ནང་བསྟན་གྱིས་མགུལ་རྒྱན་བཏགས་མི་ཆོག་ཟེར་བ་གཏན་ནས་མིན། གལ་སྲིད་ནང་བསྟན་གྱིས་ང་ཚོས་དངོས་པོ་གང་ཞིག་རྙེད་ཀྱང་དེ་བཏགས་ཆོག་མོད། འོན་ཀྱང་དེ་ལས་ལྡོག་སྟེ་དེ་འདོར་དགོས་པའི་སྐབས་སུའང་དེ་འདོར་ཆོག་པའི་གྲ་སྒྲིག་ཀྱང་བྱེད་དགོས། གལ་ཏེ་གོང་གི་རྣམ་པ་ལྟར་མགུལ་རྒྱན་བཏགས་ན། དེ་ནི་ཆེས་ཡིད་དུ་འོང་བའི་ནང་བསྟན་གྱིས་འདོགས་པའི་ཐབས་ལམ་རྣམ་དག་ཅིག་གོ།།
རྫོང་སར་མཁྱེན་བརྩེས།
佛教并不是不允许戴那条项链,佛教是如此认为:如果我们能找到任何东西,都可以戴它,但是当我戴它之时,也同时准备好,当时机变化显示要把它放弃时,我们要随时把它放弃掉。如果照上述的方式戴着项链,那就足以以一种非常优雅的佛教方式来戴它。
宗萨钦哲仁波切 https://t.cn/RDUnQYg

སྐྱོ་གཏམ་ཐོལ་བྱུང་མ།

སྲིད་པའི་ཕུན་ཚོགས་ལ་ཡིད་རྟོན་མེད་ཅེས།།
ཡ་ཐོད་རི་མོ་ཡིས་གསལ་བཤད་བྱས་ཀྱང་།།
མ་བཅོས་རྟག་འཛིན་གྱི་ངར་ཁ་བཙན་པས།།
འགྱུར་ལྡོག་གང་མང་ཞིག་ད་དུང་མ་མཐོང་།།

འགྱུར་བ་སྣ་ཚོགས་ཤིག་ལུས་ལ་བྱུང་ཡང་།།
འགྱུར་མེད་བདེན་འཛིན་དེ་སྙིང་ན་གབ་འདུག།
གཅིག་དང་དུ་བྲལ་གྱི་རིགས་པའི་ལྕགས་ཀྱུས།།
བདེན་འཛིན་འགོངས་པོ་དེ་ནང་ནས་ཕྱུང་རན།།

རིགས་པའི་དཔྱད་པ་དེ་ཡུལ་ཐོག་ཤོར་ནས།།
རང་སེམས་གྱོང་པོ་འདི་འདུལ་ཐུབ་མི་འདུག།
སྦྱངས་པའི་ཡོན་ཏན་དེ་ཁ་ལ་བགྲངས་ནས།།
སེམས་ཐོག་ཉམས་ལེན་ལ་གཏད་སོ་མ་རྙེད།།

འཆད་རྩོད་རྩོམ་གསུམ་དེ་དཔེ་ཐོག་བྲོ་བརྡུང་།།
བཤད་སྒྲུབ་ལས་གསུམ་དེ་ལྟར་སྣང་འགྲན་རྩོད།།
ཡང་དག་བསླབ་གསུམ་གྱི་སྲོག་དབུགས་ཆད་ན།།
བྱས་བྱས་བསྒྲུབས་བསྒྲུབས་དེ་མང་ཡང་ཅི་བྱེད།།

བྱམས་པ་སྒོམ་ས་དེ་གཉེན་གྲོགས་ཙམ་རེད།།
སྙིང་རྗེ་བསྐྱེད་ཡུལ་དེ་གཉོམ་ཆུང་ཙམ་རེད།།
དགའ་བ་འཇུག་ཡུལ་ཡང་ངོ་ཤེས་ཙམ་རེད།།
བཏང་སྙོམས་ཚད་མེད་ཅིག་གང་ནས་སྐྱེ་ནུས།།

ངེས་འབྱུང་གློ་བུར་ཙམ་ཚོར་བས་བསྐྱེད་ཀྱང་།།
གཞན་ཕན་བྱང་སེམས་ཤིག་ལར་ནས་མ་འབྱོངས།།
མེད་དགག་སྟོང་རྐྱང་ཙམ་རིགས་པས་རྙེད་ཀྱང་།།
སྟོང་པའི་གོ་ཡུལ་ལས་ཉམས་མྱོང་མ་སྐྱེས།།

ལྷ་དང་བླ་མ་ལ་གསོལ་འདེབས་ཙམ་དང་།།
སངས་རྒྱས་བྱང་སེམས་ལ་ཡིད་སྨོན་ཙམ་ལས།།
རང་སེམས་གདམས་ཟབ་དང་འདྲེས་པ་མེད་ན།།
མཐར་འབྲས་ལྷུན་གྲུབ་ཅིག་གང་ནས་ཡོང་ནུས།།

ཀ་དག་ལྷུན་གྲུབ་སོགས་ཐ་སྙད་བརྩེགས་ཀྱང་།།
མ་དག་བསམ་བློ་ལ་འགྱུར་ལྡོག་མེད་པས།།
རྟག་བརྟན་ལྷུན་གྲུབ་ཏུ་འཁོར་བར་འཁོར་ནས།།
མྱང་འདས་ཡོན་ཏན་ཀུན་ཀ་ནས་དག་འདུག།

༢༠༢༠/༠༥/༡༥ ལ་གངས་ཆབ་ཀྱིས་ཐོལ་བྱུང་དུ་བྲིས།

༧རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོའི་ཞལ་ནས།
སངས་རྒྱས་ཀྱི་བསྟན་པ་འདི་མེད་ན་འཚེ་བ་མེད་པའི་ངོ་བོ་ཉིད་མེད་སོང་བ་རེད། དེ་ནས་སྙིང་རྗེ་ཡང་མེད་འགྲོ་བ་ཡིན་པས།  སྙིང་རྗེ་མེད་ན་ལས་འབྲས་སོགས་ཆ་ཐམས་ཅད་ལ་འདང་རྒྱག་མཁན་ཡོད་པ་མ་རེད། དེ་ལ་འདང་མ་བརྒྱབ་དུས་སེམས་ཅན་གྱི་སྡུག་བསྔལ་རིག་ནའང་དེ་ལ་ཅང་ཤར་རྒྱུ་ཡོད་པ་མ་རེད། སྡུག་བསྔལ་མྱོང་ན་མྱོང་ཁོས་མྱོང་གི་ཡོད་པ་རེད། མྱོང་གི་ཡོད་པ་དེ་འགྲོ་སྟངས་འདུག་སྟངས་ཤིག་གི་གྲལ་དུ་བཞག་ནས་དེ་སེལ་ཐབས་ལ་འདང་རྒྱག་མཁན་མེད་པ་ལྟ་བུ་རེད། https://t.cn/R2Wx1ZH


发布     👍 0 举报 写留言 🖊   
✋热门推荐
  • 新武器,新魔法好不好看好不好用之类的,好像是玩下去的动力,剧情反而对我来说有点弱了,反正剧情玩的有点迷,能感觉很宏大,但是要费心力去研究就有点心累。只能说是天然
  • 下面几张图分别是:1930年代的上海茂昌冷藏栈建筑外观,1933年天津运输海鲜渔获的铁路冷藏车,上海卖根路冷藏库设计图,1934年刘德明绘制的冷藏车厢制冷设备工
  • 海拔最高的乐高®授权专卖店即将入驻世界屋脊限定纪念砖、专属3D模型、满额买赠……多重惊喜福利乐享不停7月16日拉萨城关万达广场等你来约✨关注➕转评赞,你对拉萨新
  • #焦点关注[超话]##何红视角[超话]##教育部通报湖北高考生作弊# 6月7日下午高考数学科目考试结束后,有网友曝出多张QQ聊天截图,截图显示,一名昵称为pur
  • #关于骨龄和儿童身高管理##骨密度检测##武汉健高爱瑞家儿科门诊# 骨密度全称是骨骼矿物质密度,是骨骼强度的一个重要指标,以克/每立方厘米表示,通常我们使用T值
  • 坎儿井是开发利用地下水的一种很古老式的水平集水建筑物,适用于山麓、冲积扇缘地带,主要是用于截取地下潜水来进行农田灌溉和居民用水。(图源网络)#亲子游#全国旅游推
  • 近代柴犬,在〔日保会〕严格要求,禁止缺牙的犬只参赛后,缺牙状况改善了很多很多,目前比较常见的是缺少“第一小臼齿”#柴犬##找柴犬#,“第一小臼齿”在柴犬幼犬时期
  • 小妞高一结束,虽然平时成绩一般,期末考也一般,但是今天拿了一张“三好学生”很是惊喜[送花花]而且,我今天才知道,原来她一直是副班长,怪我,关心不够[爱你]高中进
  • 作者提到了pfe,即存在的意义,寻找自己生存的意义,不要在乎别人的看法,去做你喜欢的事情,不会内耗,好运气自然会来,会让你的生活顺风顺水(这点前一段时间一直在思
  • OOTD|这条裤子可能就是衣柜里的常青树吧每天早上起床思考今儿个穿啥呢,总有头疼的时候,每次不知道穿什么就会拿出这条裤子。后面想看就自己去看吧,我觉得后面老甜老
  • 八一致敬可爱的人以前爷爷可喜欢这个节日了我们都会去给他庆祝这个节日一晃很多年过去了 想念[心][心]去看望奶奶 身体还不错 有点耳聋 信主 有信仰 日子
  • 4小时大富翁,使用一些康米主义纲领成功保持微弱优势的同时尽可能保留场上人数,在最后实在是觉得无聊交由电脑代打后核武器的肆溢造成房地产业崩坏,最终结局是原本最渺茫
  • #DSY&EXJ的故事# 大概快要有一年没有这样平静的闲下来享受自由时光了吧!很多时候,我羡慕身边小伙伴们朝九晚五上班,周末逛街约会的生活;我想和很多女
  • [鲜花]┈┈┈神仙姐姐爱宁的第1273天┈┈┈[鲜花]最爱的老大,你是看到大家的建议了吗?[哈哈][鲜花]摩登兄弟刘宇宁 刘宇宁 lyn 棚主 宁哥[鲜
  • 今天陪表弟去了杭州落地出站才发现台州成了高风险看着那几个字我甚至怀疑是支付宝️后来发现是真的因为一例把整个台州变成高风险了排了一个多小时队录信息做核酸报被一个猥
  • #孕妈宝妈群[超话]##母婴[超话]#我每天都在招代理,原因就是不想看到和我一样作为宝妈的你没有收入在家堕落,只能靠老公的工资养活一家人 。并不是说成为宝妈后,
  • #蔡徐坤[超话]##蔡徐坤0802生日快乐##蔡徐坤0802生日快乐[超话]#爱,是双向奔赴,也是默默守候24岁的葵葵你好哇,生日快乐! 展信佳,一转眼从偶练到
  • 当一只股票跌幅过快过大的时候,必然会造成上面的人被快速大幅度套牢,就会形成大量死扛盘,没有人止损的下跌的意义是不大的,这也是为什么股票在下跌过程中会有反弹。大家
  • 怎么无论第几次和人说起你和他,说起一路相互陪伴扶持,若是没有对方仿佛“单脚企”你还是学不会控制,一次次地感动大哭啊?身为凡事不再求甚解,睁只眼闭只眼看世界的成年
  • 我只能期待着,那一天地下的火冲腾,把这活棺材和我一齐烧掉,我应该在烈火和热血中得到永生。” “他在这堂吉诃德饭馆里,扮演着死去的名人或虚构的怪人,其处境,跟北京