མགོ་ལོག་ཉི་འོད་ཀྱི་གཞས་ཚིག་ཆེད་དེབ་༼ཚིག་བརྒྱའི་ཟིལ་བ་༽ཞེས་པའི་འགྲེམ་སྤེལ་མཛད་སྒོ་ཕ་ཡུལ་གཅིག་སྒྲིལ་སོག་རུ་ནས་བསྡུས།  འདིར་བླ་མ་མགོན་པོ། དགེན་བློ་བཟང་རྒྱ་མཚོ། བསོད་སྐྱབས།

སོག་སྐར། གཡུ་རྩེའི་ནོར་བདག སྙིང་གསོན་པོ།

གངས་མ་ཆར། ཐུབ་བསྟན་བཟང་པོ།གཞས་མ་མཚོ་བྱུང་ཚངས་སྲས། ཀུན་བཟང་།ཁྱུང་།

གཞས་པ་རྡོ་རྗེ་བརྟན་སོགས་ཕ་ཡུལ་གཅིག་པའི་མི་སྣ་བཅུ་ལྷག་དང་གཞན་ཚོགས་པ་མཐུན་པ་མཐུན་པོ་ཚང་།སྤྲིན་ཚོམས་ཚང་། བརྙན་མིག་སྐྱ་བོ་ཚང་། ནང་མྱི་སྨུག་ལོག་ཚང་སོགས་ཕ་ཡུལ་གྱི་གྲྭ་བཙུན་དང་ཤེས་ཡོན་པའི་སྡེ་སོགས་ལྷན་ཏུ་འཛོམས་ནས་དཔེ་དེབ་འགྲེམ་སྤེལ་མཛད་སྒོ་ལེགས་པར་འགྲུབ།

གྲགས་ཅན་གྱི་བརྩམས་ཆོས་དེ་མཇུག་ལེགས་པར་བསྐྱངས་ཐུབ་སོང་།
༼མཚན་མོ།༽ནི་རྩོམ་པ་པོ་ཨེ་ལི་ཝེ་བཟེལ་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་གདུག་རྩུབ་ཀྱི་མཐའ་ལ་སོན་པའི་འཇར་མན་གྱི་ན་ཚི་ཡི་བཙོན་སྒར་དུ་སྡུག་སྦྱོང་ཅི་མྱངས་སྒྲུང་རྩོམ་གྱི་ལམ་ནས་བྲིས་པའི་དྲན་ཐོ་ལྟ་བུ་ཞིག་ཡིན། རྩོམ་པ་པོ་ཨེ་ལི་ཝེ་བཟེལ་ནི་ནོ་སྦེལ་ཞི་བདེ་གཟེངས་བཞེས་མཁན་ཞིག་ཡིན། ཁོང་ལ་བརྩམས་ཆོས་ལྔ་བཅུ་ལྷག་ཡོད། མཚན་མོ་ནི་ཁོང་གི་འཐུས་ཚབ་ཀྱི་བརྩམས་ཆོས་ཡིན།འཛམ་གླིང་གི་སྐད་རིགས་བཞི་བཅུ་ཙམ་བསྒྱུར་ཡོད། ཨ་རི་གཅིག་པོར་དེབ་འདི་དེབ་གྲངས་བྱེ་བ་གཅིག་ལྷག་བཙོང་ཡོད། https://t.cn/Rp7W8xr

༼ སྐུ་འབུམ་འདུ་ཁང་སྟེང་དུ་བཞུགས་པའི་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་བླ་སྐུ་ཁྱད་མཚར་ཅན༽

མདོ་རྒྱུད་རིག་གནས་ཀྱི་མངའ་བདག་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ནི་ཙོང་ཆུ་དལ་འགྲོ་མ་དང་ཉེ་བའི་ནུབ་བྱང་གི་ཆར་ཨར་ཚ་ཞེས་པའི་ཡུལ་དུ་ཕྱི་ལོ༡༨༤༥ལོར་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་པ་ནས་སྐུ་འབུམ་ཆོས་གྲྭ་དང་ཉེར་གཅིག་ནས་རྒྱུད་གྲྭར་ཕེབས། ཉ་ཀྱཱ་ལྷ་རམས་པ་ངག་དབང་ཆོས་གྲགས་དང་དཀའ་ཆེན་བྱང་ཆུབ་རིན་ཆེན་རྣམ་གཉིས་ཡོངས་འཛིན་དུ་བསྟེན་ནས་གཞུང་བཀའ་པོད་ལྔ་དང་རྒྱུད་སྡེའི་གཞུང་། སྒྲ་རྩིས་སྙན་ངག གསོ་རིག་དང་བྲིས་སྣ་ཚོགས་སོགས་མདོ་རྒྱུད་རིག་གནས་ཀུན་ལ་གསན་བསམ་རྒྱ་ཆེར་མཛད། གཞན་ཤིང་བཟའ་བློ་བཟང་ཚུལ་ཁྲིམས་ཕུན་ཚོགས་དང་སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། རྗེ་ཞྭ་དམར་བ་དགེ་འདུན་བསྟན་འཛིན་་རྒྱ་མཚོ་དང་ཟི་ན་སྐལ་བཟང་དར་རྒྱས་རྒྱ་མཚོ་སོགས་བཤེས་གཉེན་བཅུ་དྲུག་ཙམ་ལས་དབང་ལུང་ཁྲིད་གསུམ་གྱི་གདམས་རྒྱུད་ཡོངས་སུ་རྫོགས་པ་གསན་ཏེ་ངེས་དོན་བཤེས་གཉེན་ཆེན་པོའི་གོ་འཕང་བཞེས། སྐུ་འབུམ་རྒྱུད་པའི་མཁན་ཁྲི་ང་དྲུག་པ་དང་གདན་སའི་ཁྲི་ཆེན་རེ་གསུམ་པ། བྱ་ཁྱུང་གི་ཁྲི་ཆེན་ལ་སྔ་ཕྱིར་བཞུགས་ཏེ་ཆོས་སྡེ་ཆེན་པོ་གཉིས་ལ་བསྙེན་བཀུར་དང་འཛིན་སྐྱོང་གང་ལེགས་གནང་། ལྷག་པར་རྒྱ་སོག་གི་དུས་འཁྲུཊ་ཀྱིས་སྐུ་འབུམ་གདན་སའི་ཕྱག་སྲོལ་དང་འཆད་ཉན་ལ་གནོད་སྐྱོན་ཐེབས་པ་སླར་གསོ་དང་འགྲིག་ལམ་གང་ཞིབ་མཛད། དེབ་ཡིག་༼བླང་དོར་གསལ་བའི་མེ་ལོང་༽གི་ཕྱི་མོའི་ས་སྟན་ཡང་འབྲི་བར་མཛད་ལ། ཕྱི་ལོ༡༩༠༣ལོར་གདན་ས་ཆེན་མོར་དཔལ་དུས་ཀྱི་འཁོར་ལོ་དང་མི་ཏྲ་རྡོར་ཕྲེང་གི་དབང་གནང་། པར་ཤིང་གི་བདག་རྐྱེན་མཛད་དེ་སྨན་པའི་པར་ཁང་གི་གཞི་ཡང་མཛད། ༸གོང་་ས་བཅུ་གསུམ་པ་སྐུ་འབུམ་དུ་བཞུགས་དུས་ཅི་གསུང་སྒྲུབ་མཛད་དང་སྐུ་འབུམ་ཁྲི་ཆེན་ལ་བསྐྱར་བཞུགས་ཀྱི་བཀའ་གནང་བ་བཞིན་ཕེབས། ཕྱི་ལོ༡༩༡༢ལོར་སྐུ་འབུམ་འདུ་ཁང་ཆེན་མོ་ལ་མེ་དགྲ་བཞེས་དུས་བསྐྱར་གསོའི་དབུ་མཛད། སྔ་ཕྱིར་སྐུ་འབུམ་དང་བྱང་རྒྱུད་ཀྱི་ཆོས་སྡེ་ཁག སོག་ཡུལ་ཁལ་ཁ་བཅས་སུ་དབང་ལུང་ཁྲིད་གསུམ་སོགས་སྡེ་སྣོད་གསུམ་གྱི་བཤད་པ་མཐའ་ཡས་པ་བསྩལ་ཏེ་བསྟན་པའི་སྒྲོན་མེ་ཆེན་པོར་གྱུར། མཐར་ཕྱི་ལོ༡༩༡༥ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔའི་ཉིན་དགོངས་པ་གཞན་དུ་གཏད། གསུང་རྩོམ་ལ་མདོ་སྔགས་རིག་གནས་དང་བཅས་པའི་པོད་བཅུ་གསུམ་བཞུགས། རྣམ་ཐར་ཞིབ་ཏུ་རང་རྣམ་༼དེ་ཉིད་རང་གསལ་༽དང་ཆེ་ཤོས་བྱང་ཆུབ་བསྟན་པའི་སྒྲོན་མེས་མཛད་པའི་༼དད་ལྡན་པད་མོ་བཞད་པའི་ཉིན་བྱེད་༽ལས་ཤེས་བར་བྱའོ།།

ཕྱི་ལོ༢༠༢༢ལོའི་ཧོར་ཟླ༨པའི་ཚེས༡༢ཉིན། ཁྲི་སྐལ་བཟང་བརྩོན་འགྲུས་ཀྱིས་མཚམས་སྦྱར་བའོ།། https://t.cn/zRAdreP


发布     👍 0 举报 写留言 🖊   
✋热门推荐
  • 天祝顺安良种养殖有限公司负责人 安维财:我们牛场最近正在补栏,现在都提倡的是“牧区繁殖、农区育肥”我们正好把牧区的牛收过来育肥,这样减轻了草场的压力,对生态也好
  • 具体到本案中,由于蔡女士只是主张黄先生删视频、赔礼道歉,因此只要黄先生的行为确实构成侵权,那么蔡女士的诉求是合理。现在问题很清楚了,黄先生发布的视频内容与文案,
  • 为此,Selle Royal集团旗下也发展出了多个子品牌:如主打高端竞技的Fizik ;骑行者提供舒适体验的Selle Royal;完全手工打造、迎合车友追求生
  • 今天要回家啦,倒也没有想象中那么开心,虽然我天天喊着想回家,可能我就是不喜欢环境改变吧,可是长大过程中必须且一直要面对的就是环境改变和认识新人,为什么我不是一颗
  • 大概是为了避嫌,两人分别上了两台车,董璇上车后对着苏小玎点了点头,莫非这是两人提前对好的信号?观看模式:行进式4个场景场景一360度环绕式幕布(最佳观看在场地中
  • 平安夜圣诞节文案❶•┈ ✨ ┈ ┈┈┈✨┈•把麋鹿挂在圣诞树上 把你挂在我心上✨❷ ᎷᎬٗᎡ͙ᎡᎽ✦ ྀིCᎻᏒᎥٗᏚᎢ͙ᎷᎪᏚ❸ 想要收到一颗苹果 来自于你可
  • 3.待阴干后,分别用干净的密封袋,将各自的样本装好,并标记样本所属人身份或姓名。4.待阴干后,分别用干净的密封袋,将各自的样本装好,并标记样本所属人身份或姓名。
  • 6、身旺食伤旺而生正财且连接相生(或命局纯偏财)这类男生,婚后他心中想着的是老婆,言语上哄着妻子,行为上总是顺着老婆...总之,关怀备至,嫁给这类男生,你就是他
  • 那她首先不排除是自己个人低调吧,但是真的有时候可以看到她会给自己的男朋友啊,或者我们啊平时就给我们发一些她自己的照片,比如去哪里玩啊,风景照啊,自拍啊之类的。那
  • 更别说真正处于三十岁,怀抱着被安排的振兴家乡的缥缈梦从北京调回四川,勉力支撑最终还是结了婚,在我印象中一直爽直酷炫的大领导,真正的中年职场女性,还是走向了看似花
  • 不过咱们依旧要辩证地来看待问题,会抵触你,说明她情绪仍旧处在你对她的伤害中,她需要时间来消化这些伤害;换个角度来看的话,就是她心里还有你,她的脑子里还有和你相处
  • 这里是给新进来的宝子们的新入坑的宝子们可能一进ch一脸懵都不知道发生了什么……但是[doge]不重要 宝子们只要记住 咱们是来粉海景的 是喜欢海景 不是什么所
  • 青岛寄宿考研 曲老师199[鲜花]5427[鲜花]9315他手指挖着裤管上的泥巴,愤怒地告诉我是他那不孝的儿子,当我再问为何打他时,他支支吾吾说不清楚了,山东众
  • 如经常有停车需求的市民可以进行“充值”账户在余额允许的情况下,车辆驶离,自动扣费,实现即停即走,“无感支付”费用透明。值得一提的是,智慧停车为市民提供找车位功能
  • 两人恋爱谈了9年,一直都没有办婚礼,面对网友们的催婚,沈梦辰也是多次为杜海涛解围,直言两人早已像亲人一般,婚礼办不办不重要。两人恋爱谈了9年,一直都没有办婚礼,
  • 大多数修行人都是皈依了宗教的,所以,虽然未在宫观接受各种清规戒律,但日常生活中也须注意自持,尽量做到不该争的不争、不该看的不看、不该听的不听、不该说的不说、不该
  • 东奔西顾《只想和你好好的》6月26号晚上七点半 前3分钟楷签/随机掉落特签记忆坊:记忆坊pxx:享学:天宇:兰台令pxx:初荣:博库:新视角:湖南叶洋:当当:j
  • 洗完 头发感觉也很柔顺的呢,也很有光泽,十分喜欢, 完全超出期望值,泡沫丰富,洗的很清透,而且洗 了头发不干燥,真心不错。洗完 头发感觉也很柔顺的呢,也很有光泽
  • “山山而川,不过尔尔,可我对你的旷世温柔,生生不息,至死方休。”朱韵真的有改变世界的能力,她勇敢,倔强,义无反顾的为她的国王战死沙场。
  • 一拳把典籍打爆!一拳把典籍打爆!