རྫོང་སར་འཇམ་དབྱངས་མཁྱེན་བརྩེས། ཉེ་ཆར་དབྱིན་ཇི་རྒྱལ་མོའི་སྐུ་ཚེའི་འཕེན་པ་རྫོགས་པར་འདི་ལྟར་བྲིས་འདུག

———-///—དྲེད་པོ་ཧོར།
ཨེ་ལི་ཟ་བྷིད་ཐུ། མོ་རང་མི་ཞིག་ཡིན་པའི་ཆ་ནས། ང་ཁོ་མོ་ལ་ཧ་ཅང་གུས་འདུད་ཡིད་སྨོན་རྒྱ་ཆེན་པོ་ཡོད། གང་ཡིན་ཤེས་མ་སོང་། ཕལ་ཆེར་སྔོན་ལས་ཤིག་མིན་ནམ། ང་ཁོ་མོའི་ཕྱག་འགུལ་སྟངས་དེ་ལ་ཤིན་དུ་དགའ། ང་ཁོ་མོ་མོ་རང་གི་གོ་གནས་དེར་བརྟན་བརླིང་ངང་བཞུགས་པར་ཤིན་དུ་དགའ། མོའི་སྐུ་ཚེ་རིང་མོ་དེའི་ནང་གནས་ཚུལ་ཅི་དང་ཅི་འདྲ་ཞིག་བྱུང་ཡོད་པ་མ་རེད། ཡིན་ཡང་དེ་དག་གི་ཁྲོད་དུ་ཁོ་མོ་རི་བོ་བཞིན་འགྲེངས་ནས་བཞུགས་པར་ཤིན་དུ་དགའ།

རེད་དེ། ཁོ་མོ་རྒྱལ་མོ་ཞིག་ཡིན་པའི་ཆ་ནས། ངས་བཤད་མ་ཤེས་མ་སོང་། དབྱིན་ཇིས། འཛམ་གླིང་ཧྲིལ་བོ་ལ་མི་རིགས་སྡེབ་གསོད་དང་། འཕྲོག་བཅོམ། བྲན་གཡོན་བཀས་བཀོད་སོགས་མཚོན་པའི་མནར་གཅོད་བཏང་བ་ལ་དགོངས་དག་ཞུས་ཡོད་ཚེ། ང་ཁོ་མོ་རྒྱལ་མོ་ཞིག་ཡིན་པའི་ངོས་ནསཀྱང་དགའ། མ་འོངས་པ་ལ་ནི་དེ་ལྟ་བུ་ཞིག་འབྱུང་མི་སྲིད་པ་རེད། ༡༢/༩/༢༠༢༢

#藏族娱乐圈[超话]#ཤེས་རབ་ཀྱི་ལྷ་མོ།

མཁའ་ཡི་ལྷ་མོའི་གཅིག་པའི་བཞིན་བཟང་ཡིད་འོང་སུམ་རྩེན་གནས་ཀྱི་ཆ་བྱད་ཅན།།
ལག་ལ་པི་ལྦང་དཀྲོལ་ཞིང་པདྨ་གདན་བྱས་དྲི་ཟའི་ངག་གི་དཔལ་མོའི་ནི།།
ལྷ་ཡི་ཡིད་བསྒྱུར་ཐིག་ལེ་དབང་བསྒྱུར་སྙམ་ཡང་ཐིག་མ་བསྐྱེངས་ནས་ཕོ་བྲང་བྲོས།།
ཨེ་མ་བདག་ཉིད་མཐོང་རྒྱ་ཆུང་བ་ཡིན་གྱི་ལྷ་མི་ཀུན་གྱི་གཙུག་བཀུར་ལྷ།།

_____________/ སྨྱུག་འགུལ།

༄༅། །བཟོ་གྲྭ་གཅིག་ལས་ཐོན་པའི་བོད་མིའི་ཀླད་པ།
རྩོམ་པ་པོ། མགོ་དཀྲིས་དམར་པོ།

ཉིན་འགའི་སྔོན་དྲྭ་གྲོགས་ཤིག་གིས་བོད་མི་དག་གི་ཀླད་པ་ནི་བཟོ་གྲྭ་གཅིག་ལས་ཐོན་པ་ལྟ་བུ་རེད་ཅེས་ཟེར། དེ་ཤིན་ཏུ་ཚོད་ཐིག་པའི་སྐད་ཆ་རེད། དགེ་རྒན་དུས་ཆེན་ཐོན་ན་བཀའ་དྲིན་ཞུ་བ་རྐྱང་བས་གཅིག་ཆོག་བྱེད།

སྔོན་གྱི་བཀའ་གདམས་པ་དག་བཤེས་གཉེན་བསྟེན་པ་ལམ་གྱི་རྩ་བར་བྱེད། དེས་མི་ཚེ་འདིར་དགེ་རྒན་ཞིག་ཏན་ཏན་བསྟེན་དགོས་པའི་གལ་ཆེན་རང་བཞིན་ཤེས། དགེ་རྒན་གྱིས་ལབ་ཚད་ཚད་མར་མི་རུང་། བདག་ཅག་གི་སྟོན་པས་ཀྱང་སྔར་གྱི་མུ་སྟེགས་པའི་དགེ་རྒན་དག་གིས་བསྟན་པའི་ལམ་ནོར་བར་བརྩིས་ནས་རང་གིས་བདེན་པ་གཞན་ཞིག་རྙེད་པ་ཡིན།
སློབ་དཔོན་ཕྱོགས་གླང་མདོ་སྡེ་རིགས་པའི་རྗེས་འབྲང་གི་གྲུབ་མཐར་མ་ཞུགས་གོང་ཁོང་གིས་གནས་མ་བུའི་སྡེ་པའི་དགེ་རྒན་ཞིག་བསྟེན། དགེ་རྒན་དེས་བརྗོད་དུ་མེད་པའི་བདག་ཅིག་ཡོད་པར་བསྟན་མོད། ཕྱོགས་གླང་གི་རིག་པ་རྣོན་པོ་དེས་བརྗོད་དུ་མེད་པའི་བདག་མ་རྙེད། སྤྱིར་བདག་མེད་ཡོད་མེད་དེ་ནང་བའི་གྲུབ་མཐའི་གཞུང་རྟ་ཡིན། གནའ་བོའི་ནུབ་ཕྱོགས་ཀྱི་མཚན་ཉིད་སྨྲ་བ་དག་གིས་འཇིག་རྟེན་གྱི་རྩོམ་གཞི་ཅི་ཞིག་ཡིན་མིན་ལ་བསམ་བློ་གཏོང་། ནང་པའི་མཚན་ཉིད་རིགས་པ་བ་དག་གིས་ནི་བདག་ཡོད་མེད་ལ་བསམ་བློ་གཏོང་། དེ་གཉིས་ཀ་ཤིན་ཏུ་ཁོམ་སོང་བ་ཞིག་གིས་བསམ་བྱ་ཡིན་གྱི་སྤྱི་ཚོགས་ཕན་བདེ་དང་འཚོ་གནས་ལ་ཐད་ཀར་འབྲེལ་བ་མེད་པས་སྤྱིར་བཏང་གི་མིས་དེ་གཉིས་གང་ལའང་བསམ་བློ་མི་གཏོང་།

སློབ་དཔོན་ཕྱོགས་གླང་ཡང་སྐུ་ན་གཞོན་དུས་བོད་ཀྱི་མཁས་པ་མཆིམས་འཇམ་པའི་དབྱངས་ལྟར་ཅུང་པྲ་ཚགས་ཤིག་འདུག་སྟེ། སློབ་དཔོན་ཕྱོགས་གླང་གིས་ཉིན་དཀར་དཀར་ཞིག་ལ་སྒོ་དང་སྒེའུ་ཁུང་ཕྱེས། ཕྱོགས་ཕྱོགས་སུ་སྒྲོན་མེ་སྦར་ནས་བསྡད། དེ་ནས་དགེ་རྒན་ཐོན་ཏེ་ཁྱོད་ཀྱིས་ཅི་བྱེད་ཀྱིན་ཡོད་ཅེས་དྲིས། ཁོང་གིས་དགེ་རྒན་ལ། ངས་བརྗོད་དུ་མེད་པའི་བདག་འཚོལ་གྱིན་ཡོད་ཅེས་ལན་བཏབ། དེ་ལྟར་བརྗོད་མེད་ཀྱི་བདག་རིག་པས་མི་རྙེད་པའི་ཉམས་བསྟན། ཕྱོགས་གླང་གི་རིག་པ་ཕྲ་ལ་མྱུར་བ་དེས་དགེ་རྒན་ཚར་བཅད་ཚུར་འདུས་བྱས་ཀྱང་ཆོག་མོད། ཁོང་གིས་མི་འཐད་པའི་རྣམ་འགྱུར་ཙམ་བསྟན་ནས་བསྐྱུར། དེས་ཁྱོད་ཀྱི་དགེ་རྒན་ཅི་འདྲའི་རྡུགས་ཆག་ཅིག་ཡིན་རུང་། གུས་ཞབས་ཤིག་ཏན་ཏན་དགོས་པའི་གནས་ལུགས་ཤེས་སུ་བཅུག་ཡོད། དེ་འུ་ཚོའི་འཚོ་བའི་ཁྲོད་ནས་ཉམས་ལེན་ཨེ་ཐུབ་བལྟ།
ནུབ་ཕྱོགས་མཚན་ཉིད་སྨྲ་བ་དག་གི་ཁྲོད་ནས་ཀླུ་སྒྲུབ་དང་ཐོགས་མེད་ལྟ་བུ་ནི་སོས་ཀི་ར་ཐེ(苏格拉底)དང་པོ་ལ་ཐྲོས(柏拉图)སོགས་རེད། སོས་ཀི་ར་ཐེའི་སློབ་མ་པོ་ལ་ཐྲོས་དང་དེའི་སློབ་མ་ཨ་རུས་སུ་ཏོར་ཏི(亚里士多德)། དེའི་སློབ་མ་བཙན་རྒྱལ་ཨེར་ལཊ་ཟན་ཌར(亚历山大大帝)ཡིན། ཨེ་ལཊ་ཟན་ཌར་དང་ཨ་རུས་སི་ཏོར་ཏི་གཉིས་ཀའི་ལྟ་བའི་ཁྱད་མ་ཤེས་མོད། གཞན་དག་ནི་རང་གི་ལྟ་བ་དགེ་རྒན་དང་གཏན་མི་མཚུངས། དེ་བས་ཨ་རུས་སི་ཏོར་ཏིས། ང་རང་དགེ་རྒན་ལ་དགའ། དེ་ལས་ཀྱང་བདེན་པ་ལ་དགའ། ཞེས་པའི་སྐད་ཆ་གྲགས་ཅན་ཞིག་སྨྲས། སྐད་ཆ་དེ་བདག་གིས་ཆུང་ངུའི་དུས་ནས་ཐོས་ཏེ་ད་དུང་བརྗེད་དུ་ཕངས་པ་ཡིན།
འཕགས་བོད་ཀྱི་མཁས་པའི་ཁ་ནས་སྐད་ཆ་དེ་མ་ཐོན་ཡང་། སྐད་ཆ་དེའི་བདེན་པ་རྒྱབ་ཏུ་ཁུར་ཁུར་ལ་ཡོད། གསང་ཕུ་ནེའུ་ཐོག་གི་སློབ་དཔོན་ཕྱྭ་པ་ཆོས་ཀྱི་སེང་གེ་ནི་བོད་ཀྱི་མཁས་པའི་ཁྲོད་ནས་ཟུར་ཁ་ཅན་ཞིག་རེད། ཁོང་གིས་རྣམ་འགྲེལ་དང་དབུ་མ་འཇུག་པ་གཉིས་ལ་གཅིག་ཏུ་དགག་པར་བྱས། ཁོང་ལ་སློབ་མ་རིག་པའི་སེང་ཆེན་བརྒྱད་དང་ཤེས་རབ་ཅན་བཞི་སོགས་ཡོད་པ་ལས་སེང་ཆེན་བརྒྱད་ཀྱི་ཡ་གྱལ་གཙང་ནག་པས་ནི་དབུ་མ་འཇུག་པ་ལ་དགེ་རྒན་ལས་ལྡོག་སྟེ་ལེགས་པར་བརྩི། དེས་གཙང་ནག་པ་དགེ་རྒན་ལ་དགའ་མོད། དེ་ལས་ཀྱང་བདེན་པར་དགའ་བའི་ངོས་དེ་བསྟར་ཡོད། སྐད་ཆ་དེ་ནང་པའི་ཆེད་ལས་ཐ་སྙད་བཀོལ་ནས་ལབ་ན་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་བརྗོད་དགོས། དེ་ལྟར་བརྗོད་ན་བདེན་པ་དེ་ཁྱོད་ཀྱི་སེམས་ལ་ཁྲིགས་ཀྱིས་ལྷུང་པ་ཡིན།
ཕྱྭ་པ་ཆོས་ཀྱི་སེངྒེ་ལ་སློབ་མ་རིག་པའི་སེང་ཆེན་བརྒྱད་ཟེར་བ་ཞིག་ཡོད་ལ་རྔོག་ལོ་ཆེན་པོ་སོགས་མཁས་པའི་ཕུལ་ཡིན་ཡང་། ཕྱྭ་པ་ལྟར་སློབ་མ་གྲངས་མང་ཞིང་སྤུས་ཀ་གཉིས་ཆར་འཛོམས་པ་མེད། དེའང་སློབ་མ་སྐྱོང་བར་མཁས་མི་མཁས་དང་སློབ་ཁྲིད་ཀྱི་ཐབས་ལམ་ཤེས་མ་ཤེས་ཀྱི་ཁྱད་ཡིན་སྙམ། ཁོང་གི་བསྡུས་གྲྭའང་གཞུང་ལུགས་ཀྱི་དོན་བསྡུས་ནས་ལས་སླ་བོས་སློབ་མའི་སེམས་ཁམས་སུ་འཇོག་ཐབས་ཀྱི་རིག་པ་ཞིག་ཡིན་སྙམ་སྟེ་དབུ་མ་ལའང་བསྡུས་པ་ཞུ་བ་རེ་བརྩམས་འདུག་པས་སོ། །འདི་གཙོ་བོ་དགེ་རྒན་དག་གིས་བསམ་དགོས་མོད་སློབ་མ་དག་ལའང་མ་བབས་པ་མིན།
མི་ཚེའི་ན་རིམ་གྱིས་དགེ་རྒན་རང་དང་དཔེ་ཆ་བྱེད་དགོས་དུས་ཤིག་ཀྱང་ཡོད། ངས་ནི་གང་ཟག་དགེ་རྒན་ལས་དཔེ་ཆའི་དགེ་རྒན་གལ་སྙམ། སྔོན་བྱོན་བོད་ཀྱི་སྐྱེས་ཆེན་དག་གི་ཁྲོད་ནའང་དཔེ་ཆ་སློབ་དཔོན་ནམ་དགེ་རྒན་དུ་རྩི་མཁན་ཡོད་དེ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་འདའ་ཁར་པོ་ཏོ་བ་ལ“ངས་ཁྱེད་རྣམས་ལ་རྟེན་ས་གཞན་མ་མཐོང་བས། སློབ་དཔོན་མདོ་སྡེ་ལ་ཆོས་ཞུས”གསུངས་ནས་འདས།

༢༠༢༢/༩/༡༡ལ་བྲིས།


发布     👍 0 举报 写留言 🖊   
✋热门推荐
  • 也如它的外观所示,这一款也具备收音机功能,喜欢电台的同学不容错过~直降200磅,无需code:#母亲节表白大赛# [给你小心心]#母亲节# 我也不知道为什么选了
  • 因为看了一眼留声机杂志这次直播质量不错,像是认真预录好的。第一次看女团节目是疫情期间看了青春有你2我就被刘雨昕还有上官给吸引马上微博粉上去[爱你]但还有一位黑马
  • 5200年太阳季周期,实为“土木日”三星相对银河系中心宫位的复位周期,是更高一级的地球对银河中心的周期,可称为“银地周期”。结论:60年干支周期,实为“地土木”
  • 答:冰心是中国现代文坛上的杰出女作家,大师级的作家,对现代文学产生了积极的影响,许多人是读冰心的作品长大的,她又是一位长寿作家,被称为“世纪老人”。因此,人们往
  • 而我的农场就是一个希望尽一切可能恢复小型生态系统的项目。他希望把这座农场做成一个展示永续农业的窗口,并将这种理念推广给更多的人,尤其是年轻一代 ,“我希望年轻人
  • 血型ABO老婆是可爱还是可怕,就看老公的表现了(情侣也适用)】#血型B#人妻B型老婆十分重视老公的看法与感觉,正所谓“女为悦己者容”为了不让自己成为黄脸婆,导致
  • p站今日排名第 147 位 作品名:「 餌付けされるカタリナ様 」 画师: 标签:はめふら · 乙女ゲームの破滅フラグしかない悪役令嬢に転生してしまった… ·
  • 血型ABO老婆是可爱还是可怕,就看老公的表现了(情侣也适用)】#血型B#人妻B型老婆十分重视老公的看法与感觉,正所谓“女为悦己者容”为了不让自己成为黄脸婆,导致
  • 毕竟我又瘦又美(哈哈哈哈开玩笑别打我)我减肥减下来能教大家告诉大家的我都发微博啦 也没什么能帮到大家的了~很惭愧 哎发上条的原因是希望妹妹们都要取其精华去其糟粕
  • 十八年前,很感激你不要命的生下我,给了我一个来到这美好的世界看一看的机会,你从小到大从没说过爱我,可你的种种行为却无不表现出我是你最最珍爱的宝贝,我知道我在你心
  • 除了论文之外,她也会像一个大姐姐一样告诉我,你适合读书,有时间有精力的话就去读书,当你不知道做什么的时候也可以去读书。首先,我们都不知道自己过去生生世世的善根有
  • P1大北方的菜量太大了,15块点了个西红柿疙瘩汤,本来以为一小碗,结果上了一大盆,香锅至少四个人的量,米饭冒尖,皮蛋豆腐一大盘[跪了]P2北京铺天满地的月季季节
  • 你是否还会时常记挂他,又是不是会突然回想起在那个天真年岁曾一起过去的地方牵过的手还有接过的吻…… 看到这个热门话题的时候突然有点心酸,想起杨千嬅在(芬梨道上)里
  • 主峰有人祖庙,又称金山寺,建在三面陡峭、一面缓通诸峰的山巅上,海拔1742.4米,占地面积2700平方米。主峰西5公里处,有一“高庙”建在“兀”字形石岩嘴上,崖
  • #植田圭輔##音乐剧黑塔利亚# 【来年LIVE决定】【LIVE決定!】2018年3月・幕張メッセ イベントホールにて、『ミュージカル「ヘタリア」FINAL LI
  • 我竟然真的一点都不慌……甚至有点窃喜???如果真的……好像也是种解脱,就是还没见到我的偶像们,还有想做的事没做有点遗憾。真的觉得活在这个世上最幸运的事就是能和苏
  • #exo投票组[超话]#憋了几天没发超话,不行忍不了 funnstar是怎么回事嗷?是不是不用投了??我都不敢看,我每天看新闻看到吐,这个结果好心酸,害 p4-
  • 子安和流浪狗 子安今年二十岁。三年前,追求一个姑娘,人家没看上他,断然拒绝了他。子安感到很失意,突然想去徒步。三年来走了川藏线,去了越南,外蒙古。走西藏北线,
  • /我的书桌有好多吃的想说我好爱技术/整理出好多好多好多本子喜欢兜圈这首歌也是因为许光汉/pyq看到的感觉好好玩哈哈哈/不知名的零食/最爱的Vita和大年初二早餐
  • 今天我们来分享一部分刘旦宅的绘画作品,从中体悟一下诗与画的结合,他的绘画作品呈现出一股造型清秀,情思横逸的艺术风格,格调古朴脱俗耐人寻味,同时他师出海上画派,对