སངས་རྒྱས་ཀུན་འདུས་ཕྱི་ཡི་བླ་མ་དང།།
诸佛总集外在之上师,
སེམས་ཉིད་འོད་གསལ་ནང་གི་བླ་མ་དང།།
心性光明内在之上师,
རང་བཞིན་སྤྲོས་བྲལ་དོན་ཀྱི་བླ་མ་གསུམ།།
自他离戏胜义三上师,
དབྱེར་མེད་སྙིང་པོའི་བླ་མ་རྟོགས་པར་ཤོག།
无二法藏上师愿证得。

ཆར་ཞོད།

འབྲོག་རུ་གཙུག་ཏོར་རྒྱལ།

ཉིན་མཚན་འདི་གར།
ཕ་ཡུལ་ལ་ཆར་ཞོད་ཤིན་ཏུ་ཆེ་བས།
སྨུག་པས་རི་ཚོགས་གཡོག་ནས།
རྒྱ་མཚོའི་མེ་ལོང་ལྟ་བུའི་ནམ་མཁའ་ལ།
སྨོན་ལམ་དང་དད་འདུན་གྱིས་འཁྱིལ་བས།
སྤྲིན་གྱི་རྟ་མཆོག་དང་གསེར་ཀྱི་སྒ་སྲབ་རྙེད་ཚོད་མེད་ལ།
རྒྱང་རིང་གི་རི་གྲོང་གང་ལ་སེམས་པ་གླན་ནས།
ཨ་མའི་ངག་རྒྱུན་ལས་གཏམ་རྒྱུད་འཚོལ་བའི་གོ་སྐབས་ཡང་མ་རྙེད།

ཆར་ཞོད་ཤིན་ཏུ་ཆེ་བའི་ཞོགས་པ་དང་ས་སྲོད་གང་ལ།
སྦྲ་འདབས་དང་ལྷས་འདབས་གང་ནས་མཆེད་པའི་ལུང་ཆུའི་སྒྲ་ལ་ཉན་ཤིང་།
བལ་དཀར་ཁ་ཆུ་ལ་ཆར་གྱི་ཐིགས་པ་འཇོ་བའི་གཡང་མོ་ལུག་ཁྱུ་དང་།
སྲིད་པའི་མཐོ་སྒང་གི་ཁ་ཆར་བུ་ཡུག་ལ་རྭ་ཡིས་སྙིང་སྟོབས་བྲིས་པའི་འབྲོང་ཁྱུ།
མེས་པོ་རྐྱང་གི་ཁ་རྔོག་ལ་དགྲ་ལྷའི་སྲུང་གི་མདུད་པ་ཁུར་བའི་རྟ་ཁྱུ་སོགས།
འཇིག་རྟེན་སྣོད་བཅུད་ཀྱི་གཡང་གི་རྟེན་འབྲེལ་ཏུ་ཆགས་ནས།
རང་བྱུང་ལྷུན་ཆགས་ཀྱི་འཚོ་བའི་བསྡུས་གཟུགས་སུ་བབས།

ཆར་ཞོད་འདི་འཇགས་རྗེས།
བྱང་རླུང་འཇམ་པོ་ཞིག་བྱང་ནས་བྱང་དུ་ལྡིང་ཤིང་།
སྤྲ་འདབས་ཀྱི་རྩྭ་ལོ་དང་མེ་ཏོག་གི་ཚོགས་ལ་ཡང་།
མུ་ཏིག་ཟིལ་བའི་འོད་ཀྱི་ཟེར་མ་མང་དུ་འཕྲོས་ནས།
ལོ་ཟླའི་མཛེས་སྡུག་གི་སྙིང་བོ་དྲག་ཏུ་འབར།

༢༠༢༢་༦་༡༣ཉིན།

ང་ཡི་ཉིན་ཐོ།


ང་ཡི་ཉིན་ཐོ་ནང་དུ
ཆ་རྒྱུས་མེད་པའི་མིག་ཆུ་ཐིགས་པ་ཞིག་ལྷུང
མིག་ཆུ་དེས་བདག་གི་སེམས་པ་
རྡོ་བ་ཞིག་དང་འདྲ་བར་ཤིན་ཏུ་འཁྱག་པར་གཏོང

ང་ཡི་ཉིན་ཐོ་ནང་དུ
ཁེར་རྐྱང་གི་རྩྭ་རྐང་ཐུར་ཞིག་སྐྱེས
དེ་ནི་དོན་སྙིང་དབུལ་བའི
ལོ་གཅིག་གི་བྱ་གཞག་དང
བདེ་སྡུག་མཚོན་བྱེད་དུ་གྱུར

ང་ཡི་ཉིན་ཐོ་ནང་དུ
མཚན་མོར་བརྒལ་དཀའ་བའི
མུན་ནག་དང་རྨི་ལམ་ལས
ཉིན་མོར་མཐོང་ཐུབ་པའི་འོད་སྣང་དང
འཚོལ་སྙེག་གཞན་ཅི་ཡང་མི་འདུག

ང་ཡི་ཉིན་ཐོ་ནང་གི
འཚོ་བ་ཡོད་ཚད་ནི
ཤིན་ཏུ་འཁྱག
ཤིན་ཏུ་འཁྱག
དེ་ནི་གཞན་གྱིས་ཚོར་མི་དགོས་པར
རང་གི་ལག་ཟུང་རང་གི
བྲང་ཁ་སྦྱར་ན་རྟོགས་ཡོང་


གྲུ་ཆར།


发布     👍 0 举报 写留言 🖊   
✋热门推荐
  • 曾在网上看过这样一段话,每每想来都有些触动:“我的手还能活动;我的大脑还能思考;我有终身追求的理想;我有爱我和我爱的亲人和朋友;对了,我还有一颗感恩的心....
  • 光渊看了第一集第二集,感觉还不错诶像我这种看不进去国产片尤其是悬疑探案的,这个我不加速也能看的津津有味,一是剧情现在还正常展开,二是张新成的颜还有裴溯的性格我很
  • 第二门:脾胃肝胆之门“期门”期门穴是人体自带的舒肝理气丸,专治爱生闷气、消化不良,都说胃不和则寝不安,说明胃不舒服,人的睡眠就不踏实,质量不高,休息不好。第一门
  • 喝酒|聚会朋友圈文案: 1.ᵇ ᵒ ᵗ ᵗ ˡ ᵉ.ᵇ ᵒ ᵗ ᵗ ˡ ᵉ.ˢ ᵅ ᶠ ᵉ ”人生苦短 倒满 倒满” 2. ᯓ ⁾⁾ 多碰杯⁾⁾,常碰面ᵐ
  • 寻声暗问弹者谁,琵琶声停欲语迟。愚以为宫中之事,事无大小,悉以咨之,然后施行,必能裨补阙漏,有所广益。
  • 766路在随765路调整中撤销,现767路成为了连接高新区中部和汽车北站的直通线路,发车间隔较大,平峰间隔一般在20-30分钟左右。[票价信息]季节性空调票价,
  • #英专生发言bot[超话]#上外学姐‖英专保研 (英语语言文学保研/外国语言学及应用语言学保研/MTI翻硕保研/学科英语保研/区域与国别研究保研)“英专研学社”
  • 在现实生活中,的确是这样,人们一天到晚,忙忙碌碌上班,尝尽了生活的酸甜苦辣,就是为了挣钱,养家糊口,解决柴米油盐,解决衣食住行,因为没有钱,你会寸步难行,所以你
  • 我老公是个特别爱问“为什么”的人,可惜的是,并不是在求知方面,举个例子,前几天电脑屏幕坏了,我向他描述完经过后,他连续发问,“为什么你的胳膊肘要压在电脑上?”吴
  • 我一直觉得我是个倒霉的人 从很久以前开始 我就对任何事都不抱有期望 那样它是什么结果我都能接受 也总是悲观 但也不是表现出来 在内里 就那么悄无声息地崩塌 脾
  • 投资热点-2023-2029年中国汽车电子调研及投资前景分析报告-共研网#共研网(gonyn)市场调研报告#共研网发布的《2023-2029年中国汽车电子市场深
  • 所遇皆故知,所爱皆良人,所拥皆真心[悲伤],能大半夜从被我里爬起来给你倒水或者做饭的人除了你爸爸妈妈就剩下那个爱你到骨子里的人了,望 珍惜[委屈]愿你与君欢喜
  • 一天就这样结束啦,明天又是俾心机打工,和崽们斗智斗勇的一天[太开心][打call] 「收到」我发现我吧……很容易一开心就得意忘形所以,大部分时间就是忘乎所以的开
  • 不过宫时旭这会来找我,也正好省了我去找他的功夫,于是我接过奶茶往屋里走:“你进来吧,这么晚了还喝奶茶,你就不怕胖的像从前隔壁家的大胖橘?沉香不再犹豫,「老康,你
  • 由此一来,资本便不会再追捧爱豆了,因为此时爱豆已经丧失了强大的带货能力,想要在娱乐圈立足,只能是凭本事吃饭了。除此之外,有相当一部分人把注意力集中在了王一博的身
  • #灵感的诞生# ✨kiris.kiss是来自俄罗斯的插画师、设计师,她经常晒出自己和家人的温馨时刻,画出的作品也与自己生活息息相关,家人爱人宠物之间相处的温暖瞬
  • 在阿尔瓦雷斯下半场抽射造成对手乌龙,曼城在客场4-0遥遥领先的情况下,瓜迪奥拉在第55分钟做出换人,卡尔温-菲利普斯披挂上阵,留给英格兰国脚的时间有足足35分钟
  • ”看到我对隐青渊的态度转变,宫时旭这才放下了些心,在我房间里连吃了两个芒果后,回房休息去了。我用手机定了个明天早起的闹钟,正准备睡去的时候,意外的看见此时隐青渊
  • 下次能不能加上yy老师,我想看大三角啊啊啊PS.我咋默默变成了铁粉,大概就是CP的力量吧[doge]还有,已经关注学姐啦,我就是那个活人[doge]从8574变
  • #TEMPEST组合[超话]##与TEMPEST遇见美好##跨海超时光#안녕 와 화랑Hwarang, 넌 아주 귀여운 강아지 고양이야.너의 자작곡을 빨리