ཀ༵་ལན་ཚྭ་ཡི་དབྱིབས་ལྟར་མཛེས་པའི་ཡར་ཀླུང་མི་དམངས་སྤྱི་གླིང་ནང་།
ཁ༵་ལ་ཁ་རས་མཐོང་རྒྱུ་མེད་པར་ཤོ་སྦག་ཆང་འཐུང་རྒྱག་མཁན་དང་།
ག༵་ས་གང་དུ་གཞོན་ནུ་ཆ་འགྲིག་སྙིང་གཏམ་ཤབ་ཤུབ་ཤོད་མཁན་སོགས།
ང༵་ཡི་བལྟས་ན་ནད་ཡམས་ཡོངས་སུ་མཇུག་སྒྲིལ་མེད་པས་ཡིད་གཟབ་དགོས།

https://t.cn/A6o2CRqr https://t.cn/A6o2CRqr

༼འདུ་བྲལ་མགུར་ལ་སེམས་པའི་ཞེ་དགུ༽

བསྐལ་སྟོང་མི་འཛོམས་ཡབ་ཆེན་གཤེགས་པ་འདིའི་འཁོར།།
བཅོས་བཙལ་བསྒྱུར་མེད་ང་ཡི་མཐོང་ལམ་དུ་གྱེས་བ།། 
ཅུང་ཙམ་མི་སྡོད་མི་རྟག་འདས་བྱས་ཀྱི་འཁོར།།
ཤུལ་གྱི་ཁོ་བོ་སྙིང་ཆུང་གིས་རབ་གདུང་བ།། 
དྲན་དང་མཇལ་བའི་རྣམ་པ་ཐ་དད་ཀྱི་འཁོར།།
གླེན་ལྕག་ཕྱི་ཡི་རྣམ་པ་འགྱུར་ཁོམ་དེ་མེད་བ།། 
ལྷན་ཅིག་ཚོགས་འདི་སྒྱུ་མའི་ནི་གྲོང་འཁོར།།
སུ་ལས་མ་གནང་བདག་གི་བསོད་ནམས་དེ་དམན་བ།། 
མཐོ་རིས་ཐར་ལམ་མངོན་རྒྱུ་ནི་མི་གསལ་འཁོར།།
མི་མཆི་སྐྱེས་བུ་སུ་ཡང་མ་སྣང་དུ་མཆིས་བ།། 
གསེར་དངུལ་ལོང་སྤྱོད་རྩི་སྟེང་བསིལ་བ་ཡི་འཁོར།།
བདག་ནི་རྨ་ཁའི་རྡང་ལ་འཕང་དུ་ནི་མཆིས་བ།། 
བར་དོ་ག་ཙམ་སྲིད་པ་འདིའི་སྐྱོ་མོ་ཡི་འཁོར།།
རང་གིས་དཀའ་སྤྱད་ཁུར་དུ་ནི་ལེན་དགོས་བ།། 
ཀུན་གྱིས་བོར་ན་བདག་གིས་དཔྱད་པ་འདིའི་འཁོར།།
དཔལ་འབྱོར་སྟོབས་རྩལ་ཉམ་རྒུད་ཀྱི་འབྱོར་མེད་བ།།
དམར་སེར་ཕྲག་དོག་འཇོག་གི་དཔའ་རྟུལ་གྱི་འཁོར།།
གནོག་ཙམ་ཐོས་བའི་མིག་མཆི་ལ་ཁ་ཆེམས་བ།།
གོམས་མེད་རང་སེམས་བསད་འདྲའི་བག་ཆགས་ཀྱི་འཁོར།།
གོ་ས་དབང་ཐང་ཅན་གྱིས་བཅོམ་པར་ནི་གནས་བ།།
ཅི་སྟེ་འབད་ཀྱང་བདག་ནི་ནུས་མེད་ཀྱི་འཁོར།།
ལྐུགས་པའི་འཛུམ་ལ་ཆགས་པ་ཡི་ལེ་ལོ་བ།།
རེ་བའི་རྨི་ལམ་ནམ་ཡང་མཆིས་མེད་ཀྱི་འཁོར།།
ལྐོག་གྱུར་མདའ་ལ་དྲང་འདྲ་ཡི་མི་མཐུན་བ།།
དབྱེ་འབྱེད་བདེན་ན་མི་སེམས་རློམས་མེད་འདིས་འཁོར།།
ཡིད་ཁོག་སྟོང་ཉིད་བསྣུན་པ་ཡི་བྲལ་ཉིད་བ།།
རིགས་པའི་རྒྱལ་བོའི་བསྟན་དུ་མཛེས་མེད་ཀྱི་འཁོར།།
གང་ཡིན་མི་ཤེས་ད་དུང་ཡོད་ཡོད་དུ་སྣང་བ།།
གྱེད་བྲལ་གདུང་བ་ལྕི་མོས་འཁོར་བ་འདི་སྡུག་རེ།།
བསམ་ཞིང་བསམས་ན་སྙིང་བོ་རེ་མི་འདུག 
རེབ་གོང་ཕལ་མི་ནས་་་
热贡;普人:

༼གདུང་འབོད་སེམས་སུ་འཕྱུར་བའི་ན་ཟུག ༽

སྣ་ཚོགས་གཟུགས་ལ་ཆགས་པའི་འཁོར་བ་ཡི་གྲོང་དུ།།
ལན་རེ་བལྡིབས་ལ་ལན་རེ་དགྱེས་འདོད་ཀྱི་སྣང་བ།།
སྐབས་སུ་མི་སྣང་གྱེས་བྲལ་འདས་སོང་གི་ཡབ་ཆེན།།
ངུ་འབོད་མཆིན་པའི་བར་ནས་ཇེ་རིང་ནས་ཇེ་རིང་།།

རིན་ཆེན་གཏེར་མཛོད་མང་བོས་མི་བསླུ་ཡི་ཕ་ལོ།།
འདས་པའི་ལོ་ཟླའི་བར་གྱི་བག་ཆགས་རེ་བསམས་ན།།
ལན་ཚ་དམར་འདྲའི་བྲང་ཁོག་ཐོག་ལྕགས་ཀྱིས་གདར་འདྲ།།
ཡོད་ཚད་ཁྱོད་ནི་བདག་གི་བྱ་རྒོད་ཀྱི་དཔུང་བ།།

མི་སྣང་ཕ་ལོ་ཉི་མ་གསེར་འོད་ཀྱི་ཞིང་ཁམས།།
མུན་པའི་སྐལ་འདི་སྲིན་པོ་པི་རེ་ཡི་གྲོང་ཁྱེར།།
སེམས་ཀྱི་ཉི་མ་ཁྱེད་ནི་གང་ཕྱོགས་སུ་ཕེབས་ཀྱང་།།
ཡིད་ཀྱི་གྲོང་ཚོའི་ཀློང་ནས་མགོན་སྐྱོབས་སུ་བཞུགས་མཛོད།།
རེབ་གོང་ཕལ་མི་ནས་་་
热贡;普人:


发布     👍 0 举报 写留言 🖊   
✋热门推荐
  • 我好自私,我想我的宝贝儿被全世界喜欢,被全部的人宠爱。 我既想看他哭的样子,又舍不得让她落泪。 想狠狠欺负她,又想抱着她亲掉他的眼泪,告诉他你掉的是珍珠,珍贵得
  • 我的第二站-汕尾 学到的东西没有第一站多‍♀️ 依然被可爱的人们包围着 第一次遇到喝咖啡会 醉的 胡吃海塞 吃到仪式感的海南鸡饭 工作间隙 读完了村
  • 有一认识很多年的朋友,人很优秀,本硕985,在魔都有户口有房子,爱运动又画画特别棒,是个程序员很会赚钱,父母是当官的,家庭条件也好。这种条件按理来说不缺小姑娘追
  • 还真的是各花入各眼,西安二十四小时对于我这个全方位不吃近年国内古装电视剧的色调服化、情节主题,偏爱徐/皓/峰和绣/春/刀一类非现实元素的设定控来说简直是福音。我
  • 净空老法师: 学佛的目的什么?成佛。无量法门都能成佛,成佛没有一定的方法,统统能成佛,所以佛说,“法门平等,无有高下”。法门没高下,我们人有高下。人有什么高下?
  • #壁纸[超话]# 好的爱是共同的成就和共同的成长。真正的爱就是这样。双方可以平等,可以互相争斗。这种感觉是最平衡的。两个人可以一起体验事物,连同生活的痛苦和幸福
  • 一位滔滔不绝表达感激之情的信用卡持卡人。。看得我一愣一愣的 交通银行信用卡, 逾期金额48000,方案下来48期,免违约金免息 方案的确非常好,但是决定权是在银
  • #BL推荐[超话]# 《师兄今天喜欢我了吗?(ABO)》 作者:三秋泓    高岭之花禁欲攻X痴汉软萌甜心受   受追攻/够不上渣攻的攻/屁话很多的受/
  • 震惊!!!日本有没有在研究毒气弹不知道,但208毒气弹横空出世了!!! 今天晚上照常去208拿换洗衣服,味道比以往闻到最臭的味道还要浓郁,我不禁问一个室友,
  • #泉州租房[超话]##泉州租房[超话]#在宝洲街和万达一条街家具齐全直接拎包入住 次卧只有800只有800先来的先得 天怡沉洲花苑次卧还剩两间任你挑 目前
  • 怎样找到那个“你若懂我,该有多好”的人 2014年8月24日 11:24 新浪博客 怎样找到那个“你若懂我,该有多好”的人 每个人都有一个死角, 自己走不出
  • 《行香子 观江心洲粉黛乱子草》步韵云心-随风 兼和辩物同人 丽岛云苍,水岸红泱。 细柔纱、摇曳迷茫。 媚姿粉草,丹抹颜妆。 看江风吹,浪风起, 鹤风翔。 浅
  • #宝贝寻家#约1934年出生1942年从上海拐至南京的丁凤英(女)寻亲。寻亲人约1934年出生,原籍在浙江省宁波2号码头,约1940年因洪水搬到上海曹家渡,约1
  • 点一盏孤灯,沏一壶清茶,伴你入夜。 人的一生有太多的的无奈,伤感和烦恼。多少往事不堪回首中,多少烟雨都付笑谈里。 有多少记忆都埋藏在心里,一天一天事情越来越多,
  • #中粮往事#中粮非常注重品牌的建立以及司徽的使用,其第一代司徽——“中食”是由中国食品出口公司于1958年以登报征稿方式在全国征集的众多稿件中筛选出来的,图案中
  • 人永远是现实的动物,半年前,人家还是对你爱搭不理的,半年后只是因为你考了一个试,特别幸运的是考上了然后就开始对你嘘寒问暖,有那么一瞬间觉得特别的好笑,曾经所有的
  • #杨先生和小祖宗的信箱# 七月的第二天 快要见到你了(偷偷窃喜) 有人说我像个小孩子一样 可是 在喜欢人的面前何尝不是个孩子样 当然成熟 稳重 霸道 撒娇
  • 前几天突然想起老贝,为了老贝在期末周又重刷了遍龙珠z,果然还是最爱老贝啊虽然大特很帅。小时候和哥哥一起看龙珠那时候最爱悟空,后来初中又买了全套漫画书反而爱上了傲
  • 做人不要那么敏感,也不要那么心软,太敏感和太心软的人,肯定过得也不快乐,别人随便的一句话,你都要胡思乱想一整天。或许太重感情的人,日子终究不会好过,分分钟把你虐
  • #蒲江分享#【党建引领下的明月村,如何发展乡村旅游?】党的十九大报告强调,党的基层组织是确保党的路线方针政策和决策部署贯彻落实的基础。实施乡村振兴战略规划,明月