རིག་པའི་དབང་ཕྱུག་ཕྱྭ་པ་ཆོས་ཀྱི་སེང་གེ་ལོ་རྒྱུས་མདོར་བསྡུས།
གསང་ཕུའི་མཁན་ཐོག་དྲུག་པ་ཕྱྭ་པ་ཆོས་ཀྱི་སེང་གེ་ནི་གསང་ཕུའི་མཁན་པོ་མཛད་མཁན་གྱི་ནང་ནས་དབུ་མ་དང་ཚད་མ་ལ་ཤིན་ཏུ་མཁས་ཤིང་གདན་སའི་སློབ་གཉེར་ལམ་ལུགས་གསར་གཏོད་མཛད་མཁན་གྱི་སློབ་གསོའི་གྲགས་ཅན་མི་སྣ་རྒྱལ་ཁབ་ཕྱི་ནང་དུ་མཁས་པའི་སྙན་གྲགས་ཡོད་པ་ཞིག་ཡིན། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་གླང་﹝༡༡༠༩﹞ལོར་ཕྱྭ་ཞེས་པའི་ཡུལ﹝འགའ་ཤས་ཀྱི་ཆ་ཡང་ཟེར﹞སྟེ།དེང་སྐབས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ལ་མོ་ཆུས་ཀྱི་ཁོངས་སུ་གཏམས། རམ་བྱུང་གསུམ་པའི་ས་གླང་﹝༡༡༦༩﹞ལོར་སྐུ་བཤེགས། ཁོང་སྐུ་ན་ཆུང་དུས་ནས་ཐུགས་རིགས་གསལ་ཞིང་མགུར་མ་སྣ་ཚོགས་གསུང་ཐུབ་མཁན་ཞིག་ཡིན་པས་དགེ་ཤེས་རྒྱ་དམར་བས་ཕ་མ་ལས་སློང་ཏེ་ཞབས་ཕྱིར་ཁྲིད་ནས་ཁོང་གི་དྲུང་ནས་ཚད་མ་དང་དབུ་མ་གསན་སྦྱོང་གནང་ཞང་ཚེ་སྤོང་ཆོས་ཀྱི་བླ་མའི་དྲུང་དུ་རབ་ཏུ་བྱུང་ནས་མཚན་ལ་ཆོས་ཀྱི་སེང་གེ་ཞེས་བཏགས་ཁོང་དང་དེའི་སློབ་མ་ཉན་བྲན་ཆོས་ཀྱི་ཡེ་ཤེས་གཉིས་ཀྱི་དྲུང་དུ་ཕར་ཕྱིན་དང་སྤྱོད་ཕྱོགས་སྐོར་གསན། གསང་ཕུའིགདན་ས་ལོ་བཅོ་བརྒྱད་ཀྱི་བར་དུ་མཛད་ཕྱྭ་པ་ཆོས་ཀྱི་སེང་གེས་གདན་སའི་སློབ་གཉེར་སྲོལ་གཏོད་གནང་བའི་མཛད་རྗེས་གཙོ་བོ་ནི ༡ གཞུང་བཀའ་པོད་ལྔའི་སློབ་གཉེར་ཐབས་ལམ་གསར་དུ་གཏོད་པ། ༢ སློབ་རྩོད་གཉིས་དུས་གཅིག་ཏུ་སྤེལ་བའི་ལམ་གསོལ་གཏོད་པ། ༣ དགེ་རྒན་སོ་སོའི་ཁྱད་ཆོས་ལ་གཞིགས་ཏེ་སློབ་ཁྲིད་ཀྱི་ལས་འགན་གཏན་འཁེལ་གནང་ནས་དགེ་་རྒན་སོ་སོའི་ཁྱད་ནུས་འདོན་སྤེལ་གངས་ལེགས་བྱད་དུ་བཅུག་པ། ༤ འཛིན་གྲྭ་བགོ་བའི་ལམ་ལུག་གསར་དུ་གཏོད་ཅིང་འཛིན་གྲྭ་སོ་སོའི་སློབ་ཡུན་གྱི་ལོ་ཚད་གཏན་འཁེལ་གནང་བ། ༥ ལོ་གཅིག་གམ་སློབ་དུས་སོའི་ཆོས་ཐོག་གི་སློབ་ཚན་ནང་དོན་གཏན་འབེབས་གནང་བ། ༦ འཛིན་གྲྭ་ཕན་ཚུན་གཏུགས་རེས་﹝འགྲན་བསྡུར﹞བྱས་པའི་ཐབས་ལམ་གསར་དུ་གཏོད་པ། ༧ ཆོས་ཐོག་སྐབས་འགྲོ་གླེང་གཙོ་བོ་དང་སློབ་ཁྲིད་ཞར་བྱུང་། ཆོས་མཚམས་སྐབས་སློབ་ཁྲིད་གཙོ་བོ་དང་འགྲོ་གླེངས་ཞར་བྱུང་བྱ་རྒྱུའི་གསོལ་གཏོད་པ། ༨སློབ་གཉེར་ལེགས་གྲས་རྣམས་རང་མོས་ཐོག་དགོན་པ་གཞན་དང་གྲྭ་ཚང་གཞན་ལ་གྲྭ་སྐོར་དམ་བཅའ་འགྲོ་བའི་སྲོལ་གསར་དུ་གཏོད་པ་། ༩ སློབ་གཉེར་ཐོན་པའི་རིགས་ལ་སློབ་གཉེར་གྱི་སྦྱངས་འབྲས་ལེགས་ཉེས་ལ་གཞིགས་ནས་མཚན་གནས་སྤྲོད་པའི་སྲོལ་གཏོད་པ་། ༡༠ ཚད་མ་རིགས་པའི་གཞུང་རྣམས་ཀྱི་སྙིང་བཅུད་བསྡུས་པའི་《བསྡུས་གྲྭ་》ཆུང་འབྲིང་ཆེ་གསུམ་གསར་རྩོམ་མཛད་ཅིང་དེ་ལྟར་སློབ་སྦྱོང་བྱེད་དགོས་རྒྱུའི་གཏན་འབེབས་གནང་བ་། ༡༡ མཚན་ཉིད་རྩོམས་སྐབས་ཀྱི་དྲི་བ་དྲི་ལན་འདེབས་ཚུལ་དང་། རྩོད་གླེང་གཏོང་མཁན་གྱི་འཛིན་གྲྭའིི་དབུས་སུ་ལངས་ཏེ་ཐོག་མར་ཁས་ལེན་བཟུང་མཁན་ལ་གུས་འདུད་ཀྱི་རྣམ་འགྱུར་དང་བཅས་ཏེ།གཟན་སྐྱུར་འབེབས་ནས་སྐད་གསང་མཐོན་པོས་བགྲོ་གླེང་འགོ་ཚུགས་པའི་ངྷི་སྐད་གཏོང་བ་དང། དེ་ནས་གཟན་སྐེད་པར་དཀྲིས་ཏེ་སྐབས་སུ་བབས་པའི་གཞུང་ལས་འཕྲོས་པའི་ཁས་ལེན་དྲི་བ་དང་། ཐལ་འགྱུར་འཕེན་པ་དང་ཆབས་ཅིག་ལག་པས་ཐལ་མོ་རྡེབ་པ། ཁྱབ་མཐའ་འགོད་པ། རྒྱུ་མཚན་འདྲི་བ། འཁོར་གསུམ་བསྐོར་བ་སོགས་ཀྱི་དམ་བཅའ་ཁས་ལེན་དང་མཚན་ཉིད་རྩོད་པའི་ཐ་སྙད་དང་བྱ་ཐབས་བཅས་པའི་ངོ་མཚར་ཁྱད་དུ་འཕགས་པའི་སློབ་གཉེར་སྲོལ་ལམ་ཞིག་གཏོད་གནང་སྟབས་བོད་ཀྱི་གདན་ས་ཁག་ཏུ་ཁོང་གི་སྲོལ་གཏོད་དེ་དར་ཁྱབ་གོང་འཕེལ་ཤུགས་ཆེན་བྱུང་བ་མ་ཟད། ད་ལྟ་ཡང་ཁོང་གི་སློབ་གཉེར་ལམ་ལུགས་མ་ཉམས་གོང་འཕེལ་འགྲོ་བཞིན་ཡོད་པ་བཅས་ཡིན། ཁོང་སྐུ་ཚེའི་རིང་སློབ་མ་གྲངས་ཀྱི་མི་ལངས་བ་ཡོད་པའི་ནང་གྲགས་ཆེ་ཤོས་ནི་རིགས་པའི་དབང་ཕྱུག་སེང་ཆེན་བརྒྱད་ཡོད་པ་སྟེ། གཙང་ནག་པ་བརྩོན་འགྲུས་སེང་གེ། དར་བག་སྨྲ་བའི་སེང་གེ། བྲུ་ཤ་བསོད་ནམས་སེང་གེ། རྨ་བྱ་རྩོད་པའི་སེང་གེ། རྩེགས་དབང་ཕྱུག་སེང་གེ། ཉང་བྲན་ཆོས་ཀྱི་སེང་གེ། འདན་མ་དཀོན་མཆོག་སེང་གེ། གཉལ་པ་ཡོན་ཏན་སེང་གེ་བཅས་ཡིན། སློབ་མ་གྲགས་ཆེན་བརྒྱད་ཀྱི་ནང་ནས་གཉལ་པ་དང་། བྲུ་ཤ་བ་གཉིས་མ་གཏོགས་དེ་མིན་ཚང་མས་ཚད་མ་དང། དབུ་མ། ཕར་ཕྱིན་བཅས་ཀྱི་གཞུང་རྒྱས་བསྡུད་དུ་མ་མཛད་ཡོད། ཁོང་གི་གསུང་རྩོམ་སྐོར་ལ《བྱམས་ཆོས་སྡེ་ལྔའི་འགྲེལ་པ》 《ཚད་མ་རྣམ་ངེས་ཀྱི་འགྲེལ་པ》 《ཚད་མ་ཡིད་ཀྱི་མུན་སེལ》 《ཤེས་བྱ་གཞི་ལྔའི་རྣམ་གཞག》(རྒྱས་བསྡུས་གཉིས)《དབུ་མ་བདེན་གཉིས་ཀྱི་འགྲེལ་པ》 《དབུ་མ་སྣང་བའི་འགྲེལ་པ》 《སྤྱོད་འཇུག་ཆེན་མོའི་འགྲེལ་པ》བཅས་མང་དུ་ཡོད། གཞན་ཡང་ཁོང་གི་མཛད་རྗེས་མང་ཡང་འདིར་ཡིག་རྫོབ་ཆེ་བར་དོགས་ནས་མ་བཀོད་པས་ཞིབ་པར་གཟིགས་འདོད་མཁན་རྣམས་ཁོང་གི་དངོས་སློབ་ནག་པ་བཙོན་འགྲུས་སེང་གེས་མཛད་པའི《རྣམ་ཐར་དད་པའི་འོད་ཟེར་ཕྱོགས་བརྒྱར་འགྱེད་པརྣམ་ཐར་དད་པའི་འོད་ཟེར་ཕྱོགས་བརྒྱར་འགྱེད་པ།》ཞེས་པ་དང་། ཞབས་དྲུང་རིན་ཆེན་འབྱོར་ལྡན་གྱིས་མཛད་པའི《གསང་ཕུའི་གདན་རབས།》《དེབ་དེར་སྔོན་པོ།》ལེ་ཚན།[ཚ]བཅས་སུ་གཟིགས་ན་གསལ།[作揖]

རིང་པོའི་ལོ་ཟླའི་ཁྲོད་ཀྱི་ལུས་སེམས་ཀུན།།
སྙིང་རྗེ་ཉག་མ་གཅིག་གིས་གསོས་པ་ཡི།།
སེམས་དཔའ་ཁྱེད་ཀྱི་ཕྱག་གི་བརྐྱང་བསྐུམ་ཡན།།
མཐའ་དག་འགྲོ་བའི་དོན་དུ་མ་གྱུར་གང་།།

མཁན་འཆི་མེད་རིག་འཛིན་གྱིས།

ང་ནི་ང་ཡིན།

དཔལ་མོ།


ང་ནི་ང་ཡིན

ང་ནི་སྐྱེ་དམན་ཞིག་ཡིན་ལ

གླེན་རྟགས་ཆེ་བའི་འབྲོག་མོ་ཞིག་ཀྱང་ཡིན

ངས་ཁྲེལ་གཞུང་གི་སྤངས་ཐང་ཡངས་པོའི་ངོས་སུ

ལས་ཀྱི་མེ་ཏོག་རང་བྱོན་དུ་བཞད་པར་ཨུ་ཚུགས་བྱེད་མྱོང་

ངའི་རྐང་སེན་ལ་མེ་ཏོག་གི་བཀྲག་མདངས་བྱུགས་དུས

ང་ནི་དྭངས་གཙང་ཞིག་ཀྱང་ཡིན

ང་ནི་ང་ཡིན

ང་ནི་སྐྱེས་མ་ཞིག་ཡིན་ལ

སྙིང་སྟོབས་ཞན་པའི་བོད་མོ་ཞིག་ཀྱང་ཡིན

ང་རང་ཉི་འོད་ལ་ཕྱོགས་ཏེ་བཞད་མྱོང་ལ་གྲང་ངར་ལ་རྐྱལ་ཏེ་འཁྱག་ཀྱང་མྱོང་

ནམ་མཁའི་འཇའ་ཚོན་བག་གོས་སུ་འཐག་པའི་སྟོང་སེམས་བཅངས་ཏེ

ངའི་ལང་ཚོ་ལ་མཛེས་སྡུག་གི་རླབས་ཕྲེང་འཕྱོ་དུས

ང་ནི་མུ་ཏིག་ཅིག་ཀྱང་ཡིན

ང་ནི་ང་ཡིན

ང་ནི་མནའ་མ་ཞིག་ཡིན་ལ

བྲན་གཤིས་ཟབ་པའི་གཡོག་མོ་ཞིག་ཀྱང་ཡིན

འཁོས་ཆུང་བའི་རང་གཤིས་ཀྱི་མཚེའུ་རྫིང་ནང་དུ

བསོད་ནམས་ཀྱི་པད་དཀར་ལྷམ་མེར་འཁྲུངས་པར་རེ་སྨོན་བྱེད་མྱོང་

ངའི་མི་ཚེ་ལ་ཆུང་མ་ཞེས་པའི་ཁ་བྱང་བྲིས་དུས

ང་ནི་འཆིང་ཡིག་ཅིག་ཀྱང་ཡིན

ང་ནི་ང་ཡིན

ང་ནི་བུད་མེད་ཅིག་ཡིན་ལ

རྩིས་ཐང་ཉམས་པའི་འཕྱོན་མ་ཞིག་ཀྱང་ཡིན

འདོད་ཆགས་ཀྱི་གད་སྙིགས་གང་དགར་བྱོ་སའི་ཡོལ་གོར་ངེས་ཆོག་ལ

དྲག་སྤྱོད་ཀྱི་རལ་གྲི་ཤུབས་ནས་ཕྱུང་སྟེ་དམར་གསོད་བྱས་ཀྱང་ཆོག

ངའི་ལུས་རྟེན་ལ་རྩེར་སོན་དང་འཕགས་ལམ་མེད་ཅེས་ཐམ་ག་བརྒྱབ་དུས

ང་ནི་ཚོང་ཟོང་ཞིག་ཀྱང་ཡིན


ང་ནི་ང་ཡིན

ང་ནི་བཙུན་མོ་ཞིག་ཡིན་ལ

བུ་སྣོད་ཀྱི་གསེར་བུམ་ལ་རིགས་ཀྱི་ཁྱེའུ་བཞད་པའི་སྐྱེད་ཡུམ་ཞིག་ཀྱང་ཡིན

ཐུ་བྷོད་ཀྱི་གནའ་སྲོལ་བཟང་བོ་སྙིགས་དུས་ཀྱི་རྐྱེན་ལམ་ལ་མི་འཆོར་བར

ལྷག་བསམ་གྱི་གདུང་ཀ་མི་འགྱེལ་བར་གྱེན་དུ་འདེགས་པར་བཟོད

ངའི་ཚེ་སྲོག་ལ་ཁེ་དབང་དང་འདྲ་མཉམ་སྤྲད་དུས

ང་ནི་རྒྱལ་ཁབ་ཅིག་ཀྱང་ཡིན

ང་ནི་ང་ཡིན

ང་ནི་མཛའ་མོ་ཞིག་ཡིན་ལ

རིགས་རྒྱུད་ཀྱི་ས་བོན་འདེབས་སའི་གཤིན་ས་ཞིག་ཀྱང་ཡིན

རྟེན་འབྱུང་གི་ལས་འབྲས་ཟོལ་དུ་མ་བསྒྱུར་བར་དྲང་བོར་བསྐྱངས་ན

བརྩེ་དུང་གི་དུས་ཚིགས་ལ་འགྱུར་ལྡོག་མེད་པར་དྲོད་ཁོལ་སྩོལ་ཅིང་

སྣང་སྟོང་ཟུང་འཇུག་གི་འཁོར་ལོ་གསང་ཐབས་ཀྱིས་འཁོར་དུས

ང་ནི་ཤེས་རབ་ཅིག་ཀྱང་ཡིན

༢༠༡༩.༡༢.༣༠


发布     👍 0 举报 写留言 🖊   
✋热门推荐
  • 你在直播里说 想要给我们一个共同的家 可是结果呢 我需要支付3w6才能拿到打开我们的家的大门钥匙 我从未投入过如此多的精力和钱财到一个游戏中去 我是真的希望你能
  •   将军向宠,性行淑均,晓畅军事,试用于昔日,先帝称之曰能,是以众议举宠为督。愚以为宫中之事,事无大小,悉以咨之,然后施行,必能裨补阙漏,有所广益。
  •   将军向宠,性行淑均,晓畅军事,试用于昔日,先帝称之曰能,是以众议举宠为督。愚以为宫中之事,事无大小,悉以咨之,然后施行,必能裨补阙漏,有所广益。
  • 求求你们不要再原价买猫粮猫砂啦[泪][泪]自从进了猫车群-图2 就一直在薅羊毛的买买买[馋嘴]保姆级的凑单攻略,省钱避坑不踩雷铲屎官们不要错过哦!渴望爱肯拿百利
  • 于是,他没有反驳,而是打趣地说:“这位先生,少安毋躁,我们之间一定存在什么误会,才让你如此生气,另外关于你提到的环保问题,等一下就会讲到。说太复杂了,只能一个手
  • 俄罗斯媒体“Kholod”统计,在过去一年里,至少已经有204名俄罗斯运动员更改了自己的国籍,其中,更改国籍最多的是国际象棋运动员,人数达到了惊人的141人;排
  • 家主不明白,明明是可以一笑置之的场面话,怎么当初对方家族竟还应允了,甚至这个承诺一代接续了一代,风雨无阻地祸延到了他这位快要绝后的末代家主身上,也要雷打不动地屈
  • ◎求子之道,人多背驰。汝欲得身体庞厚,性情贤善,福慧寿三,通皆具足之子,须依我说,方可遂心。〖求子三要。第一,保身节欲,以培先天。第二,敦伦积德,以立福基。第三
  • 我一直都把这个感觉牢记在心上希望有一天可以做金字塔塔尖的人很羡慕身边三四十岁的人取得的成绩无论是CEO 还是实现梦想的人我也时常感觉自己不是研究生博士而不安也时
  • #初四# #博物馆里过大年# #春节168小时# #博物馆里的兔元素#新春生肖文物图片联展之【指画人物花卉山水四屏条之一】[鞭炮声声][财源滚滚][兔兔拜年][
  • 而且娱婆get到一点是,五月天是我们的青春岁月,但很多时刻没有看过主唱阿信当过评委,原来是阿信怕打击孩子的梦想,余佳运告诉观众的故事非常温暖人心,让我们看见音乐
  • 相反,要以书中的智慧和笔下的力量,去抗争去创造。“书生意气”更体现了对于生活的热爱和对于人生的积极态度。
  • 三伏天把自己病得五颜六色乱七八糟的惨痛教训证明 咳嗽真的不要喝冷饮把自己硬生生弄成了一个哑巴然而还管不住嘴偷偷吃了热气东西于是乎 哑得一天比一天严重感觉每天醒来
  • 她们一心奔着自己的光明前途而去,全力追求着自己的理想、目标和价值,没有时间陪谁玩这种虚情假意的"爱情游戏",什么你情我意,虚与委蛇,在摩羯座
  • 但是如果换作她,她现在很难去认识新的异性,就算家里介绍,她也没有心思和对方聊天,就好像已经不会有再爱人的能力,其实我也是的,好感和喜欢根本不同,让我再爱喜欢和爱
  • 佛曾说不精通佛法的人说法,唯有造业而已,如《龙王鼓声经》云:“愚人说法者,摧毁诸善法,甚多有情众,地狱受痛苦。皆是大智精进善巧,证无言法获妙辩才,是处非处不相违
  • 这次合作将使得PALACE EBES旗下的IIHEMAESII爱马世纪瑜伽公爵垫在全美市场上获得更广泛的认可和推广。英国PALACE EBES与全美瑜伽联盟达成
  •   将军向宠,性行淑均,晓畅军事,试用于昔日,先帝称之曰能,是以众议举宠为督。愚以为宫中之事,事无大小,悉以咨之,然后施行,必能裨补阙漏,有所广益。
  • ❤️招财狐仙手链 这尊狐狐招‮能财‬力强,吸‮源引‬源不‮的断‬财运。强‮平力‬衡下三轮,能‮助帮‬你爱情‮势运‬顺利,减少烦忧,补‮自充‬身能量,使‮个整‬人
  • #易烊千玺蒂芙尼全球品牌代言人##易烊千玺新专辑刘艳芬# 浩瀚星空不敌你眼中微波,晴天万里不敌你一笑暖心❤️ 话烊拾光四组 7.14合集 0401