རྒྱ་གར་གྲུབ་ཆེན་བརྒྱད་ཅུ་ལས་དང་པོ་དྲུག་གི་བསྟོད་ཚིག་གསེར་གྱི་པི་ཝང་ཞེས་བྱ་བཞུགས་སོ།།

༡༽གྲུབ་ཆེན་ལཱུ་ཡི་པ།
རྒྱལ་སྲིད་བདེ་འབྱོར་རྒྱང་དུ་དོར་ནས་སློང་མོའི་འཚོ་བ་དང་དུ་བླངས།།
གསེར་དངུལ་ཁྲི་ལ་ཞེན་པ་ལོག་ནས་དུར་ཁྲོད་ཐལ་བའི་ནང་དུ་ཉལ།།
གངྒཱའི་འགྲམ་དུ་ཉ་རོ་རྟེན་ནས་བཅུ་གཉིས་ལོ་ཡིས་གྲུབ་པ་བརྙེས།།
རྣམ་རྟོག་བྲག་གི་རི་བོ་བསྙིལ་ནས་ཏིང་འཛིན་མཆོད་རྟེན་བཞེངས་ལ་བསྟོད།།
༢༽གྲུབ་ཆེན་དྷ་རི་ཀ་པ།
ང་རྒྱལ་དགྲ་ལས་རྣམ་པར་རྒྱལ་ཕྱིར་སྨད་འཚོང་གཙོ་མོ་གོང་དུ་བཀུར།།
དད་འདུན་རྒོད་པོའི་གླང་སྨྱོན་བཅིབས་ཏེ་སྲིད་པའི་རྒྱལ་ས་ཐལ་བར་བརླགས།།
ཉ་ལྟོ་བ་ཡི་དབང་སྐུར་ཐབས་ཀྱིས་འཁོར་ལོ་སྡོམ་པའི་གྲུབ་པ་ཐོབ།།
རིག་འཛིན་བདུན་བརྒྱའི་འཁོར་གྱིས་བསྐོར་ནས་མཁའ་སྤྱོད་ཞིང་ལ་དངོས་སུ་གཤེགས།།
༣༽གྲུབ་ཆེན་ཌེཾ་ཀི་པ།
ཆོས་ཉིད་འོད་གསལ་སྟོང་བ་ཆེན་པོའི་གཏུན་ཤིང་ཡངས་པའི་དབྱིངས་རིམ་དུ།།
གཞོམ་མེད་ཏིང་འཛིན་རྡོ་རྗེ་བརྟན་པོའི་རྣལ་འབྱོར་གྲུབ་པའི་གཏུན་རྡོ་ཡིས།།
གཟུངས་འཛིན་རྣམ་རྟོག་ཆེན་པོ་འཁྲུལ་བའི་འབྲས་རྡོག་གྲངས་མེད་ཞིབ་པར་རྡུང་།།
འབྲས་རྒོད་བཏུལ་བའི་ཟག་མེད་བཅུད་ལ་རོལ་བས་བདེ་ཆེན་ལུས་སྟོབས་རྒྱས།།
༤༽གྲུབ་ཆེན་ལི་ལ་པ།
སེང་གེའི་ཁྲི་ལ་ཟ་འོག་གདན་སྟེང་བཙུན་མོའི་འཁོར་གྱི་གླུ་དབྱངས་དབུས།།
ཕྱག་གཡས་གསེར་གྱི་གདུ་བུའི་ནང་དུ་ཀྱེ་རྡོར་ལྷ་ཡི་གཟའ་སྐར་བཀྲ།།
སྒེག་པའི་གར་གྱི་སྟང་སྟབས་ཁྲོད་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ།།
མངོན་ཤེས་སྤྱན་གྱིས་ཐོགས་མེད་གཟིགས་ཏེ་སྲིད་གསུམ་བདེ་བའི་མངའ་དབང་བསྒྱུར།།
༥༽གྲུབ་ཆེན་བིརཝ་པ།
སཽ་མ་པུ་རིའི་མཚོ་ལ་འཕུར་ཏེ་ཆུ་བོ་གངྒཱ་དཀྱིལ་ནས་བཅད།།
ཆང་ཚོས་གནས་སུ་ཉི་མ་བཟུང་ནས་བདུད་རྩིའི་ཆང་གི་རོ་ལ་དགྱེས།།
ཨིནྡྲའི་ཡུལ་དུ་ལྷ་ཆེན་བཏུལ་ལ་ཀོ་ཊིར་ཕྲ་མེན་དམ་ལ་བཞག།
མ་ཧཱ་དེ་ཝའི་སྤྲུལ་བའི་གྲོང་ཁྱེར་ལྷ་ཀླུ་མི་ཡི་མཆོད་པ་བཞེས།།
༦༽གྲུབ་ཆེན་ཌོམྦི་བ།
ཕྱི་རོལ་མི་སྟེགས་ལུགས་ངན་སྤངས་ནས་ཐེག་པའི་ཡང་རྩེ་སྔགས་ལ་ཞུགས།།
ཆང་ལ་སྤྱོད་པས་བྲམ་ཟེ་རྣམས་ཀྱིས་རིགས་ལས་ཉམས་ཞེས་སྡང་བ་བྱུང་།།
མཚོ་ལ་དཀྱིལ་གྲུང་བྱས་ནས་ཟངས་ཞུན་ཁོལ་མ་འོ་མ་བཞིན་དུ་འཐུང་།།
རྫུ་འཕྲུལ་རྡོ་རྗེའི་སྡེར་མོ་ཅན་དེས་མུ་སྟེགས་སྨྲ་བའི་གླང་སྨྱོན་བཏུལ།།

༄༅།།དེ་རིང་དགོང་དྲོའི་དུས་ཚོད་༦་༣༠་སྟེང་ནས། ༢༠༡༩་ལོའི་དགུན་ཁའི་རང་སྦྱོང་སློབ་ཆེན་གསོ་སྦྱོང་གི་རིག་རྩལ་སྤྲོ་ཚོགས་ཏེ། ང་ཚོ་འཛོམས་པ་ཡག་སོང་ཞེས་པ་དེ། རང་རིགས་ཀྱི་ཐུན་མོང་མ་ཡིན་པའི་གླུ་བྲོ་གཏམ་གསུམ་གྱི་སྒྱུ་རྩལ་ལ་རྣམ་པར་བཀོད་པས། ལྟད་མོ་བ་ཡོངས་ཀྱི་རྣ་བའི་དཔྱིད་དང་། མིག་གི་གསོས་དང་། ཡིད་ཀྱི་དགའ་བདེ་རུ་རྣམ་པར་སྨིན་ནོ།།[鲜花][鲜花][鲜花]

#微博[超话]# ࿐བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ངོ་སྤྲོད་མདོར་བསྡུས། ༡ འགྲོ་བ་བཟང་མོ། ༢ གཟུགས་ཀྱི་ཉི་མ། ༣ རྒྱ་བཟའ་བལ་བཟའ། ༤ གཅུང་དོན་ཡོད་དོན་གྲུབ། ༥ པདྨ་འོད་འབར། ༦ ཆོས་རྒྱལ་ནོར་བཟང་། ༧ སྣང་ས་འོད་འབུམ། ༨ དྲི་མེད་ཀུན་ལྡན་བཅས་སོ།།
藏族八大藏戏简介


发布     👍 0 举报 写留言 🖊   
✋热门推荐
  • 尾盘资金数据上,今天短线资金开始出现净买入,虽然买入金额不多,但是这个确实是改变前面2天市场的动态,建议大家在市场不景气的时候,要重视短线资金数据。尾盘资金数据
  • 1933年春,毅然辞去北洋大学教席的桥梁专家茅以升,应约赴杭接受主持建造钱塘江大桥的重任。钱塘江大桥不仅是我国桥梁史上的巨大成就,也是中国铁路桥梁史上一个辉煌的
  • (如下图)试作答如下:疫苗是预防新冠的,或者说是预防新冠重症的,无论新冠怎么变异,昨天变异成德尔塔,今天变异成奥密克戎,后天变异成德尔塔克戎(现已在美发现)其种
  • 裁员潮 | 理想汽车或裁员 “军备竞赛”内卷效果显现
  • 再做新冠肺炎核酸检测同时,医生也给患者安排了胸部CT检查,因为管床医生听诊患者双肺有少许湿罗音,这可能是肺炎,既然是肺炎,那就很有必要做个CT,CT能看到更多细
  • #中新网评龚俊遭人肉#不知道大家看到这个话题是会心痛,还是当个玩笑过去了,初中政治课最先讲的就是每个公民要保护好自己的权利,保护人身安全权财产权,隐私权,怎么大
  • 卧室好物|get深处好睡眠~“人的一生有三分之一的时间都是在睡眠中度过 的”关于儿童床垫的选择,我做了很多功课研究了各类床垫zui后选择了这块被很多博主夸爆的
  • 余生请多指教​有成熟稳重的顾魏有活泼开朗的林之校​有教导主任式的父亲林老师​有温柔慈爱的母亲李女士​有两个美丽讲义气的闺蜜三三和印玺​有生活中的琐碎小事​有突遭
  • 差不多红烛左右真的我沉默了,文案写的越来越怪了,一世家少主,本该拥有的能力、心思细腻分辨人心这种全被文案抛了)郡主聪慧(撇开主线时不时被降智那些)她守礼节明道德
  • 在友谊楼住的第1⃣️天亮亮昨天连夜送零食来,还偷偷带了根雪糕(❤️@大树亮亮l )帮忙送东西的叔叔特意提醒了有雪糕,让我赶快吃(宿管阿姨叔叔都好温柔[报税])【
  • 先重要后次要,先总结后具体,先框架后细节,先结论后原因,先结果后过程,先论点后论据金字塔原理训练表达者:关注挖掘受众的意图、需求点利益点、关注点和兴趣点,想清楚
  • 一边煲剧一边啃美味,无负担吃零食,真的好快乐[笑哈哈][笑哈哈][笑哈哈]#宋茜##宋茜泰乐天品牌代言人##零食#在看福尔摩斯 也看了卷福其它的影片 好帅 天天
  • 所在城市:山东烟台面积:175㎡左右#装修设计# #现代轻奢风格装修# #装修案例# 1、一个家的装修风格,体现出的是主人的生活理念和人生感悟,本案的业主希望自
  • 临下班,一位跟我除了工作、几乎没有任何私下交流的美女同事送蓝一颗蓝莓,兴奋滴说这个在蓝莓盒里五天了她才发现,怕它饿着了,就撕开一个蓝莓让它吃。学前班快毕业的时候
  • 心不欲杂,行善则真;心若欲杂,空行百善。 心不欲杂,行善则真;心若欲杂,空行百善。
  • 要陪在值得的人,一年又一年,十年又十年 #袁冰妍##袁冰妍[超话]##袁冰妍未来可期# 你眼里有光,装满了星辰大海你眼里有光,承载了浩瀚星空你眼里有光,布满了星
  • 上个月末除了可以上班,居家的日子还是可以下楼跑步和买菜的,但到了这月初,一切都变成了奢望[允悲]我只会做点西多士、蛋挞、三明治什么的,也不能总做,一是孩子会吃
  • 都灵危险指数使用介乎0至10之间的整数数值,当中“0”代表其撞击地球的机会微乎其微,又或是在撞击地球前会给其大气层摩擦燃烧殆尽;而“10”则代表该物体撞击地球的
  • 开了半年还赚了一笔?17万买豪车气场合资 这些车不是你想那样!
  • 五菱也太懂女人了吧?