སྤྱན་ཟུར་རེ་ལ་བརྩེ་བའི་རླབས་འཕྱོ་ཞིང་།།
དཀར་གསལ་དུང་མདོག་ཟླ་བའི་དཔལ་འདྲ་བ།།
མཛེས་སྡུག་པད་མའི་བཞིན་གྱི་​དཀྱིལ་འཁོར་དེ།།
དོ་ནུབ་དྲན་པའི་མཁའ་རུ་ཡང་གཅིག་ཤར།།

མཉེས་གཤིན་སེམས་ལ་འོ་མའི་རང་མདངས་རྫོགས།།
གཤིས་འཇམ་ལུས་ལ་སྤོས་ཀྱི་དྲི་ངད་ལྡང་།།
རང་བཞིན་མི་འགྱུར་གོར་མོའི་ཚུགས་གྲུབ་པ།།
​རིན་ཆེན་ས་ལེ་སྦྲམ་ཁྱོད་སྙིང་ནས་དྲན།།

ཡུལ་གྱི་སྟོན་ཁ།

སྟོད་ཀྱི་རྫ་རིའི་སྐེད་པ་སྨུག་གིས་བཟུང་། །
རྫ་འདབས་སྟོན་ཆུ་རིང་མོ་ཤང་ཤང་འབབ། །
སྨད་ཀྱི་ནས་ཞིང་གྲུ་བཞིས་རླབས་ཕྲེང་འཛིན། །
ཀུ་ཤ་རྒྱ་ཞིང་གྲུ་བཞིའི་ཚད་ལ་ལོངས། །
ལམ་ན་ཆུ་གོར་སྐར་ཚོགས་འཕོས་འདྲ་ཡོད། །
ལམ་མཐར་ཁམས་བསང་གཏོང་སའི་སྦྲ་གུར་མང་། །
སྟོན་ལུག་བཙོང་རྒྱུ་བཀར་ནས་དགུན་སར་དེད། །
ལོ་ལན་བྱིས་པ་རྣམས་ནི་དེ་ཡི་རྫི། །
རྩྭ་ནི་སྐྱེ་ཐག་ཆོད་དེ་མདོག་ཀྱང་ནི། །
ཉིན་རེར་བསྡད་ན་ཉིན་རེར་སེར་སྐྱར་ལོག །
འཁྱག་རླུང་ཚོད་ཚོད་མེད་ལ་ཡུན་རིང་ལྡང་། །
རྩི་མགོ་གྲང་འདར་རྒྱག་པའི་ཉམས་ཀྱང་སྟོན། །
ཆར་བ་སྲོད་དང་ཐོ་རངས་འཆར་ཀར་འབབ། །
གནམ་ངོ་ཡོངས་སུ་རུབ་ན་ཞེ་ཡང་སྨྲེང་། །
མེ་ཏོག་ལང་ཚོའི་བཀྲག་མདངས་ཡལ་མགོ་བརྩམས། །
གཅིག་ནི་ཕྱིར་འོང་མེད་པས་སེམས་ཀྱང་སྐྱོ། །
གཡར་བའི་ལུས་པོ་ནམ་ཞིག་མི་ཤེས་པར། །
བསམ་ན་ཡིད་ཀྱི་གཏིང་ནས་འདུག་བཟོད་བྲལ། །

ཁ་སང་ནས་བཟུང་ནད་དུག་གི་དབང་གིས་ནང་དུ་མི་འདུག་ཐབས་མེད་བྱུང་། དེ་བས་སྐུ་འབུམ་བྱང་ཆུབ་ལོ་མའི་དཔེ་ཚོགས་རྩོམ་སྒྲིག་ཚན་ཆུང་ལ་ཉིས་སྟོང་བཅུ་བདུན་ལོར་དགོན་གཞུང་ནས་བདག་རྐྱེན་མཐུན་འགྱུར་གང་ལེགས་གནང་སྟེ། རྗེ་བླ་མ་ཙོང་ཁ་པ་མཆོག་གི་སྐུའི་འཁྲུངས་གནས་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་ནས་ལམ་དུ་ཆས། རྗེ་བླ་མ་མཆོག་དབུས་བཞུད་ཀྱི་ཞབས་རྗེས་དེད་དེ་ལྷོ་ལམ་བརྒྱུད་ནས་དབུས་གཙང་གི་གནས་ཆེན་དྲུག་ཅུ་ལྷག་ལ་ཕེབས་ནས་ཡིག་ཆ་དང་པར་རིས་མང་པོ་འཚོལ་བསྡུ་བྱས་ཏེ། འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་བོ་༧ ཤར་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་དྲུག་བརྒྱ་ལོན་པའི་རྗེས་དྲན་མཚོན་བྱེད་དུ་༼ གསེར་མདོག་གི་ཞབས་རྗེས ༽ཞེས་པའི་པར་དེབ་འདི་ཉིད། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་རྗེ་བླ་མ་མཆོག་གི་སྐུ་ཚེ་ཧྲིལ་བོའི་རྣམ་ཐར་ལ་ངེས་ཤེས་སྐྱེད་ནུས་པ་དང་། ང་ཚོ་གདུལ་བྱ་ཐ་མལ་བ་མང་པོར་དད་པ་དང་ཆོས་སྒྲུབ་པའི་སྙིང་སྟོབས་བསྐྱེད་པ་སོགས་ཁྱད་དུ་འཕགས་པའི་དགེ་མཚན་དུ་མར་དམིགས་སྟེ་ཀུན་གྱིས་བགོ་སྐལ་དུ་སྩལ་གནང་མཛད་པས། དེ་རིང་ཡང་བསྐྱར་རྗེ་བླ་མའི་རྣམ་ཐར་༼ གསེར་མདོག་གི་ཞབས་རྗེས་ ༽ ལ་མཇལ་བའི་སྐལ་བ་དང་དུས་ཚོད་ཡག་པོ་བྱུང་སོང་།


发布     👍 0 举报 写留言 🖊   
✋热门推荐
  • ”都说爱笑的女孩一般都很幸运,而这一名字便是突出了女孩对于生活安然自若的处事态度,心纯净而沉着,一直都是从一而终,保持着自己的初心,清澈明媚,一尘不染。“瑜”提
  • 每个人都会有才下眉头,却上心头的一点心事,芸芸人海,匆匆过客,能从心上滑过的,但愿是美好,而从心上划过的,祈愿不是受伤。虽然不是一整期都有但我已经很满意了。
  • 哈哈☀拿铁去冰加奶:我也200买的[怒]好生气 再买一个 就是有点慢 其他的效果比较好乐观和爱才是生活的解药生活就是这样:忙忙碌碌,平平淡淡只要你还在努力,世界
  • 1202那天是对称日,也是俺的生日那天我们有一整天的课,那天发生的事情有1⃣️胡姐空耳事件老师说何建明的《山神》我听成了侯建林的《山神》我扭头想确认一下听对了没
  • 看这就是我们的瓜瓜(GuaGua)。在加那利群岛(UD的大加那利岛的球队)大巴称之为“GuaGuas”(音译瓜瓜斯,简称直接叫瓜瓜了是不是很可爱呢?
  • 直播间他自己放的第一首歌不知道大家知不知道这首如果不是他笑的太开心,我听见这首的第一瞬间应该就会哭成烂泥。分享Missio的单曲《I See You》✨【阿赞满
  • ......尔时,十六王子皆以童子出家,而为沙弥,诸根通利,智慧明了,已曾供养百千万亿诸佛,净修梵行,求阿耨多罗三藐三菩提,俱白佛言:世尊,是诸无量千万亿大德声
  • 你如果是一块鹅卵石,就不要抱怨不能成为一块美玉;你如果是一泓清泉,就不要抱怨不能拥有大海的壮丽;你如果是一弯月亮,就不要抱怨不能发出太阳的光辉!当然,假如你是一
  • Dr.FORHAIR洗发水为纪念连续两年获得洗发水部门第一名,推出了专为Olive Young顾客准备的"Olive Young Awards特别企划
  • !而在今年,他被官宣为德云九队演出队的队长。
  • #温水煮土豆#你生活在哪儿就面对哪儿的问题,有问题就有艺术……某些人对某件事物的敏感,而导致对旧有艺术方法的改变,这时艺术就发生了……偶然看到某件事而产生了创作
  • 90后郭强在21世纪社区也住了10多年,而全家人的营生,是小区商业街上的一家酱肉店。小区虽然大,邻里关系很融洽在21世纪社区的一条商业街上,有一家门上贴着“十年
  • #nba场边镜头#詹姆斯的大儿子布朗尼,代表峡谷高中打了一场AAU(全美高中联赛)比赛,最后时刻投丢绝杀球,引发了热议。这场比赛在詹姆斯的母校圣玛丽高中进行,詹
  • 赶紧放购物车我:这还有你喜欢的蓝莓哦:我要我要,这也是我喜欢的水果我:有意大利面耶,要买不?:都不是我喜欢吃的我:是冬枣哦要不要:我要我要!
  • 可能散发出了姐姐感吧4期生里有哥哥的孩子挺多的〜我就不一样了、所以完全不懂当妹妹是何种心境…想变成妹妹啊〜有这样的想法4期生的大家都太会撒娇了、很可爱啊 ¨̮
  • 鞋面简直不能看。前两天生病了查出来肺上有点问题可能是恶性结节一个人在外地上学的无助感就来了一个人在医院抽血ct彩超胸穿(活检)还听不懂重庆话煎熬了两天 憔悴了两
  • 《不辞长作岭南人——寻找广东的文化印记》让我们在广东音乐的粤韵之美中领略岭南人的情怀。周六,我们在扇面上描画岭南瓜果,将瓜果带给人们的愉悦感受和丰收喜意随身携带
  • 2.宁波-舟山惠民政策(1)活动时间:2021年12月1日-2022年1月31日(2)惠民对象:宁波、舟山市民(3)活动期间,宁波、舟山核心景区推出景区(点)门
  • 你可能永远想不到队友有多离谱,我在悬崖边侦查,结果有俩lyb绕不知道躲哪里的,绕到我身后,开麦说让我跳舞就放过我,我堂堂一个大老爷们能受这委屈?我真的不想一直强
  • 太下饭了[赞]贵州的酸辣也很喜欢#一日一食一记# 用深碗盛有点失误,汤汁浸不到上面来(其实这是剩余食材拼凑的一顿,吃光厨房干干净净啥都没了)饭后整理时惊讶地发现