འཇིག་རྟེན་སོ་སྐྱེའི་མི་ཕལ་ཆེ་བ་ནི། འདི་ལྟ་སྟེ། ཇི་སྲིད་ཆོས་ཉིད་ཀྱི་གནས་ལུགས་དང་། བདེན་པ་དོན་གྱི་གཏམ་སྨྲ་བ་དེ་སྲིད་དུ། དེ་ལ་རྒོལ་བའི་ཚིག་མཚོན་དང་། རྨོད་མོ། དོགས་མི་བདེ་བ། མི་མོས་པའི་རྣམ་འགྱུར་མང་དུ་བྱེད་ལ། ཇི་སྲིད་ལུགས་དང་འགལ་བའི་རྫུན་གཏམ་པ་དང་། ཁྲམ་བཤད་པ། ངོ་བསྟོད་ཀྱིས་ཟུར་རྒྱན་པ་དེ་སྲིད་དུ། དེ་ལ་དགའ་བའི་གཏམ་དང་། སྙན་པའི་ཚིག་གིས་མགོ་འབུལ་ལུས་འབུལ་བྱེད་སྲོལ་འདུག དེ་ཡང་ཅིག་བྱས་ན། ཁག་མེད་དེ། ཤེས་རབ་དམན་པས་ལོས་ཡིན། མ་གཞི། ཡུལ་གྲུ་ཅི་ལྟར་མཐའ་འཁོབ་ཅིང་རིག་གནས་ལ་དུང་ཞེན་མེད་པའི་ས་དེ་རུ། མཁས་པ་ལས་ཀྱང་བླུན་པོ་མང་ལ། དོན་གྱི་འབེལ་གཏམ་གླེང་བ་ལས་རྫུན་གཏམ་པར་དགའ། གཞན་ཡང་། བསམ་གཞིག་བྱེད་པ་ལས་རྨོངས་ཚོད་བཤད་པར་མོས་པ་ཆེ་ལ། བླང་དོར་འབྱེད་པ་ལས་ཀྱང་སྲོལ་རྒྱུན་བཤད་པར་སྤྲོ་བ་ཆེ། དེ་བཞིན་དུ། གང་ལ་ཤེས་རིག་དང་བསམ་བློའི་བརྡ་འཕྲིན་ཉུང་བའི་ས་ཆ་ན། ལྐོག་ཟ་རུལ་སུངས་དེ་བས་མང་ལ། མང་ཚོགས་ལ་གཉའ་གནོན་དང་། མགོ་སྐོར་ཐེབས་པ་དེ་བས་ཀྱང་མང་བར་འདུག འདི་འདྲའི་ནར་མ་སོན་པའི་བསམ་མནོ་ལ་ནང་པས“རྟག་ཆད་གང་རུང་གི་མཐའ་རུ་ལྷུང་བ”་ཞེས་བྱ་ལ། ནུབ་ཕྱོགས་མཚན་ཉིད་རིག་པས“རྩོད་སྒྲུབ་ཀྱི་འབྲེལ་བ་ཁས་མི་ལེན་པའི་གཟུགས་འདས་སྨྲ་བ”ཞེས་ཀྱང་དམད་པར་བྱ་བ་ཡིན་ནོ། །

རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །
རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པའི། །
རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། །
འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །

ད་ལྟ་མཚན་དཀྱིལ་གྱི་དུས་ཚོད་བཅུ་གཉིས་དང་ཕྱེད་ཀར་སླེབས་འདུག ད་ཚོད་གཞི་ནས་ཉིན་ཐོ་འབྲི་བའི་འགོ་རྩོམ་རྒྱུ་བྱུང་། ད་བར་དུ་གྲོགས་པོ་ཞིག་གི་ཁང་བའི་ཕྱི་ཁྱིམ་ལ་གད་བདར་རྒྱགས་རོགས་བྱས་ནས་འགོར་སོང་། ཉིན་གང་བོར་ལས་ཀར་འཐམ་པ་ཡིན། རྒྱུན་དུ་སོས་དལ་བག་ཕེབས་ཀྱིས་འདུག་རྒྱུར་ལོབས་དྲགས་པའི་རྐྱེན་གྱིས་འགུལ་བསྐྱོད་ཤུགས་ཆེན་པོ་བྱེད་པའམ་ཅུང་ལས་ཀ་ལྕི་མོ་ཞིག་ལ་འཐམ་པ་ན། ཡུན་ཙམ་རེ་འགོར་རྗེས། ཐང་ཆད་དེ་ལུས་པོས་མི་ལྕོགས་པའི་སྣང་བ་ཡང་ཡང་བྱིན་ཡོང་། དེར་བརྟེན་ཏེ། ཚེགས་དཀའི་སྣང་བ་ཡང་རང་བཞིན་གྱིས་སླེབས་ཡོང་བས། ལས་ཀར་འཇུག་པ་ལས་ངལ་གསོ་ཐབས་ཤིག་ལ་རང་བཞིན་གྱིས་ཞུགས་འགྲོ། དེ་ནི། གཞན་གྱི་ངོས་ནས་བལྟས་ན། ཆེས་ཡིད་དུ་མི་འོང་བའི་བྱ་སྤྱོད་དམ་ཡི་ཆད་སྐྱེ་བའི་གནས་ཤིག་ཡིན་པར་སྨོས་ཅི་འཚལ་མོད། ཁོ་བོའི་སྒྱིད་ལུག་དང་ཚེགས་དཀས་གང་བའི་རང་གཤིས་གྱོང་བོ་དེས། ལན་རེར་གྲོགས་པོ་ཚོར་ཡང་། སུན་སྣང་དང་ཡིད་སྐྱོ་བའི་ཚོར་བ་མང་བོ་འདྲེན་བཞིན་ཡོད་པའང་མངོན་གསལ་ལོ།། རང་ལ་ཚེགས་དཀའ་ཆེ་ཞིང་བྱ་བ་ཙག་ཙིག་སྒྲུབ་པར་ཤིན་ཏུ་མི་འཇོན་པའི་ཚུལ་དེ་བསམ་ན། གྲོགས་པོ་ཞིག་ལ་རོགས་བྱེད་དུ་འགྲོ་བར་ངོ་གནོང་དགོས་པའི་ཚོད་དུ་འདུག དེ་ནི་ཇི་འདྲའི་ཐབས་སྐྱོ་བའི་སྣང་ཚུལ་ཞིག་གོ།།


发布     👍 0 举报 写留言 🖊   
✋热门推荐
  • 据了解,“十四五”时期,河南将高标准谋划建设10家突破引领、综合集成的省实验室,使之成为基础研究与应用基础研究、关键核心技术攻关、产业化对接融通的引领阵地和源头
  • あとは思いっきりが良い男なので、決して男前に決めているわけではないのにカッコよく見えちゃう。キャラクターに対する各々のアプローチも知ることができましたし、個性が
  • 【中国戏曲文化(黄梅戏)金银纪念币首发】29日上午,中国戏曲文化(黄梅戏)金银纪念币首发仪式在安庆市黄梅戏艺术中心举行。这是继“世界遗产—黄山金银纪念币”和“中
  • 真的很难相信我爹爱上了喝咖啡☕️,自从上次我把咖啡☕️放在家里没带走后,我爹悄咪咪的尝了尝,然后一发不可收拾把所有麦斯威尔原味的咖啡都喝光了,跟我说蓝色的好喝黑
  • 这是岛内最后一块诗意之地-华新路始建于1957年,可谓历史悠久经过岁月的洗礼,依旧风光熠熠南洋风情的别墅和闽南风格的红砖小巷仿佛都在说着久远的故事隐于闹市之中,
  • 他一直很难过,我也能感同身受,因为我深切的知道,被人计划在未来里是一个浪漫的事情,听完他的故事我感觉女孩很好,我朋友也很爱她,世界上的阴差阳错太多了,都是寻常罢
  • 真的太好吃啦!!
  • 老师给的修改意见,不过总觉得太像托尔那张图了可能画也可能懒得画,起初我也是看过的,不过这个题材五百年前就想做了,一些生物+机械这种,虽然水母也好多人做[笑cry
  • 若修怀法、怀爱法,例如:长寿佛法,咕噜估咧佛母法,一定要用“珊瑚念珠”。 佛所说一切的方便法,看似有,其实又是无,故称为“方便门”;在方便当中教导很多的弟子修持
  • 每个人的一生里都会遇见一个没有办法在一起的人吧,很多时候我们觉得那是无法抵御的强烈爱情,最后经历悲痛分别,以为人生的遗憾不过如此,时过镜迁,一晃好几年再回头去看
  • 可见,若真有"精神心理疾病“也是在郑州出现的,这更让人怀疑,究竟输了什么药,导致冠心病,视力下降〈身体其它症状,医院没作检查)精神心理疾病。可见,若真有"精神心
  • 此外,该课题组还以3 M KOH为电解质,CoTe@rGO电极为正极,活性炭为负极,组装了具有更宽电位窗和更高能量密度的非对称超级电容器(ASC)。鉴于钴的可变
  • #张艺兴[超话]##张艺兴陪着你# 虽迟但到[开学季]歌好好听[哈哈]这个生日礼物真的太暖心太感动了这个男人好浪漫[鲜花]我好爱好爱好爱他[泪]多少个失落无助的
  • 天蝎座:被背叛天蝎座的人几乎没有什么朋友,所以,当被自己最为看重的朋友背叛时,他的心肯定会特别特别地痛,然后不知不觉开始一连串的打击和报复,有仇不报非天蝎,要问
  • 每日早晨五分钟知晓新资讯实时了解湾区新动态️更多精选资讯尽在Q房新房日报 未来10年房地产6大趋势猜想,你觉得哪个能实现?趋势1:未来10年,房子建设规模从17
  • 加上现在的仙侠剧配角也是真的层次不齐,主角在好好的飙戏,配角可能反而让人先出了戏,这样的仙侠玄幻剧,谁能够喜欢? 要知道《古剑奇谭》和《仙剑》系列最突出的
  • 于是,赵女士在女子的带领下来到一个小巷,看见了正在帮别人算命的“大师”。4月11日,赵女士从江北区某医院出来,一名女子过来拍了拍她的肩膀说:“大师说你跟他有眼缘
  •  【凉山州高位推进现代农业园区建设】当一些地方的专业合作社还在为壮大自身而努力时,会理县石榴主产区已经成立了“龙头企业+基地+集体经济+合作社+农户”的共享产业
  • 全文链接:#推文[超话]# #高质量言情小说# #热门小说推选# #热门小说推荐#资深书虫苏烟橘竟然穿进了她最近疯狂吐槽的玄幻小说里,而且,还成了这部小说的炮灰
  • 【#长沙这些历史上的“第一家”#】山水洲城,这是长沙给很多外来客人的印象。六、长沙第一家九芝堂公元1650年,一位名叫劳澄的老者来到古城长沙坡子街开了一家未名小