་འདུག སྔོན་གདན་ས་ཆེན་པོ་ཞིག་ཡིན་ཀྱང་ད་ལྟ་གྲྭ་བའི་ཞལ་གྲངས་བདུན་ཅུ་ཙམ་ལས་མེད། འདིའི་ནང་དུ་སོང་ནས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་པ་ནི།

ལྷ་ཁང་གྲལ་དག་ཞིག་གི་དབུས་སུ་པཎ་ཆེན་བཅུ་བ་མཆོག་གི་སྐུ་བརྙན་ཞིག་བཞེངས་པ་དང་གཡས་གཡོན་གྱི་གྱང་ལོགས་སུ་ཁོང་གི་རྣམ་ཐར་མཚོན་པའི་ཆུང་དུས་ནས་སྐུ་མྱ་ངན་གྱི་འདའ་ཁའི་བར་གྱི་འདྲ་པར་མང་བོ་བཞུགས་སུ་གསོལ་ཡོད།

ཅི་འདྲའི་ཡིད་ཕངས་པ་ལ་ཨང་། བསོད་ནམས་ཀྱིས་མ་ཐེག་པའི་དམ་པ་ཞིག

ཡུལ་གྲུ་གཞན་ཞིག་གི་འགྲོ་དོན་ལ་ཕེབས་སོང་།

༢༠༢༠\༩\༢༢\ ཉིན་རྨ་པྲཛྙཱ་ནས། https://t.cn/EXa6oBp


发布     👍 0 举报 写留言 🖊   
✋热门推荐
  • また、富山県は2021年にねとらぼ調査隊が実施した人気投票「魚料理がおいしいと思う都道府県は?「シアン」には、これまで稲葉浩志が手がけたB’zおよび自身のソロ作
  • 除了我前面说的那些,他为了你投入了这么多,他当然会不甘心不满足,想要让自己的付出有收获,想要满足曾经的心愿。#分手复合挽回前任情感咨询#其实他除了对你感到失望以
  • 如果你也深有同感,劝你赶紧学起来为你的客厅换一个“风琴纸巾盒”好用的物品,不仅能让繁琐的事变得简单还能提升客厅的颜值与品味这不,宅家的舒适度又提升了一个leve
  • #刘宇宁宁远舟# ིྀ #刘宇宁一念关山# ིྀ#摩登兄弟[超话]# ¹⁰⁰ % Lᵒᵛᵉ ༯ ᒪIᑌ Yᑌ ᑎIᑎG ⭐️我以前喜欢星星,现在不喜欢了因为
  • 2、获取用户大数据,玩精准营销消费者扫码,商家可获得一系列用户信息,包括:是什么扫的码?活动执行:借助一物一码系统,给每一件南孚酷搏充电宝外盒上贴上二维码不干胶
  • 振德医疗 一次性医用外科口罩120只~~袋鼠医生 一次性医用外科口罩120只~~金士达医用外科口罩~~unifree 我喜欢不停的说话,因为我讨厌沉默,我喜欢不
  • 说起来我还挺喜欢《哥哥扭蛋》这部剧的~当年追得非常开心……主要剧情是小学生美子承包了全部家务每天苦不堪言,她的舞蹈班同学是个千金大小姐,有五个供她呼来喝去的哥哥
  • 金刚经的智言慧语 :【学佛当审时机。机是根机,机缘也。所谓时者,如南北朝时,北魏南梁,无不大弘佛法,讲席极盛,然不无取著文字相。故达摩东来,乃不立文字,直指人心
  • 头大身子小代表令人“头大的事情”难以解决(冰冰也是用了个大头卡通头像导致头大的事)。头大身子小代表令人“头大的事情”难以解决(冰冰也是用了个大头卡通头像导致头大
  • 这根足足折磨了我两个月的竹丝,差点让我做了人生的第一次大手术。)昨天有姑娘咨询犹豫是否离婚……软刀子杀人啊……那些舍不得离婚的,最后贪恋的,都是这样细节上的美好
  • ”妻子接过瓶子,看了看,也觉得很喜欢,就问他这瓶子哪来的,秋善实如实汇报:“在咱家菜地下面的古墓里,挖到的。#i茅台#1984年,济宁文物普查人员,来到当地刘大
  • #每日一善[超话]#✨#阳光信用# ✨#每日一善# ✨ygxy✨与较好以上hu动,一起↗️✨诚信hu动,指不tun必hui[送花花]✨#阳光信用# +15字以上
  • “叶峰”和“丛容”请一直一直幸福下去[心][心]1⃣️一个很好的男性朋友对我说:你没有看过三国演义,这是我没想到的。但自诩女权自诩地如此客观,我也不愿意把这句话
  • 【科普】《相信您了解“我”后,就不会排斥了》#避孕##健康科普##避孕药# 一位13岁的学生,月经流了一个月了还没干净,孩子都觉得脚趴手软的了…… ---你需要
  • 罗曼罗兰说“世界上只有一种英雄主义,那是在看透生活的本质依然热爱生活”我想我是不是也应该慢慢入世,去感受各种人情冷暖,去感受悲欢苦痛,去感受那些意外惊喜,去感受
  • 此外,浙江、山西、湖北等多省份都提前对在省外的考生进行摸排,填报当前所在地、因疫情受管控、还有多地对于返回时间做了要求,如天津市教育招生考试院发布温馨提示,在津
  • 遇到喜欢的人之后 就会变得好老套 想牵手逛街 想吃爆米花看电影 想像家人一样坐在沙发上喝酒聊天 而没遇到之前我总以为自己是一匹脱缰的野马 大概就是有了你什么也
  • 警告骗子不把所有从百姓身上诈骗来的血汗钱全部还给受害百姓,我就继续不停的做法施法祈求上天把骗子以及骗子家族的所有坏人统统杀入地狱!警告骗子不把所有从百姓身上诈骗
  • 160 130斤,比较胖,穿L码,特意选了黑色,袖子挽起来真的好看又洋气[嘻嘻][嘻嘻][嘻嘻]图4,162 106 S码~感谢让我买到性价比这么高的纯羊绒大衣
  • ”.当天热搜:#纪凭语快喊我宝贝点进去综合第一:【然后被爆[绿色表情]】偏执忠犬系乐坛歌王攻x骚断腿全能却想咸鱼少爷受内容标签: 强强 破镜重圆 娱乐圈 甜文一