༈ ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། སློབ་དཔོན་གྱི་ནི་ཡོན་ཏན་གཟུང་།སྐྱོན་ནི་ནམ་ཡང་གཟུང་མི་བྱ།ཡོན་ཏན་བཟུང་ན་དངོས་གྲུབ་འཐོབ། སྐྱོན་རྣམས་བཟུང་ན་དངོས་མི་འགྲུབ། ཞེས་གསུངས།
༈ རྒྱུ་སྐར་དོ་ཤལ་འཛུམ་པའི་ལྷ་ལམ་གྱི་དབྱིངས་ན།།
དགུ་ཚིགས་འོག་པག་གཡོ་བའི་ཉ་གང་གི་ཟླ་བ།།
སྨག་རུམ་དགུ་བརྩེགས་གཏིབས་པའི་ཁོར་ཡུག་ནས་ཆས་ཏེ།།
བརྗིད་ཆགས་ཧི་མ་ལ་ཡའི་ཕ་རོལ་ལ་ཡིབ་ན།།
དད་གསུམ་རང་མདངས་མཚོན་པའི་སྐྱོ་གླུ་ཡི་འཁྲི་ཤིང་།།
སེམས་ཀྱི་རྨ་ཁ་གསོ་བའི་དྲན་རྟེན་དུ་བཞེས་རོགས།།

༈ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་ཀྱི།།
མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་དངོས།།
དྲན་པས་གདུང་སེལ་རྩ་བའི་བླ་མ་ལ།།
གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ།།
མཁྱེན་བརྩེའི་དབང་པོ་ནས།
མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་དངོས།།
དྲན་པས་གདུང་སེལ་རྩ་བའི་བླ་མ་ལ།།
གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ།།
མཁྱེན་བརྩེའི་དབང་པོ་ནས།
✋热门推荐