【 聞所成慧-新譯文摘錄分享 】仁珍卓德林巴 第 04 函 གེ་སར་དགྲ་བླའི་རྒྱལ་པོའི་བརྒྱུད་འདེབས་ནོར་བུའི་ཕྲེང་མཛེས་ཅེས་བྱ་བ་བཞུགས༔ 戰神之王格薩爾傳承祈禱文·寶鬘莊嚴

ཨེ་མ་ཧོ༔


誒瑪吙!

སྤྲོས་མཐའ་བརྒྱད་བྲལ་ཆོས་དབྱིངས་དྭངས་མའི་ཀློང་༔
ཆོས་སྐུའི་བླ་མ་ཀུན་ཏུ་བཟང་པོ་ལ༔
ཀ་དག་བློ་འདས་ཆེན་པོར་གསོལ་བ་འདེབས༔
སྣོད་བཅུད་ཕྱྭ་གཡང་རྒྱས་པར་བྱིན་གྱིས་རློབས༔

遠離八邊戲論淨法界,
法身上師普賢如來尊,
殊勝離思本淨誠祈禱!
情器福運增廣祈加持!

ངེས་པ་ལྔ་ལྡན་འོད་གསལ་ཐིག་ལེའི་ཀློང་༔
ལོངས་སྐུའི་བླ་མ་རྡོ་རྗེ་སེམས་དཔའ་ལ༔
ལྷུན་གྲུབ་སྒྱུ་འཕྲུལ་རོལ་བར་གསོལ་བ་འདེབས༔
སྣོད་བཅུད་ཕྱྭ་གཡང་རྒྱས་པར་བྱིན་གྱིས་རློབས༔

具五決定光明明點界,
報身上師金剛薩埵尊,
任運幻化遊戲誠祈禱!
情器福運增廣祈加持!

གང་འདུལ་སྣང་ངོར་དེར་སྣང་སྤྲུལ་པའི་གར༔
སྤྲུལ་སྐུའི་བླ་མ་པདྨ་ཐོད་ཕྲེང་ལ༔
དབྱེར་མེད་ཟུང་འཇུག་ངང་དུ་གསོལ་བ་འདེབས༔
སྣོད་བཅུད་ཕྱྭ་གཡང་རྒྱས་པར་བྱིན་གྱིས་རློབས༔

隨應化機顯現幻化舞,
化身上師貝瑪推騁尊,
無別雙運體性誠祈禱!
情器福運增廣祈加持!

གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་གི་རྒྱན༔
མཁར་ཆེན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔
བདེ་སྟོང་དགའ་བཞིའི་ངང་དུ་གསོལ་བ་འདེབས༔
སྣོད་བཅུད་ཕྱྭ་གཡང་རྒྱས་པར་བྱིན་གྱིས་རློབས༔

雪域智成就者之頂嚴,
喀欽空行耶謝措嘉母,
樂空四喜體性誠祈禱!
情器福運增廣祈加持!

གངས་ཅན་ཐོག་མའི་རིག་འཛིན་གྲུབ་པའི་དབང་༔
འོད་གསལ་རྫོགས་ཆེན་ཀློང་དགུའི་བཀའ་བབས་པ༔
གྲུབ་དབང་གཡུ་སྒྲ་སྙིང་པོར་གསོལ་བ་འདེབས༔
སྣོད་བཅུད་ཕྱྭ་གཡང་རྒྱས་པར་བྱིན་གྱིས་རློབས༔

雪域最初持明成就王,
光明大圓滿界得法主,
珠旺玉紮寧波誠祈禱!
情器福運增廣祈加持!

མཐོང་བ་ཀུན་སྨོན་བདེ་མཆོག་ནོར་བུའི་ཞིང་༔
དབང་ཆེན་གསུང་གི་བཀའ་བབས་འགྲོ་མགོན་རྗེ༔
སྟག་སྲས་ནོར་བུ་རྩེ་རྒྱལ་གསོལ་བ་འདེབས༔
སྣོད་བཅུད་ཕྱྭ་གཡང་རྒྱས་པར་བྱིན་གྱིས་རློབས༔

普願得見勝樂摩尼刹,
蓮花語之法主眾怙尊,
達色諾布擇嘉誠祈禱!
情器福運增廣祈加持!

མདོ་སྨད་ལྕགས་ཡུལ་སྲིན་པོ་གཉིས་པ་རུ༔
པདྨའི་ཟབ་གཏེར་སྤྱོད་པའི་ཆོས་རྒྱལ་རྗེ༔
ཀུན་མཁྱེན་བདེ་གཤེགས་གླིང་པར་གསོལ་བ་འདེབས༔
སྣོད་བཅུད་ཕྱྭ་གཡང་རྒྱས་པར་བྱིན་གྱིས་རློབས༔

多麥甲域羅刹二者中,
蓮師甚深伏藏法王尊,
遍智德協林巴誠祈禱!
情器福運增廣祈加持!

ཡང་གསང་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་ཆེ༔
མ་རུངས་ཧོར་བདུད་ཀླ་ཀློའི་སྲོག་གི་གཤེད༔
སྐྱེས་མཆོག་ནོར་བུ་དགྲ་འདུལ་གསོལ་བ་འདེབས༔
སྣོད་བཅུད་ཕྱྭ་གཡང་རྒྱས་པར་བྱིན་གྱིས་རློབས༔

極密壇城大海最勝主,
兇猛邊地惡魔命之敵,
傑卻諾布紮杜誠祈禱!
情器福運增廣祈加持!

ཡིད་སྦྱིན་ཚེ་འཕེལ་མི་མོའི་ཚུལ་བཟུང་བ༔
ཚེ་དང་དཔལ་སོགས་ཕྱག་ཆེན་སྒྲུབ་པའི་གྲོགས༔
མདོ་ཁམས་སེང་ལྕམ་འབྲུག་མོར་གསོལ་བ་འདེབས༔
སྣོད་བཅུད་ཕྱྭ་གཡང་རྒྱས་པར་བྱིན་གྱིས་རློབས༔

悅意增壽化現人母形,
壽命吉祥手印修持友,
多康森絳竹姆誠祈禱!
情器福運增廣祈加持!

འཇིགས་བརྒྱད་གཡུལ་བཟློག་རྒྱལ་ཡུམ་སེང་ལྡིང་སྒྲོལ༔
བདེ་སྟོང་ཡེ་ཤེས་བསྐྱེད་པའི་ཌཱཀྐི་ནི༔
རྒྱལ་ཡུམ་ནེའུ་ཆུང་ལྷ་མོར་གསོལ་བ་འདེབས༔
སྣོད་བཅུད་ཕྱྭ་གཡང་རྒྱས་པར་བྱིན་གྱིས་རློབས༔

戰勝八大怖畏救度母,
生起樂空智慧空行母,
佛母聶瓊拉姆誠祈禱!
情器福運增廣祈加持!

ས་སྤྱོད་སྤྲུལ་པའི་ཞིང་ཁམས་སོ་སོ་ནས༔
སྨོན་ལམ་ལས་དང་ཐུགས་བསྐྱེད་མཐའ་ཡས་པ༔
དཔའ་བརྟུལ་དཔའ་བོའི་སྡེ་ཚོགས་གསོལ་བ་འདེབས༔
དུས་ཀྱི་རྒུད་པ་ཞི་བར་བྱིན་གྱིས་རློབས༔

地行幻化一一刹土中,
無邊發願業力發心力,
英雄勇士大眾誠祈禱!
息滅劫濁衰損祈加持!

བེའུ་གསེར་རྫོང་ལ་སོགས་སྐུ་མཁར་ནས༔
པད་དཀར་ལྷ་མོ་ལ་སོགས་དྭངས་སྨན་ཚོགས༔
སྒོ་གསུམ་མི་ཕྱེད་གུས་པས་གསོལ་བ་འདེབས༔
རང་གཞན་དོན་གཉིས་ལྷུན་གྲུབ་བྱིན་གྱིས་རློབས༔

牛犢金堡等諸身堡中,
貝嘎拉姆等諸少女眾,
三門無別恭敬誠祈禱!
自他二利任運祈加持!

གངས་དཀར་ཤེལ་གྱི་ཞིང་ཁམས་ཉམས་དགའི་གནས༔
རིན་ཆེན་ནོར་བུའི་གཞལ་མེད་ཁང་བཟང་ནས༔
གཏེར་སྲུང་རྨ་རྒྱལ་ལྷ་ཚོགས་གསོལ་བ་འདེབས༔
ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས༔

雪山水晶刹土悅意處,
大寶摩尼無量妙宮中,
護藏瑪積神眾誠祈禱!
息滅內外障難祈加持!

དེ་ལྟར་གསོལ་བ་བཏབ་པའི་རྟེན་འབྱུང་མཐུས༔
ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང་༔
ས་ལམ་བགྲོད་པ་མ་ལུས་མཐར་ཕྱིན་ནས༔
རང་གཞན་དོན་གཉིས་འབད་མེད་ལྷུན་གྲུབ་ཤོག༔

如是至誠祈禱緣起力,
內外密之障難盡滅除,
地道行持無餘得究竟,
祈願自他二利任運成!

ཁྱད་པར་རྙིགས་མ་ལྔ་བདོའི་མར་གཤམ་འདིར༔
མ་རུངས་ཀླ་ཀློའི་དཔུང་གི་ཤེད་མོང་གིས༔
ཡུལ་ལྷ་གཉན་པོར་འགྲམ་འཁྲུགས་བྱུང་བའི་ཚེ༔
དུས་རྒུད་ཉེ་ཞོ་མ་ལུས་མྱུར་ཞི་ཤོག༔

尤其五濁惡世此劣處,
邊地兇猛大軍之威力,
較量嚴厲域神起亂時,
祈願劫濁災難速息除!

རྒྱལ་བའི་བསྟན་པ་མི་ནུབ་ཡུན་ཏུ་གནས༔
དེ་འཛིན་སྡེ་གཉིས་ཐུགས་མཐུན་ཞབས་པད་བརྟན༔
འགྲོ་ཀུན་བདེ་སྐྱིད་ཐེག་ཆེན་ཆོས་ལ་སྤྱོད༔
ནག་པོའི་ཕྱོགས་ལས་རྣམ་རྒྱལ་མཐུ་ཐོབ་ཤོག༔

如來教法不沒恒住世,
持教二眾順意蓮足固,
眾生安樂行持大乘法,
祈願戰勝黑品具大力!

རང་དོན་ཆོས་སྐུའི་དགོངས་པའི་བཙན་ས་ཟིན༔
གཞན་དོན་ཕྲིན་ལས་རྣམ་བཞི་འབད་མེད་འགྲུབ༔
དོན་གཉིས་ལྷུན་གྲུབ་དགེ་ལེགས་འོད་སྣང་གིས༔
འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་ནུས་ཤོག༔

自利證得法身密意地,
利他四種事業任運成,
二利任運善妙大光明,
祈願救度眾生出有海!

ཀ་དག་ཆོས་སྐུའི་དགོངས་པ་མངོན་དུ་གྱུར༔
ལྷུན་གྲུབ་སྣང་བཞིས་ས་ལམ་དུས་གཅིག་བགྲོད༔
དག་པ་གཉིས་ལྡན་ཀུན་ཏུ་བཟང་པོའི་སར༔
དྭངས་མ་འཇའ་སྐུར་གྲོལ་བར་བྱིན་གྱིས་རློབས༔

現證本淨法身之密意,
任運四相地道同時行,
具二清淨普賢如來地,
清淨虹身解脫祈加持!

( ཅེས་པའང་བོད་རབ་རྒྱན་ཤིང་རྟ་ལོའི་ཟླ་དྲུག་པའི་ཚེས་བཅོ་ལྔ་པར་རྨ་རྒྱལ་གངས་ཀྱི་རི་བོའི་ཤར་ཕྱོགས་གླིང་རི་ཏེའུ་དཀར་མཐོན་པོའི་ཉེ་ཆར་སྤང་ལྗོངས་པདྨའི་དོ་རར་གནས་དུས་ཀྱི་རྟེན་འབྲེལ་བཞིན་འཇིགས་མེད་དབང་དྲག་རྡོ་རྗེས་དག་པར་ཕབ་པ་དགེ་ལེགས་སུ་གྱུར་ཅིག། )

藏曆木馬年六月十五日,於瑪積雪山東邊林日德烏嘎屯波附近蓮花草原林苑中,依時處緣起,吉美旺紮多傑清淨撰著。願成善妙!

----------------------------------

༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三種真實正量吼聲震, 一切劣見獸眾皆驚恐,勝乘獅子吼音遍三地, 蓮師大寶教法願興盛!聖教圓滿殊勝妙旗頂, 光明金剛藏要寶珠嚴, 勝伏一切法幢高聳立, 蓮師大寶教法願興盛! 彌龐蔣揚南傑嘉措(不敗文殊尊勝海)

寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།

世界相续辗转,因果相生不断。内守幽闲清淡,法界安然不变。
阿弥陀佛願我每日行持一切善法功德、回向十方一切过去、现在、未来重重无尽世界海内、重重无尽极微世界、极微尘数众生,願诸众生永具大悲、心善无畏、离诸苦因,願诸众生、永具大愿、心依三宝、离诸黑暗,願诸众生、永具大智、心善勇猛、离诸妄因,願诸众生、永具大行、心证实相、离诸幻化!願我及十方法界情与无情一切众生、以观音大悲法、为菩提心,以地藏深誓願、为修行心,以文殊般若智、为光明心,以普贤广大行、为实证心,成就毗卢遮那佛、大圆满光明遍照果!辗转利乐十方三世、无尽微尘世界,情与无情一切众生、成就安乐心、修安乐行、证安乐果,我心怡悦!唵嘛呢叭咪吽南無阿弥陀佛

གསོལ་འདེབས་དངོས་གྲུབ་ཀུན་འབྱུང་བཞུགས། སྤྲུལ་པའི་གུ་རུ་མཚན་བརྒྱད་དང་། །གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད། །བྱང་སེམས་ཉེ་བའི་སྲས་བརྒྱད་དང་། །སྒྲུབ་ཆེན་འགའ་བརྒྱད་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་ནང་གསང་བའི་བར་ཆད་སོལ། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གསེར་འཕྱོང་མེ་བྱ་སྨིན་ཟླའི་དམར་ཕྱོགས་དགའ་བ་དང་པོའི་ཉི་ཤར་ལ་འཇམ་དཔལ་རྡོ་རྗེའི་ཡིད་མཚོ་ལས་བརྡོལ་བའོ། །རང་གི་དུས་གསུམ་ཀུན་གྱི་འདོན་ཆ་ཡི། །སྙིང་པོ་འདི་ནི་འདི་ཤར་ནས་ནི་བདག །ཤིན་ཏུ་བརྒལ་དཀའ་སྡུག་བསྔལ་འདམ་ལས་ཐར། །དགེ་ལེགས་རྟག་པ་དམ་པའི་དངོས་གྲུབ་ཐོབ། །སླན་ཆད་འདི་འབུམ་བཏོན་ན་རང་བསམ་གེགས་མེད་བསམ་འཕེལ་ལྷུན་གྲུབ་འབྱུང་། དགེ། །

《普获悉地祈祷文》
八相幻化莲师尊,八大成就持明者,
八大菩萨近佛子,八大法行尊众前,
虔诚祈祷予加持,尽除外内密违缘,
如意成就诸所愿,赐予共不共悉地。



火鸡年十一月上旬初一吉日晨朝,蒋阳多吉(麦彭仁波切)觉海中自然流露。 自诸三时念诵中,此精华偈显现已,我离难越苦淤泥,恒善妙得胜悉地。若将来有人诵此十万遍,则无碍如意任运实现所愿。


发布     👍 0 举报 写留言 🖊   
✋热门推荐
  • 所以能得解脱的真实慧,虽有不同名称,到底都不过是空慧的异名。空与无相,无所有与空,不是明显的相通吗!
  • #直新闻和你睁眼看世界# 【睁眼看世界 I 美国前国务卿蓬佩奥称有意参选下届总统 2022.07.18】精选:·天舟三号撤离空间站组合体,将择机再入大气层·中国
  • 诺贝尔奖得主迈克尔•莱维特博士受聘武汉大学人民医院客座教授本报讯 11月11日,受邀来武汉参加第二届世界大健康博览会的2013年诺贝尔化学奖得主、迈克尔•莱维特
  • 黄氏真菌王脚气反馈反馈初三小男孩脚气使用真菌王4️⃣天反馈[强][强],因为有这么好的产品才会有这么牛的反馈[得意] 【 黄氏真菌王】专治☞手脚真菌水泡❗ 奇痒
  • 最后,敏感肌防晒真的是第一重要‼️我四月份开始,安耐晒几乎没有间断过,应该也起到了比较大的作用。然后在21年春节期间使用玉泽的精华乳和珂润的紫水,用了半年,虽然
  • 然后堆雪人的时候我还心里想着我想要个雪人头套图纸……结果跟孙叔叔聊别的打断了就没有说……结果图纸就来了,果然是凌晨5点的玄学……哦哦哦哦还有一次再抓到虾夷扇贝给
  • 这款我用着感觉挺好,是测试的几款中印象分最高的,它有几个优点不得不讲:第一、日本技术+国妆特证(这个很难办下来的,一般技术申请不到)好用又安心,修护干裂肌肤的效
  • 昨天登录上奥比岛电脑版,早知道奥比岛出了手游版的,可是我却一直没有下载,因为早就没有小学时的感觉了不喜欢改版过后的东西 也不喜欢尝试新鲜事物现在时不时登录看看当
  • #任嘉伦[超话]# [送花花]#任嘉伦陆炎# [送花花]#你心中的网剧天花板# 杨绛曾说:“心上有个人,才能活下去,不然生活的意义就会越来越低,生活里需要情感的
  • 你晚上睡觉的时候,将要睡眠没入睡眠的时候,你要发愿:第一个,我把我今天所做的事情,合乎佛教的、增长我信心的、能对众生有利益的,我愿它增长;我今天做错了、心里想错
  • 而对于大多数的普通人来说:第一,男60岁,女50岁,这是一条基本的基准线,到了这个年龄,哪怕你就体力和精力还跟得上,也得退下来第二,很多岗位有非常严格的交接流程
  • 本来坚定认为北溪被破坏是某国所为,现在又有些拿不准,好像太明显了,会否有别国在浑水摸鱼?本来坚定认为北溪被破坏是某国所为,现在又有些拿不准,好像太明显了,会否有
  • 生发吃什么?我用的首迷防脱洗发水,洗完也很柔顺的感觉,洗着很容易起泡。哪种洗发水好用?关注石上草这个品牌很久了,近段时间感上活动买洗发水送防脱育发液,很划算,中
  • ”正是有这群热心善良的淮安公交“幸福摆渡人”才让走失的孩子在最短的时间内回到家人身边,他们在日常的工作中,不仅做好安全文明服务,更时刻关注着乘客的所需所求,以小
  • 今年6月17日,江苏省常州市检察院对某生物公司及陈某提起民事公益诉讼,请求法院判决被告支付销售金额3倍惩罚性赔偿金3480余万元。今年6月17日,江苏省常州市检
  • ❥早午餐:芝士黄瓜鳕鱼布里欧修三明治+拿铁▷简单收拾了一下屋子,顺便把食材清理得差不多了,快乐放假!▷现在桌子上最打眼的绝对是万圣节的那个鬼东西…所以又补拍了三
  • 也许,我们觉得,我们本来就相爱,结婚只是早晚的事,有了孩子,正好结婚;也许,我们觉得,我们的感情并不足以让我们收心,并一心一意下定决心此生就这个人了,但是,孩子
  • 奉献您的爱心,延续爱的希望。奉献您的爱心,延续爱的希望。
  • 让我们对生活微笑以待,让我们学着改变自己,无愧生命的伟大,生活的美好!让我们对生活微笑以待,让我们学着改变自己,无愧生命的伟大,生活的美好!
  • 是业余棋手一年四季跑到全国各地去打比赛,他们是象棋江湖的四架马车,他们是业余棋迷和江湖棋迷心目中的马车,他们具有不畏艰辛,四海为家的精神和信念,他们是以象棋为生