#微博[超话]# ༄༅། །ས་སྐྱ་པཎྡི་ཏ་ཀུན་དགའ་རྒྱལ་མཚན་མཆོག་ནི་རབ་བྱུང་གསུམ་པའི་ཆུ་ཕོ་སྟག་(སྤྱི་ལོ་༡༡༨༢)ལོར་ས་སྐྱར་ཡབ་དཔལ་ཆེན་འོད་པོ་ཆེ་དང་ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་བཞི་པའི་ལྕགས་མོ་ཕག་(སྤྱི་ལོ་༡༢༥༡)ལོར་ཡུལ་ལང་གྲུར་སྐུ་གཤེགས། ཁོང་གི་ཆུང་མིང་ལ་དཔལ་ལྡན་དོན་འགྲུབ་ཅེས་ཞུ། རྗེས་སུ་ཁུ་བོ་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་རྒྱལ་མཚན་ཞེས་གསོལ། དགུང་ལོ་ཆུང་དུས་ནས་བཟུང་ཚད་མ་རིག་པ་དང་། བཟོ་རིག་པ། སྐར་རྩིས་རིག་པ། སྒྲ་རིག་པ། གསོ་བ་རིག་པ། ཕར་ཕྱིན། དབུ་མ། འདུལ་བ། མཛོད། གསང་སྔགས་རྒྱུད་སྡེ་བཞི་ལ་སོགས་པ་འཆད་ཉན་དང་ལག་ལེན་འཁྱོལ་ཐུབ་པའི་མཁས་པར་གྱུར། དེའི་སྐབས་སུ་རྒྱ་གར་ལྷོ་ཕྱོགས་པའི་མུ་སྟེགས་མཁས་པ་འཕྲོག་བྱེད་དགའ་བོ་སོགས་རྩོད་པས་བཏུལ་ནས་རལ་བ་བྲེགས། དགུང་ལོ་ཉེར་གསུམ་པར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་ལྔ་བར་ས་སྐྱའི་གདན་སའི་ཁྲིར་ཕེབས། ཆོས་ཀྱི་འཆད་ཉན་ཡུན་རིང་མཛད་པས་སྐལ་ལྡན་བུ་སློབ་མང་དུ་བསྐྱངས། དགུང་ལོ་རེ་གཉིས་པར་སོག་པོའི་རྒྱལ་པོ་ཨོ་གོ་ཏའི་སྲས་གཉིས་པ་གོ་དན་གྱིས་གདན་ཞུས་ལྟར་ཚ་བོ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། འགྲོ་མགོན་ཕྱག་ན་རྡོ་རྗེ་འཁོར་དང་བཅས་པ་ལང་གྲུར་ཕེབས། དགུང་ལོར་རེ་བཞི་པར་རྒྱལ་པོ་གོ་དན་དང་ཞལ་འཛོམས་མཛད་ནས་བོད་གཅིག་གྱུར་ཡོང་བར་ཕན་པའི་སྐུར་ཡིག་བོད་ལ་བཏང་། ཁོང་ནི་ས་སྐྱ་གོང་མ་རྣམ་ལྔའི་ནང་གི་བཞི་བ་ཡིན། ཁོང་གི་གསུང་རྩོམ་ནི་པོད་གསུམ་བཞུགས་ཤིང་གྲགས་ཆེ་བ་ནི་(ཐུབ་པའི་དགོངས་པ་རབ་ཏུ་གསལ་བའི་བསྟན་བཅོས་)དང་། (ཚན་མ་རིགས་གཏེར་) (ལེགས་བཤད་རིན་ཆེན་གཏེར) (གཞུང་ལུགས་ལེགས་པར་བཤད་པའི་བསྟན་བཅོས་) (ཚིག་གཏེར་) (རོལ་མོའི་བསྟན་བཅོས་) (མཁས་པ་འཇུག་པའི་སྒོ་) བཅས་སོ།།

༄༅།།གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཞལ་གདམས།

ན་བ་སྒྲིབ་སྦྱོང་ཡིན་པས་དགའ་བ་སྒོམས། །
མི་འདོད་དངོས་གྲུབ་ཡིན་པས་དང་དུ་ལོངས། །
རྐྱེན་ངན་དགེ་སྐུལ་ཡིན་པས་དང་དུ་ལོངས། །
འཆི་བ་བརྗེད་ཐོ་ཡིན་པས་སྐྱོན་མ་བལྟ། །
གདོན་བགེགས་བླ་མ་ཡིན་པས་གསོལ་བ་ཐོབ། །
གདོན་བགེགས་ཡི་དམ་ཡིན་པས་བསྒོམ་བཟླས་གྱིས། །
གདོན་བགེགས་ཕ་མ་ཡིན་པས་སྙིང་རྗེ་སྒོམས། །
གདོན་བགེགས་ལན་ཆགས་ཡིན་པས་སྦྱིན་པ་ཐོངས། །
གདོན་བགེགས་ལྷན་སྐྱེས་ཡིན་པས་ངང་ལ་ཞོག །
ལར་འདྲེ་སྣང་འདྲེ་འཛིན་འདྲེ་རྟོག་གསུམ། །
གཟུང་འཛིན་འཁྲུལ་བའི་རྣམ་རྟོག་ཡིན། །
ཡེངས་མེད་རང་གི་སེམས་ལ་ལྟོས། །
འཁོར་འདས་རྩ་བ་སེམས་ལ་ཐུག །
ཕྱོགས་ལྷུང་མེད་པ་ལྟ་བ་ཡིན། །
མ་ཡེངས་གནས་པ་སྒོམ་པ་ཡིན། །
དགག་སྒྲུབ་མེད་པ་སྤྱོད་པ་ཡིན། །
ཐོབ་ཤོར་མེད་པ་འབྲས་བུ་ཡིན །།

༄༅།།གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཞལ་གདམས།

ན་བ་སྒྲིབ་སྦྱོང་ཡིན་པས་དགའ་བ་སྒོམས། །
མི་འདོད་དངོས་གྲུབ་ཡིན་པས་དང་དུ་ལོངས། །
རྐྱེན་ངན་དགེ་སྐུལ་ཡིན་པས་དང་དུ་ལོངས། །
འཆི་བ་བརྗེད་ཐོ་ཡིན་པས་སྐྱོན་མ་བལྟ། །
གདོན་བགེགས་བླ་མ་ཡིན་པས་གསོལ་བ་ཐོབ། །
གདོན་བགེགས་ཡི་དམ་ཡིན་པས་བསྒོམ་བཟླས་གྱིས། །
གདོན་བགེགས་ཕ་མ་ཡིན་པས་སྙིང་རྗེ་སྒོམས། །
གདོན་བགེགས་ལན་ཆགས་ཡིན་པས་སྦྱིན་པ་ཐོངས། །
གདོན་བགེགས་ལྷན་སྐྱེས་ཡིན་པས་ངང་ལ་ཞོག །
ལར་འདྲེ་སྣང་འདྲེ་འཛིན་འདྲེ་རྟོག་གསུམ། །
གཟུང་འཛིན་འཁྲུལ་བའི་རྣམ་རྟོག་ཡིན། །
ཡེངས་མེད་རང་གི་སེམས་ལ་ལྟོས། །
འཁོར་འདས་རྩ་བ་སེམས་ལ་ཐུག །
ཕྱོགས་ལྷུང་མེད་པ་ལྟ་བ་ཡིན། །
མ་ཡེངས་གནས་པ་སྒོམ་པ་ཡིན། །
དགག་སྒྲུབ་མེད་པ་སྤྱོད་པ་ཡིན། །
ཐོབ་ཤོར་མེད་པ་འབྲས་བུ་ཡིན །།


发布     👍 0 举报 写留言 🖊   
✋热门推荐
  • 他最懂得感恩,会认真读大家写的每一封信,会在起早贪黑连轴转的间隙录荏苒时光只是为了想知道新的一年对他有什么期望;会在直播里因为太着急跟我们解释横店不方便营业的原
  • 买手机即可获得胖虎周边。酱酒盲盒喝出新乐趣——甄选品质新年礼 贵州茅台集团趣味盲盒酱香白酒超级盒子虎年生肖限定款:创新酱酒,回味悠长,礼品佳选!
  • #六一儿童节快乐# 祝小熊仔们儿童节快乐[儿童节][快乐糖][摇摇马] 要健健康康、开开心心的成长哟[心] 也希望所有人都能够平安喜乐[平安果] 照片按出生先后
  • 并理调‬好了自的己‬乳腺增,和严重的宫寒,最主要的是改善了肩周炎和腰间盘突出,我受益,我享分‬,我为悦羽‬本草代言[心] 纵横队团‬敷包反馈➕2️⃣9️⃣我是熊
  • 浒关纯新盘#嘉华嘉骏峰#514套房源全部取证,项目已经是现房状态,整体均价29800元/㎡,目前正在认筹,即将首开。3号线新区火车站就在旁边,在建的6号线距离项
  • 面颊红润的大圆脸,自带贵气,额头饱满,整体面部凹陷的部位很少,配合嘴角在自然的状态下微上扬的心态好,对生活上的态度适中会保持乐观的心态,容易相处,人缘较好,人无
  • #杨紫[超话]# 互动铁/今天你发原创没关注原博,15字评连续5天以上(不会的见图3)已铁也不要取关,不然白养了!放假就让劳动人民剥削一下领导吧[二哈][二
  • 另外梅奔车手拉塞尔是目前唯一一位每场比赛均保持前5名完赛(P4、P3、P5、P4、P5)的车手,也期待他能够继续在西班牙站延续记录。另外梅奔车手拉塞尔是目前唯一
  • 】双子座、射手座、处女座、白羊座不仅会说出心里话,而且还会主动说出来,其实他们是想宣泄出来,委屈谁都不能委屈自己,所以索性直接说出心里话。2、天蝎座:爱人的笑就
  • 以后不要再说是咖啡拉花了,明明是我们老祖宗的东西[苦涩]刘亦菲和茶真的好配~明明一开始只当个舔颜剧,没想到做得挺用心的,惊喜[抱一抱]#梦华录# 应该是好久没看
  • !!
  • #威海身边事# 【威海水务集团发布2022年6月13日计划停水信息】#停水通知# 威海市水务集团将于 ,届时停水施工将影响:龙跃国际大酒店,铂丽斯大酒店,经区医
  • 【pdd小合集】有其他需要的,可以在这里自助搜哦【18.95】隅田川咖啡液胶囊*8杯【48.9】认养纯羊奶礼盒装*12瓶【24.9】乐事薯片60g*3+23g*
  • 所以好吃到忘记拍照就进肚肚了… 南京民宿|一起去踏青吧春暖花开 万物复苏 一年之计在于春,以浪漫为代名词的春季已悄然来到我们身边~天气渐暖,正是踏青的好时候,适
  • 《非洲的笑声》第一部,就是对她第一次到津巴布韦,也相当于是重返故乡时所见所闻的忠实描述,她的不解,她的失望,她的迷茫的情绪,迫使她记录下这些令人失望的情景,但她
  • 部分易拥堵路段提示1、哈尔滨市:绥满公路、鹤哈高速松北段(K461至K458)、鹤哈高速呼兰段 (K405+760-k399+760)。易发生事故的高速公路、国
  • 由此,3个女人围绕着作为最爱的妻子继承3亿日元的权利,展开了斗争#金圣权#第一次喜欢上权权的声音是在声入人心他和skdd唱《可能否》。发现岛国又出了神剧:《我分
  • 不过,食物被烤焦的情况很常见,甚至有人说烤焦了才好吃,#烤焦的食物还能吃吗#?对于喜欢吃烧烤撸串的小伙伴,建议吃的时候去掉烤焦的部分;另外串肉的竹签头往往也被熏
  • 生活中最常见的就是脾胃病,而中医所谓的脾胃病,实质上包含了一大类疾病,急慢性胃炎、消化性溃疡、溃疡性结肠炎,以至于功能性消化不良,都可以涵括在内。一般而言,根据
  • 晚安情话 感情升温小技睡前赶紧给对象安排上吧#晚安##致自己# ❶、明天再喜欢你吧,今天真的太困了❷、傻笑是从喜欢你时才慢慢开始的❸、我已经乖乖躺下啦,就等你句