མི་ལུས་ཐོབ་ཐང་གླུ་རུ་གྱེར་ཡང་རྒྱུག་ཁྱིའི་རྣམ་ཐར་སྲོལ་ལ་རྩི་བའི་སྒེར་སེམས་པ་མང་དོན།མིང་གྲགས་དང་གོ་ས་ཡི་ལུང་པ་ན། སྐྱེ་བོའི་རྩིས་ཐང་རྡོག་པས་བརྫིས་ནས་སྟག་གི་མདུན་སར་ཁྱི་རྔ་གཡུག་པའི་རྐང་གཉིས་མང་བས་རེད། https://t.cn/ELwZ0bI
དམ་པ་ཁོང་གི་སྐུ་ཚེའི་འཕེན་པ་རྫོགས་པར་མྱ་ངན་ཞུ། སྐུ་བཞུགས་དུས་ངན་སྨྲས་དང་ཕྲག་དོག་བྱེད་མཁན་ཡང་མང་པོ་བྱུང་བའི་སྐྱོ་གར་ཡང་དེ་རིང་སླར་ཡང་དྲན་པ་ཞིག་རེད།
དགེ་རྒན་ཁ་དྲོ་བཀྲ་ཤིས།
བྱིས་བློ་ཤོག་དཀར་ངོས་ལ།།
རི་མོ་གང་བྲིས་དོད་རེད།།
དགེ་རྒན་ཁ་དྲོ་བཀྲ་ཤིས།།
ནག་ནོག་དྲི་མས་མ་རྫོད།།
བྱིས་བློ་མེ་ལོང་ངོས་ལ།།
གཟུགས་བརྙན་མི་འཆར་དགུ་འཆར།།
དགེ་རྒན་ཁ་དྲོ་བཀྲ་ཤིས།།
གཟུགས་བརྙན་གསུབ་པ་མ་གནང་།།
བྱིས་བློ་ནེའུ་གསིང་སྤང་ལ།།
མེ་ཏོག་སྣ་ཚོགས་བཞད་རེད།།
དགེ་རྒན་ཁ་དྲོ་བཀྲ་ཤིས།།
མེ་ཏོག་རྡོག་པས་མ་རྫི།།
བྱིས་བློ་ཀུན་གསལ་ངོས་ལ།།
སྣ་ལྔའི་འཇའ་ཚོན་འཆར་རེད།།
དགེ་རྒན་ཁ་དྲོ་བཀྲ་ཤིས།།
འཇའ་ཚོན་སྒྲིབ་པ་མ་གནང་།།
བྱིས་བློ་ཤོག་དཀར་ངོས་ལ།།
རི་མོ་གང་བྲིས་དོད་རེད།།
དགེ་རྒན་ཁ་དྲོ་བཀྲ་ཤིས།།
ནག་ནོག་དྲི་མས་མ་རྫོད།།
བྱིས་བློ་མེ་ལོང་ངོས་ལ།།
གཟུགས་བརྙན་མི་འཆར་དགུ་འཆར།།
དགེ་རྒན་ཁ་དྲོ་བཀྲ་ཤིས།།
གཟུགས་བརྙན་གསུབ་པ་མ་གནང་།།
བྱིས་བློ་ནེའུ་གསིང་སྤང་ལ།།
མེ་ཏོག་སྣ་ཚོགས་བཞད་རེད།།
དགེ་རྒན་ཁ་དྲོ་བཀྲ་ཤིས།།
མེ་ཏོག་རྡོག་པས་མ་རྫི།།
བྱིས་བློ་ཀུན་གསལ་ངོས་ལ།།
སྣ་ལྔའི་འཇའ་ཚོན་འཆར་རེད།།
དགེ་རྒན་ཁ་དྲོ་བཀྲ་ཤིས།།
འཇའ་ཚོན་སྒྲིབ་པ་མ་གནང་།།
✋热门推荐