དེ་རིང་ང་རྫི་བོ་ཡིན།

ངས་མཐིང་སྨུག་སྦྲ་ནག་གི་འདབས་རོལ་ན་སྐོར་བའི་ལྷས་ར་གྲུ་བཞི་ལས་གཡང་གི་སྒོ་ཕྱུགས་དག་ཕྱི་རུ་ཕུད་དེ།

ནོར་ནག་གི་རྗེས་འབྲང་ནས་དལ་གྱིས་རི་ལ་སོང་།


དུས་ཚིགས་འདི་དབྱར་གཞུང་རིང་མོ་སྟེ། རྩྭ་ཆུ་འཛོམས་ཤིང་རི་ལུང་ལ་མཛེས་སྡུག་གི་ལང་ཚོ་རྫོགས་ཡོད།

དེ་ནི་མི་རྣམས་ཀྱི་སེམས་པའི་དཔལ་ཡོན་སྐྱིད་ལ་འཁོར་བའི་དུས་ཚིགས་ཤིག་ཀྱང་ཅི་ནས་ཡིན་མོད།

འབྲོག་ཕྱོགས་ལ་མཚོན་ན་དཀའ་ངལ་ཆེས་ཆེ་བའི་དུས་ཚིགས་ཤིག་ཡིན།

ངས་ནོར་ཁྱུ་སྒང་ནས་འཚོ་བཞིན་པའི་སྐབས་ལ། གློ་བར་དུ། ང་རང་ལོ་ན་བདུན་བརྒྱད་ལ་སོན་སྐབས་ཀྱི་བག་ཆགས་ཤིག་དྲན་པའི་ངོ་བོར་གསལ་ལེར་ཤར་བྱུང་། དེ་ནི་ང་དང་ངའི་ཨ་མྱེ་གཉིས་ཀྱི་ཕྱིར་དྲན་གྱི་ཀློང་ན་མཆིས་པའི་བགོད་བྲོ་བའི་གཏམ་རྒྱུད་ཅིག་ཡིན།

ངེད་གཉིས་ཀྱིས་འབྲོག་ཁུལ་ནས་ཡུལ་ཚོའི་ཐོག་ལ་ཅ་ལག་འགའ་སྐྱེལ་དུ་སོང་ཞིང་། སྐབས་དེར་འབྲོག་ཁུལ་ན་འཕྲུལ་ཆས་ཀྱི་རིགས་ཤིན་ཏུ་དཀོན་པ་མ་ཟད། འཁོར་འཕྲུལ་གྱི་ལམ་ཡང་ཡེ་ནས་མེད། དེ་བས་ངེད་གཉིས་རྟ་ལ་ཞོན་ཏེ། ཁལ་མ་བཅུ་བཅོ་ལྔ་ཡས་མས་དེད་ནས་སོང་།

ང་ནི་ཕ་འབྲོག་པའི་བུ་ཞིག་ཡིན་མོད། གཞོན་རྟ་ཞོན་པར་དེ་འདྲའི་ངར་རྒྱུ་མེད་པས།
རྒྱུན་དུ་རྟ་ཞོན་ཁར་སེམས་འཚབ་ཅིང་སུག་ཏི་སོགས་འདར་འདར་བྱེད་ཀྱིན་ཡོད། ངེད་གཉིས་ཡར་ཡོང་བའི་ལམ་སྐབས་ནས། ཆུ་བོ་ཞིག་ལ་བརྒལ་སྐབས“བླ་བྲང་གྭ་སེར”ཞེས་པའི་གཡག་ཅིག་ཡོད་པ་དེ་ཆུ་ཁུག་ཅིག་ལ་ཤོར་སོང་། ང་ནི་རྟ་ཁ་དཀྱུ་བར་སྐྲག་ཅིང་། ལྷག་པར་དུ་དེའི་སྐབས་དེ་ལ་རྟ་ཁ་དཀྱུ་དགོས་ན་ཤིན་ཏུ་སྐག་མོད་ཀྱང་། དཀྱུས་མ་ཕོད། ད་དུང་ཨ་མྱེར་ཡང་མ་བཤད། གལ་ཏེ་ངས་ཨ་མྱེ་ལ་བཤད་པ་ཡིན་ན། ཁོས་ང་རང་ལ་དེད་ཤོག་ཟེར་རྒྱུ་བསམ་ནས། ཡང་བཤད་མ་ཕོད། སྐབས་དེར་ཨ་མྱེ་ཁོས་ཀྱང་མ་རིག་པར་གཡག་རྒན་གནས་དེར་ལུས། ངེད་གཉིས་ཐོན་མཚམས་ཤིག་ནས་ཨ་མྱེས་གཡག་དེ་མེད་པར་མཐོང་ཞིང་། ང་ལ་དྲིས། ངས་གཡག་རྒན་ཤུལ་དུ་ལུས་སོང་བ་ཤེས་མོད། སྐབས་དེར་ངས་དྲང་བཤད་བྱེད་ཚེ། ཨ་མྱེས་ང་གདུག་པར་འདོད་ནས། ངས་མ་རིག་ཅེས་རྫུན་ལབ་པ་ཡིན། དེའི་རྗེས་ཨ་མྱེས་ངའི་སྔོན་ལ་གཞན་མིན་གཡག་དག་རྒྱབ་སྟེ་ཁོ་རང་ཕྱིར་གཡག་རྒན་དེ་འདེད་གི་སོང་། ཕལ་ཆེར་དུས་ཚོད་གཅིག་ཙམ་ནས་ཁོས་གཡག་དེད་དེ་ཕྱིར་ཐོན་ནོ། །

བྱང་ལྷས།

བརྩམས་ཆོས་རེ་རེའི་མཇུག་ཏུ“རང་ཤག་ཏུ་སྦྱར” རང་ཤག་ཏུ་བྲིས”ཞེས་རྒྱུན་པར་འབྲི་བཞིན་ཡོད་མོད། ཉིན་འགའི་སྔོན་དུ་དྲ་གྲོགས་ཤིག་གིས་དེ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་མ་ཡིན་པར་ལབ་སོང་། སྐུ་ཉིད་ཀྱི་བསམ་ཚུལ་ཞིག་གསུང་རོགས། [来]

«གཙང་སྦྲ་བ་ཞིག་གི་མྱོང་སྣང་།»

༈ དབྱར་དུས་ཀྱི་ལྷ་ས་ནི་དེ་བས་མཛེས་སྡུག་ཡིད་དུ་འོང་བ་ཞིག་ཡིན་ལ་མི་རྣམས་ཀྱི་ཡིད་སྨོན་འཆོར་ས་ཞིག་ཀྱང་ཡིན། དེ་རིང་ཡང་ང་ཚོ་ནི་རྒྱུན་ལྡན་བཞིན་གྲོང་ཁྱེར་གྱི་གཞུང་ལམ་སྟེང་གཙང་སྦྲ་བྱེད་བཞིན་ཡོད་དེ་ནས་གློ་བུར་དུ་མི་རྣམས་ཀྱིས་བྲེལ་བྲེལ་ཟིང་ཟིང་ངང་ད་ནི་ཙམ་པ་སོགས་ཟ་བཅའ་གང་ཙམ་ཞིག་མ་ཉོས་ན་གྲོང་ཁྱེར་བཀག་འདོམ་བྱ་རྒྱུ་རེད་ཟེར་བའི་གཏམ་ངན་ཞིག་རླུང་འཁོར་བཞིན་འཁོར་ནས་ཡོང་། རང་ཡང་སེམས་ལ་བྲེལ་བ་ཞིག་ལང་སྟེ་ལས་མི་རོགས་པ་ཞིག་ལ་ཙམ་པ་ཞིག་མངག། ང་ཚོའི་ལས་ཀ་ནི་ཞོགས་པ་ཆུ་ཚོད་ལྔ་དྲུག་ཙམ་ནས་འགྲོ་དགོས་ལ་ཕྱི་དྲོ་ཡང་དགུ་པ་བཅུ་པ་ཙམ་ནས་ལས་མཚམས་འཇོག་གི་ཡོད། དེ་ཉིན་ཡང་ལས་མཚམས་བཞག་སྟེ་ལོག་འགྲོ་སྐབས་ང་ཚོའི་སྡེ་ཁུལ་གྱི་སྒོ་འགྲམ་མི་ཚོགས་ཀྱིས་ཁེངས་ཤིང་དེར་ཆུ་ཚོད་གཅིག་ཙམ་ལུས་དེར་ནི་སྒོ་སྲུང་བ་ཚོས་མི་རེ་རེ་བཞིན་དུག་སེལ་བྱེད་བཞིན་འདུག་ལ་འཚང་ཀ་དང་གློག་འཁོར་སྦག་སྦག་སོགས་ཀྱིས་ཟིང་ཆེན་པོ་ཡང་འདུག་ནང་དུ་ལོག་རྗེས་ཙམ་པ་དེ་ཡང་འབྱོར་ནས་བྱུང་། དེ་ནས་རིམ་པ་བཞིན་བཀག་རྒྱ་དམ་དུ་བཏང་སྟེ་ཕྱི་ཕྱོགས་ཀྱི་འགྲོ་འོང་བཀག་པ་ཙམ་མ་ཟད་ནང་ལོགས་སྡེ་ཁུལ་ཕན་ཚུན་ཡང་འགྲོ་འོང་བཀག་སྟེ་གྲོང་ཁྱེར་ནང་ལམ་ཟུར་གཡས་གཡོན་གྱི་གློག་སྒྲོན་གསལ་ཞིང་ནམ་རྒྱུན་འདུ་ཚོགས་ཤིན་ཏུ་ཆེ་བའི་གཞུང་ལམ་དེ་ཡང་འཇམ་ཐིང་ངེར་གནས། ང་ཚོ་ནི་སྔར་བཞིན་ཞོགས་པ་སྔ་པོ་ནས་ལང་སྟེ་གཞུང་ལམ་སྟེང་དུ་གཙང་སྦྲར་བསྐྱོད་པ་ཡིན། རྒྱ་ལམ་རྣམས་ནི་ནམ་རྒྱུན་དང་མི་འདྲ་བར་ཐང་བདེ་བའི་དབེན་གནས་ཞིག་དང་འདྲ་བར་ཁུ་སི་མིར་གནས་ཞིང་ང་ཚོ་འགྲོ་བའི་རྡོག་སྒྲ་དང་བྱ་བྱིའུ་སོགས་ཀྱི་སྐད་སྒྲ་ནི་རྒྱུན་གཏན་ལས་ཆེ་བར་སྣང་ཞིང་ཕྱག་མའི་སྒྲ་ནི་དེ་བས་ཀྱང་རྣ་ལམ་ལ་ཟན་པ་ཞིག་འདུག

དེ་དུས་ཀྱི་ཚོར་སྣང་དེ་བས་བརྗོད་མི་ཤེས་པ་ཤིག་དང་དངངས་ཚབས་ཤིག་གིས་སྙིང་གི་འཕར་སྒྲ་ཡང་ཅུང་ཆེ་རུ་ཕྱིན་པ་འདྲ། ཐོག་མར་ང་ཚོ་ཉི་ཕྱེད་ཙམ་ནས་ལས་མཚམས་འཇོག་པ་དང་དུས་ཐོག་ཏུ་བརྟག་དཔྱད་བྱེད་དགོས་པ་ཙམ་ལས་དེ་ཙམ་གྱི་བྲེལ་བ་མི་ཆེ་ཡང་ལོགས་སུ་བཀར་ས་དང་སྡེ་ཁུལ་སོགས་ཀྱི་གད་སྙིག་ཕུང་གསོག་ཐེབས་ཚད་ཇེ་ཆེར་ཕྱིན་པས་ང་ཚོ་ཡང་ཁག་དགོས་ཀྱིས་སྐབས་རེ་ནད་པ་ལོགས་སུ་བཀར་ས་དང་སྐབས་རེ་སྡེ་ཁུལ་གང་སར་གད་སྙིག་གཙང་མ་བཟོ་བ་འགྲོ་དགོས་སྟབས་ཉི་མོ་ཙམ་མ་ཟད་མཚན་མོ་ཡང་ལས་ཀ་མང་པོ་བྱེད་དགོས་ཀྱི་འདུག སྐབས་དེར་ཁ་ལག་རག་ཁག་པོ་འདུག་ལ་དཀའ་ངལ་ཡང་ཆེ་བས་ནང་དུ་ལོག་སྟེ་ཉལ་ཆས་ལྟ་བུར་སྙེས་ཙམ་ནས་གཉིད་དུ་འགྲོ་ཡི་འདུག ནད་ཡམས་ཀྱི་གནས་ཚུལ་ཛ་དྲག་ཇེ་ཆེར་འགྲོ་བས་སེམས་ལ་སྐབས་རེ་ཞེད་སྣང་ཡང་ཡོང་གི་འདུག

བཀག་རྒྱ་ཇི་ཙམ་བསྡམས་ཀྱང་ང་ཚོ་ནི་ཕྱི་ལོགས་སུ་ལས་ཀར་ཕྱིན་ནས་ལོག་དགོས་པས་བཀག་རྒྱར་གནས་པའི་ནང་ལོགས་ཀྱི་མི་ཚོས་བསམ་འཆར་དང་ཚིག་མཚོན་ཡང་འདེབས་ཀྱིན་འདུག་དེ་ལ་ང་ཚོའི་ཕྱོགས་ནས་ཚིག་ཟ་དང་གོ་རྒྱུ་འདྲ་ཡང་བཤད་སོང་། འོན་ཀྱང་སྐབས་དེའི་དགོས་མཁོ་ལ་གཞིགས་ནས་གོང་རིམ་ནས་ང་ཚོ་ནི་ཕྱི་ལོགསུ་གནས་སྡོད་བྱ་དགོས་པའི་བརྡ་བཏང་སྟེ་ཚེས་གསུམ་ཐང་གི་མཚམས་ཀྱི་མགྲོན་ཁང་ཞིག་ཏུ་གོ་སྒྲིག་བྱས་འདུག དེར་ཉལ་ས་ཙམ་ལས་ཟ་འཐུང་སོགས་སོ་སོས་ཐག་གཅོད་བྱེད་དགོས་པའི་རྐྱེན་གྱིས་ཟ་ཁང་ཚོང་ཁང་ཚང་མ་སྒོ་བརྒྱབ་ཡོདཔས་ན་ཙམ་པ་ཏོག་ཙམ་ཁྱེར་ཡོད་པ་དེས་ཕན་ཐོག་པོ་བྱུང་། ང་ཚོ་ནི་སྔར་ལང་ཕྱི་ཉལ་གྱིས་ལས་ཀ་ནི་སྔར་བཞིན་བྲེལ་ཚུབ་ཆེ་ལ་ཛོར་ས་གང་ཡིན་ཡང་འགྲོ་དགོས་པའི་བརྡ་འབྱོར་ན་དེར་འགྲོ་དགོས། ཐེངས་ཞིག་སྟོད་ལུང་དུ་ནད་པ་ལོགས་སུ་བཀར་སའི་ས་ཚིགས་ཤིག་ཏུ་གཙང་སྦྲ་བྱེད་པར་ཕྱིན་པ་ཡིན་དེར་ནི་ནད་པ་མང་པོ་འདུག་སའི«བོད་སྨན་རྒྱལ་སྤྱེའི་སྤེལ་རེས་ཉོ་ཚོང་ལྟེ་གནས»ཟེར་བ་དེ་རེད། དེའི་ནང་ལོགས་དང་ཉེ་ཁོར་སོགས་སུ་གཙང་སྦྲ་བྱེད་སྐབས་ཤིན་ཏུ་དྲི་ངད་ཆེ་བའི་གད་སྙིག་མང་པོ་གཙང་མ་བཟོ་དགོས་བྱུང་བས་དེ་ཉིན་ང་ཚོའི་ལས་རོགས་མང་པོར་ཆམ་པ་ཕོག་པ་འདྲ། ཕྱི་ཉིན་ང་ཚོའི་ལས་རོགས་མང་པོ་ཞིག་གི་བརྟག་འབྲས་དམར་པོ་ཆགས་པས་ཚང་མ་དངངས་ཚབ་ལང་ཡང་ཕན་ཚུན་སེམས་གསོ་བའི་སྐད་ཆ་ཕྲན་བུན་རེ་བཤད་རེས་བྱས། དེ་ནས་ང་ཚོ་ལོགས་དབྱེར་བྱེད་སར་འགྲོ་དགོས་པའི་བརྡ་འབྱོར་བས་གཏོར་གཟུགས་མགྲོན་ཁང་མཚམས་ཀྱི་ལོགས་དབྱེའི་ས་ཚིགས་སུ་སྦྱོར། དེར་ནི་མི་ཚོགས་མང་ལ་དེ་ཙམ་གྱིས་དམ་དྲག་མེད་པ་དང་བག་ཡངས་པོ་ཞིག་བྱུང་བས་སེམས་ཀྱི་དངངས་ཚབ་ཀྱང་ཞི་ནས་རེ་ཞིག་རང་ཉིད་དེར་ཅི་བྱེད་མཁན་ཡིན་པ་ཡང་བརྗེད་ནས་འདུག
__________________________༢༠༢༢ / ༩ / ༡༤/ཉིན།


发布     👍 0 举报 写留言 🖊   
✋热门推荐
  • 例如,如何在保证品质的同时降低成本,提高竞争力;如何确保食品安全和卫生,满足消费者的健康需求;如何与传统餐饮企业和其他外卖平台进行有效的竞争与合作等。例如,如何
  • 要知道达到领袖地位后突然的沉寂,团队的胜利仿佛从和自己息息相关到“没那么相关”了,心里的落差多少人能顺理成章的接受呢,又有多少人能坦荡荡的面对,直言下次我会做好
  • 今天,物勘院依托“地物化遥”多元优势地学技术,“天-空-地-深”信息数据采集、综合分析的能力不断增强,正努力打造名副其实的地球物理勘查国家队和冶金地质新名片。至
  • 整本基调平平淡淡的,女主一直在寻找物资把木筏做大做强,游戏发放副本、建造村落时剧情才好看些,不过都还不错就是了。四百章左右做的任务还有日常都挺没劲的,把女主塑造
  • #人生# 真正厉害的人,从来不说难听的话,因为人性不需要听真话,只需要听好听的话,一定要做到万物不为我所有,万物皆为我所用。*来自小宝的儿童节祝福 在我这里你
  • 只有做实体生意的需要装逼,我们这种人越被当屌丝越好,因为已经见识过无数想完我们钱的人了,敲诈勒索的,欲加之罪的,钓鱼执法的,塑料姐妹,都散熊吧。赚钱是很辛苦的,
  • 森林今天带着定制手麦制作过程视频来找大家啦~Plus Chat翻译安利手册 招新公告生日企划 #成韩彬HanBin[超话]##成韩彬# 有关于盲盒内容的通知非常
  • ​30号晚突然在抖音刷到《原来》他们的歌又被翻红了,像是心灵感应立刻去微博上看,发现离我很近有演出,一个小时内我立刻安排好了周末所有的行程(对于热爱的事物执行力
  • 似乎是看出了她的意思,男人又眼皮子一掀,说:“你还担心会报复到你身上? 似乎是看出了她的意思,男人又眼皮子一掀,说:“你还担心会报复到你身上?
  • 本社恐还是很开心的,首先这次去漫展就特别不容易,本来都差点去不了的(家里人不让)但是,有我喜欢的coser so就逃了课直接去。但是在院子里面没找到他们吃的那个
  • 263年,刘禅采纳光禄大夫谯周的谏言,决定屈膝向邓艾请降。秘书令郤(xi)正向刘禅呈上投降文书,哭泣着说:“陛下,这是臣最后一次为大汉写文书了,臣于心不忍啊!”
  • 我们活着,要的是自信,而不是自负与自卑。我们活着,要的是自信,而不是自负与自卑。
  • 和沈王出发前预想的一样,各国友人在见到他这辆来自中国的“绿牌车”后都很好奇,有不少人向他打听这辆车在中国的售价是多少,用燃油充电是否经济实惠,“所有问题,我都会
  • 只能说,像刘琳这种老戏骨,除非是到了非她不可的时候,平时都是可以牺牲的,她没背景和资本支撑,评委那边自然会偏向于自己“喜欢”的人那些没有转发的湾湾艺人,除了立场
  • 既然青春是一场“无论做什么都觉是浪掷”的憾意,何不反过来想想,那么,也几乎等于“无论诚恳地做了什么都不必言悔”因为你或读书或玩,或作战,或打鱼,恰好就是另一个人
  • (肯定式的支持,总是令人充满希望) 本来还想继续说的,突然看到自己已经写了很多了,觉得自己好烦,妈的,这么多话的。(自卖自夸,有点迈面) 6月份了,还记
  • #盗取天机# #庆余年看不了# #三铜钱佛教语录[超话]#也许有一天,当你学会珍惜的时候,有些东西已经不在了,人生最大的遗憾,不是错过了那个你最在乎的人,而
  • ᴹʸ ˢᵘᵇᵗᵉˣᵗ ᵗᵒ ᵃˡˡ ʸᵒᵘʳ ⁱⁿⁱᵗⁱᵃᵗⁱᵛᵉ ⁱˢ "ᴵ ᵐⁱˢˢ ʸᵒᵘ".我对你所有的主动的潜台词都是“我想你了
  • 当被问到粉丝们制造出各种各样梗的感想时,Viper选手表示,“粉丝们能创造出很多意想不到的梗,我觉得很了不起,也觉得很感激。Viper选手表示,“我其实很好奇这
  • 六一儿童节朋友圈九宫格和文案❶♡⃝   ₂₀₂₃.₆.₁ ʜᴀ͟ᴘ͟ᴘ͟ʏ ᴇᴠᴇʀʏᴅᴀʏ̆̈!!嗨~小盆友你好、我是派大星✨上天派来保护你的大星星ʚɞ纪念陪