སྐྱེས་ནས་སྐད་ཅིག་ཙམ་ཡང་སྡོད་དབང་ཡང་མེད་པར། །
​འཆི་བདག་གཤིན་རྗེ་དྲུང་ལ་བང་རྩལ་གྱིས་བརྒྱུག་པས། །
​གསོན་པོ་ཟེར་ཡང་འཆི་བའི་ལམ་ཆེན་དུ་ཆས་འདུག།
​ཉེས་ཅན་གསོད་སར་ཁྲིད་པའི་སྣང་ཚུལ་འདི་སྐྱོ་བ། །

རྒྱལ་དབང་སྐལ་བཟང་རྒྱལ་མཚོས།

ཕ་ཡུལ།
གངས་དཔལ་གྱིས་ཚིག་བརྩམས།

ང་ཡི་སྐྱེ་བ་བརྗེ་བའི་རྣམ་ཤེས་དྲན་གདུང་ཅན།
འཇའ་ཡི་གཟུགས་སུ་སྤྲུལ་ཀྱང་ཕ་ཡུལ་དྲན།
ཡ་ཆུང་སེམས་ཀྱི་བྱང་ཐང་འཁྱག་ན་ཡང་།
ཕ་ཡུལ་ཁྲི་གདུགས་ཉི་མའི་བསྡུས་གཟུགས་ཡིན།
དེ་ལྟ་ལོས་ཡིན་ཕ་མ་གན་ན་ཡོད།
ཉི་ཟླ་གཉིས་ཀྱི་བྱིན་རླབས་གན་ན་ཡོད།
ཁྲེལ་དང་བློ་གཏད་ཅི་ཡོད་གན་ན་ཡོད།
རུས་པའི་རྐང་གི་དུངས་ཀ་གན་ན་ཡོད།
ང་རང་གན་ནས་སྐྱེས་དུས།
དྲིན་ཕ་ལོས་ང་རང་གངས་རི་ལ་བཅོལ་ཡོད།
ངའི་ལོ་ལོའི་བློ་རྩ་གངས་ལས་དཀར་དགོས་གསུང་།
ང་རང་གན་ནས་སྐྱེས་དུས།
དྲིན་མ་ལོས་ང་རང་གཙང་པོ་ལ་བཅོལ་ཡོད།
ངའི་ལོ་ལོའི་བསམ་པ་ཆུ་ལས་དྭངས་དགོས་གསུང་།

ང་རང་གན་ནས་སྐྱེས་དུས།
དྲིན་ཕ་ལོས་ང་རང་སྐྱེས་རི་ལ་བཅོལ་ཡོད།
ངའི་ལོ་ལོའི་རང་ཚུགས་རི་ལས་བརྟན་དགོས་གསུང་།
ང་རང་གན་ནས་སྐྱེས་དུས།
དྲིན་མ་ལོས་ང་རང་རྩྭ་ཐང་ལ་བཅོལ་ཡོད།
ངའི་ལོ་ལོའི་ཁོག་རྒྱ་རྩྭ་ཐང་ལས་ཡངས་དགོས་གསུང་།



སྐྱིད་ན་མཆོད་པ་ཕུལ་ས་བླ་མ་ཡིན།།
享受福址时您是唯一的应供
སྡུག་ན་སྐྱབས་འཇུག་ཞུ་ས་བླ་མ་ཡིན།།
面临困境时您是唯一的倾诉
སྐྱིད་སྡུག་ཅི་ལྟར་བྱུང་ན་ཁྱེད་ཀྱི་མཁྱེན།།
顺缘逆境不定由您全程相伴
འདི་ཕྱི་གཉིས་ཀྱི་བདག་པོ་བླ་མ་ཡིན།།
苦乐二者的驾御者惟有上师



发布     👍 0 举报 写留言 🖊   
✋热门推荐
  • 意甲分析:AC米兰vs热那亚
  • 又一粉黛花海沦陷 游客的素质到底该如何去制止与整改
  • 唐嫣罗晋婚后现身,在维也纳浪漫小城留下的爱情剧真甜
  • 唐嫣回国看断眉演唱会 头戴粉色兔耳手举荧光棒 粉丝:真爱!
  • 11月新规扩散周知!这些影响个人生活的变化你要知道!!
  • 黄河水量大增 壶口再现壮美瀑布
  • 【关注】坠江公交车打捞出水 现场鸣笛致哀
  • 国王杯-新帅索拉里首战皇马4-0胜 本泽马破门飞翼传射
  • 传媒动态 | 每日5分钟 读广电传媒圈大事
  • 唐嫣婚礼现场照曝光,除时间外,衣服纽扣旁边装饰品也是细节满满
  • 腾讯今日发布智慧出行战略 共建全场景出行服务体系
  • 三星将2018年资本支出削减27% 称内存芯片热潮已结束
  • 京张高铁全面铺轨,高铁搞大动作
  • 17岁少女带妹妹跳水库自杀,留下的遗书让人心痛!
  • 球迷怒批防线3主力不配穿皇马球衣,拉莫斯竟公开点赞
  • 《中华人民共和国印花税法(征求意见稿)》征求意见
  • 联合国叙利亚问题特使抵叙与政府磋商
  • 自称心情抑郁 女子竟上高速“散心”
  • 罗斯50分重回巅峰!这个万圣节惊恐与感动并存!
  • 取消“蓝色预警”,郑州市调整重污染天气应急预案!