ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་འབྲས་བློ་གླིང་ལྷ་རམས་པ་ངག་དབང་སྐལ་བཟང་མཆོག་གི་ཀ་རྩོམ།

ཀ་དག་ཆོས་སྐུ་ཆེན་པོའི་ཀློང་ཡངས་ནས།།
ཁ་དོག་ཟེར་བརྒྱ་འོད་གུར་འཁྱིལ་བའི་དབུས།།
ག་ཚོད་མཇལ་ཡང་ངོམས་མེད་མཚན་དཔེའི་སྐུ།།
ང་ཅག་བསོད་ནམས་རྟེན་དུ་ལྷམ་པའི་གནས།།
ཅ་ཅོ་འདུ་འཛིན་དབེན་པའི་གནས་རྣམས་སུ།།
ཆ་ཤས་ཞག་ཟླ་བསགས་པའི་བགྲང་བྱ་དྲུག།།
ཇ་སོགས་ཟས་ལ་མ་བསྟེན་དཀའ་ཐུབ་ཀྱིས།།
ཉ་གང་ཟླ་ལ་རྫོགས་སངས་རྒྱས་པའི་གནས།།
ཏ་ལའི་བས་མཐའི་ནགས་ཀླུང་སྟུག་པོའི་གསེབ།།
ཐ་མའི་རྡོ་རྗེ་ལྟ་བུའི་ཏིང་འཛིན་མཐུས།།
ད་ལྟའང་ཞི་བདེ་སྣང་བ་སྦྱིན་ནོ་ཞེས།།
ན་ཚོད་རྒན་གཞོན་ཀུན་གྱིས་མཐུན་པར་གླེང་།།
པ་ཏྲ་རྡོ་ལས་བྱས་པའི་ར་སྐོར་དང་།།
ཕ་བོང་རྡོ་ལས་བསྐོས་པའི་རྡོ་རིང་གིས།།
བ་སོ་རིན་ཆེན་ཚོགས་ཀྱིས་བསྒྲུན་མེད་པའི།།
མ་གྷ་དྷ་ཡི་ཁྱད་འཕགས་ལོ་རྒྱུས་གསལ།།
ཙཀྲ་རིས་མང་བཀྲ་བའི་ཞབས་རྗེས་ཀྱིས།།
ཚ་ཟེར་འོད་ཀྱིས་དྲ་བས་ཡོངས་བསྐོར་བས།།
ཛ་ཡ་གཞོན་ནུའི་མཚན་དཔེ་སྤྲས་པའི་སྐུ།།
ཝ་ལེར་ཡིད་ལ་སྣང་བརྙན་འགོག་མེད་སྟེར།།
ཞྭ་དཀར་གྱོན་པའི་ཁ་ཆེ་རྒྱ་བོའི་དཔུང་།།
ཟ་ཟིང་གཏུམ་དྲག་ཅན་གྱི་དམག་ཚོགས་ཀྱིས།།
འ་ལེར་ནང་པའི་གནས་ཆེན་གཏོར་བཅོམ་ཀྱི།།
ཡ་མཚན་རྣམ་སྨིན་རྐང་ཆད་ལག་རྡུམ་མང་།།
ར་རྒན་གསེར་གྱིས་སྤྲས་པའི་ཏོག་མཛེས་ནང་།།
ལ་ལི་ཏ་དང་དཔལ་མགོན་ཀླུ་སྒྲུབ་ཀྱིས།།
ཤ་ཀྱའི་རྒྱལ་པོའི་རིང་བསྲིལ་མཆོད་པའི་རྟེན།།
ས་གསུམ་འགྲོ་བའི་ཞིང་མཆོག་བླ་ན་བསྐྲུན།།
ཧ་ཅང་ཉམས་རྒུད་ཇི་སྙེད་བྱུང་བའི་ཁྲོད།།
ཨ་ཤོ་ཀ་དང་དྷརྨ་ཏ་ལ་སོགས།།
ཧ་ལས་དགོས་པའི་སྐྱེས་ཆེན་འདི་དག་གིས།།
ཨ་ཧོ་བསོད་ནམས་རྟེན་མཆོག་བགྱིས་འདི་རྨད།།



གནས་མཆོག་རྡོ་གདན་གྱི་མཆོད་རྟེན་རིན་པོ་ཆེ་མཇལ་བ་དང་ནང་རྟེན་ཐུབ་དབང་སྣང་བརྙན་གཟི་བརྗིད་ཅན་གྱི་སྐུ་དྲུང་དང་སྐོར་ལམ་དུ་ཚོར་སྣང་ངོ་མ་འགའ་ཞིག་ཀ་བཤད་ཀྱི་ལམ་ནས་་༢༠༡༨ཕྱི་ཟླ་༢ པའི་ཚེས་༣ ཉིན་གྷ་ཡ་ནས་པ་ཊ་ནའི་གནམ་ཐང་དུ་བསྐྱོད་པའི་མེ་འཁོར་འཚང་ཁའི་ཁང་ཆུང་ནང་བསུབ་བྲིས་སུ་བགྱི་པོ་རིགས་པ་སྨྲ་བའི་གྲལ་མཐར་སྙེགས་པ་གྲགས་པ་ངག་དབང་སྐལ་བཟང་མིང་ཅན་ནོ།།

བསམ་ཡས།
༡ ཤར་ཕྱོགས་མཁྱེན་རབ་འཇམ་དཔལ་གྱི་གླིང་།
༢ དེའི་གཡས་གཡོན་དུ་རྣམ་དག་ཁྲིམས་ཁང་གླིང་།
༣ བརྡ་སྦྱོར་ཚང་མང་གླིང་།
༤ ལྷོ་ཕྱོགས་སུ་ཨཱརྱ་པ་ལོའི་གླིང་།
༥ དེའི་གཡས་གཡོན་དུ་བདུད་འདུལ་སྔགས་པ་གླིང་།
༦ སྒྲ་སྒྱུར་གླིང་།
༧ ནུབ་ཕྱོགས་སུ་དགའ་ལྡན་བྱམས་པ་གླིང་།
༨ དེའི་གཡས་གཡོན་དུ་དཔའ་བོ་པེ་ཧར་གླིང་།
༩ མི་གཡོ་བསམ་གཏན་གླིང་།
༡༠ བྱང་ཕྱོགས་སུ་བྱང་ཆུབ་སེམས་བསྐྱེད་གླིང་།
༡༡ དེའི་གཡས་གཡོན་དུ་སྣ་ཚོགས་ལྕགས་དྲ་གླིང་།
༡༢ པེ་ཧར་དཀོར་མཛོད་གླིང་བཅས་སོ། །

༢༠༡༨ལོའི་ཟླ་༥པའི་ཚེས་༣༠ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་དྲན་ཤེས་ལས་གཞིའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་སྐབས་བརྒྱད་པའི་ཐོག བོད་ཀྱི་གསོ་རིག་སྨན་གཞུང་གྲགས་ཅན་༼རྒྱུད་བཞི་༽ཉིད་འཛམ་གླིང་དྲན་ཤེས་ཞེས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་མིང་ཐོའི་ཁྲོད་བདམས་འདུག

ཉེ་བའི་ལོའི་རིང་། བོད་ཀྱི་གསོ་རིག་འདི་ཉིད་རྒྱལ་སྤྱིའི་གར་སྟེགས་སུ་འཛེག་འགོ་ཚུགས་ཡོད་པ་དང་།

ཐེངས་འདིར་༼རྒྱུད་བཞི་༽ཉིད་འཛམ་གླིང་དྲན་ཤེས་ཀྱི་མིང་ཐོའི་ནང་ཚུད་པ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ཀྱི་གསོ་རིག་ལ་སྔར་ལས་ལྷག་པའི་ཁས་ལེན་དང་གདེང་འཇོག་ཐོབ་པ་མཚོན་ཞིང་། འདིས་བོད་ཀྱི་གསོ་བ་རིག་པ་འཛམ་གླིང་དུ་ཁ་ཕྱོགས་པར་རྨང་གཞི་བརྟན་པོ་བཏིང་བ་དང་།གསོ་རིག་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་པར་རྒྱལ་སྤྱིའི་གར་སྟེགས་བསྐྲུན་ཡོད།


འཛམ་གླིང་དྲན་ཤེས་ཟིན་ཐོ་རུ་བདམས་པའི་ཡིག་ཚགས་ཁག་ནི་འཛམ་གླིང་ཡོངས་ལ་མཚོན་ན་དོན་སྙིང་ངེས་ཅན་ལྡན་པ་ཤ་སྟག་ཡིན་ཞིང་། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་དྲན་ཤེས་ལས་གཞིའི་རྒྱལ་སྤྱིའི་འདྲི་གཅོད་ཨུ་ཡོན་ལྷན་ཁང་གིས་འདེམ་བཞིན་ཡོད།

འཛམ་གླིང་དྲན་ཤེས་ཀྱི་ཡིག་ཚགས་ལས་གཞི་ནི་འཛམ་གླིང་གི་ཤུལ་བཞག་རིག་གནས་སྲུང་སྐྱོང་ལས་གཞིའི་རྒྱུད་མཐུད་ལས་གཞི་ལྟ་བུ་ཡིན་ལ།

དེའི་ནང་དུ་རྟེན་མཛོད་ཁང་དང་ཡིག་ཚགས་ཁང་།

དཔེ་མཛོད་ཁང་སོགས་རིག་གནས་ལས་རིགས་ཚན་པས་ཉར་ཚགས་བྱས་པའི་རིན་ཐང་བྲལ་བའི་ཡིག་ཚགས་དང་།

ལག་བྲིས་ཡིག་ཆ།

ངག་རྒྱུན་གྱི་ལོ་རྒྱུས་ཟིན་ཐོ་སོགས་གནའ་བོའི་ཡིག་ཚགས་རྩ་ཆེན་སོགས་འདུའོ།།


发布     👍 0 举报 写留言 🖊   
✋热门推荐
  • 21年3月粉上了一个演员没多久就脱粉了,年中又当了大半年国漫粉,22年初就开始看楼,先看了看一代,然后4月上的楼,当时属性超多每一代都有一点,但是当时最喜欢贺峻
  • 对于许多过去从未购买过特定品牌产品的人来说,官网和公众号都属于特意去搜索才能获取信息的渠道,而土味营销则能依靠反差感,更快地吸引到潜在消费者LOEWE最近几个季
  • 文章以关心乌克兰危机开头,逐渐撕下伪善面具,开始渲染“为什么台湾很重要”吴钊燮声称“正如在乌克兰保护民主的斗争具有全球影响力一样,保卫台湾也具有全球影响”煽动“
  • 你的心越来越慈软,甚至于对伤你最深的人,你也会生起无尽的慈悲,为他找到合适的理由。如果是你真正的师父,他也许会责骂你,摆布你,冷落你,抬举你,宠爱你,放任你,经
  • 在朱先波看来,要想解决十堰樱桃收成看天、采摘不易、果期短暂、保鲜困难所带来的困扰,归根结底,是要通过科学的方法,以人工干预的方式改变现状:对现有品种进行改良,将
  • 姐几个是在干嘛呢?不知道乙游人默认不能公屏晒欧吗?
  • 她喃喃着:“幸好是在外面旅游,在家我可不敢穿成这样出去!被熟人看见了,肯定说我一把年纪了还把自己弄成这样!”我没理会她,继续摆弄着手里的相机,寻找合适的拍照角度
  • 说白了,只有心眼坏,瞧不起你的人,才会这样对你;在他的潜意识里,从未把你当成“同级别”的人对待。当你倾诉负面情绪时,他会说:“比你惨的人还有很多,你这点事算什么
  • 先帝在时,每与臣论此事,未尝不叹息痛恨于桓、灵也。  亲贤臣,远小人,此先汉所以兴隆也;亲小人,远贤臣,此后汉所以倾颓也。
  • 此外,津液还承担了以下作用:1、保湿:津液主要由水构成,可以滋养身体里大部分的器官。津液有滋润、营养人体组织的重要作用,津液在身体里运行,就好比是火车道上的火车
  • 这么多年了,我的生活,已经很久没有为自己思量了…作为妈妈,女儿,妻子,儿媳这四个角色在这几年里,我无愧于心。所以不管什么时候都只能选择改变自己】【为了获胜,我可
  • 第十条:没有行情不要交易,错过交易机会是常态,抓住一部分即可。第十条:没有行情不要交易,错过交易机会是常态,抓住一部分即可。
  • 天蝎座是对爱很渴望很需要,她有强烈的爱要付出,她很想要爱一个人,很多天蝎座像小辣椒一样,与其说爱不如说好像有一个人让她知道,她就是要去敲敲墙壁手会痛,她才说那里
  • 一个家庭里,穷不怪父,孝不比兄,苦不责妻,气不凶子,如此才能,家和,万事兴,身和,无疾病,心和,喜事迎。一个家庭里,穷不怪父,孝不比兄,苦不责妻,气不凶子,如此
  •   沈氏捏碎玉牌之后,温友河如约而至,沈氏提出的要求是,让温友河带沈晏舟回玄天宗,且教他修炼。  墨氏捏碎玉牌之后,温友河如约而至,墨氏提出的要求是,让温友河带
  • 我的22岁是一场巨大的戒断22岁的生长痛比什么时候都来的猛烈 到23岁都还没有缓过来 每一步都走的十分艰难 以前无论遇到什么 总有人有时间愿意听我倾诉陪我逛操
  • #邓为0510出道三周年快乐# [给你小心心]#邓为# “晋”待花开 “为”你而来 当一个人踮起脚尖靠近太阳的时候 全世界都挡不住他的阳光 我相信,追光的
  • 建议大家如果身体出现不适症状,一定要找到好的方法去缓解,让自己缓冲一下,必要时可以就医。今天给大家推荐几个也是我常用的缓解嗓子不适的小妙招。
  • 是我们这些无知路人有眼不识泰山大男主,得罪了花亦山实力最强用途最广人气最高的琮琮,还望各位琮见谅,我检讨完了,要不各位还是跟狗花多哭哭吧,角色技能又不是我设计的
  • 社会就是一个染缸,但对于一个骨子里就透着善良的女人来说,你怎么染她,她都会很正直,很善良,即使经历苦难,她依然热爱生活,即使经历人情冷暖,她的心中依然有爱,择善