࿑ སྣེ་ཟིན་སྤུ་ཟིན་བཅུ་གསུམ།

                           

     ཡིག་བདག   ལྷུན་པོ།

   ༼༡༽  སྤྲང་པོ་ཞིག་གི་ཟ་འཕྲོར་ལྷག་པ་ལྟ་བུའི་དུས་ཞགས་འདིར། ཡང་ན་སྐྱེས་ཆེན་བཞུད་པའི་དུས་རབས་ཤིག་གི་མུན་མཐའ་འདིར།

བྱ་སྒྲོ་རྐང་ཐོར་ལྟ་བུའི་ཡུ་བུ་ཅག་ནི། མཐའ་གང་དུ་དེད་སོང་བའི། ལོག་གང་ཞིག་ནས་རང་ཉིད་ལ་བདག་པའི་གནས་ཤིག་འཚོལ་དགོས་པའང་མི་ཤེས་ཙམ།

    ༼༢༽ དུས་ཚིགས་ཀྱི་འདས་བཞུད་མཐའ་དག་འཁོར་བའི་མཚོ་འཇིངས་ནས་དཀའ་ཚེགས་ཀྱིས་འཛད་ཀྱིན་པ་དང་བསྡོངས། བཟང་པོའི་རྒྱབ་ཀྱིས་ནུས་དུས། ངན་པའི་ཨོང་ཏོས་མི་ཡོང་བའི་གནས་བབ་དག ། གཞན་མིག་ནང་ཆ་བགད་ལེར་འཕྱ་ས་ཞིག་ཏུ་ཆགས་ཀྱིན་མེད་འགྲོ།

  ༼༣༽  དུས་རབས་ཉེར་གཅིག་ནི་ནོར་འཁྲུལ་དག་རྒྱུན་འབྱམས་བྱས་ཡོང་བའི་ལོ་ཟླ་ཞིག་ཀྱང་རེད།  ཐམས་ཅད་ཀྱིས་ཉན་ཅོག་ཅི་ཡང་མེད་པར། རང་ཉིད་གུད་དུ་གཏིང་བརྗེད་དུ་འགྲོ་བའི། ལྷག་པར་རང་གིས་རང་ལ་གྲོས་མོལ་བྱེད་རྒྱུ་བརྗེད་འགྲོ་བའི། ལག་དམར་རུམ་ན་ཡོད་བཞིན་གཞན་ཞིག་འཚོལ་བའི། རྒུད་པ་སྒོ་དྲུང་དུ་སླེབས་པའི་དུས་སྐག་ཤིག་ཀྱང་རེད།

   ༼༤༽ ལེགས་འགྲུབ་ཟེར་བ་ནི་ནང་སེམས་སུ་བྱུང་བའི་ཞི་ལྷོད་ཅིག་ཡིན་ན་བསམ་མོད། བདེ་སྐྱིད་ཅེས་པ་ནི་ཅི་འདྲའི་རྙོག་འཛིང་ཆེ་བ་ཞིག་རེད་ཨང་། ཕུགས་འདུན་ཟེར་བ་ཞིག་རྒྱང་རིང་ན་མེད་པ་ཤེས་ན་རེད་བ། ང་ཚོའི་དམིགས་ཡུལ་ནི་འཇིག་རྟེན་ལ་འགྱུར་བ་ལྷག་པ་ཞིག་གཏོང་རྒྱུ་དེ་མ་ཡིན་པར། རང་གི་མགོ་རུས་རྣམ་ཤེས་གཞན་ལག་ཏུ་མི་འཇོག་རྒྱུ་ཡིན་པ་འདྲ། དེ་ནི་ཆེས་མཐའ་མཇུག་གི་མེལ་ཚེའམ་སོ་སྲུང་ཡང་ཡིན་པར་སྲིད།

 
    ༼༥༽ འཇིག་རྟེན་ནས་གྲོགས་ཤིག་བསྒྲིག་སྟེ། མི་ཡུལ་ནས་མེ་ཞིག་འབུད་རྒྱུ་དེའང་དཀའ་མོར་ཆགས།  རྒྱུས་ཡོད་དག་མཐོང་ན་ཡང་རྒྱུས་མེད་པའི་ངོ་གདོང་རེ་སྟོན། མི་ཆ་མེད་ཅིག་གི་སྙིང་གཏམ་ལ་མགུ་གང་བ་ཞིག་ཉན་རྗེས། ཁྲག་རྒྱུན་ལས་ཞི་ལྷོད་དཔེ་མེད་ཅིག་དང་ཁམས་བག་ལྷོད་ལྷོད་རེའང་འབྱུང་བར་འདུག

    ༼༦༽ མི་སྐོར་ཞིག་གིས་ལུང་བསྟན་ནང་ལ་ཀི་འདེགས་ཀྱིན་མཆིས། ལུང་བསྟན་དེས་བསླུ་བྲིད་ཀྱང་གཏོང་གིན་ཡོད། སྐྱོབ་མི་ཐུབ་པའི་ལྷ་ཞིག་ཡོད་པའང་ཤེས་ཀྱིན་མེད། ཏག་ཏག་བཤད་ན། ལས་དབང་ནི་ལས་སླ་མོ་ཞིག་གིས་འགྲེལ་རྒྱག་ག་ནུས་ཐུབ། རྒྱབ་རིས་མི་གཅིག་པའི་ངོ་གདོང་རེ་རེ་ནི། ནང་སྙིང་ཟུར་པ་རེ་རེའི་ཚོས་གཞི་དང་སྐྱ་རིས། ལྷ་དང་འདྲེ་ཞེས་པའི་ཚིག་གིས་བཀར་ཆོག 

   ༼༧༽  དངུལ་ཁུག་ཇེ་མཐུག་ཏུ་གཏོང་ཐབས་ཀྱིས་མི་ཚེ་ནར་མར་འབད་ན། ངས་ནི་དེ་ལ་འཚོ་བའམ་འཚོ་བ་རོལ་ཞེས་གོ་བ་ལེན་ཐུབ་ཀྱིན་མི་འདུག ། འཚོ་བ་ནི་སྡོད་ཁང་བརྗེ་སྤོར་ཙམ་ཞིག་མ་རེད། བཅའ་ཀ་རྙིང་གསར་བརྗེ་ས་ཞིག་ཀྱང་མ་རེད། ཟས་ཀུན་གཡོ་སྦྱོར་གྱི་ལས་བྱེད་ས་རྐྱང་པ་ཞིག་ཀྱང་མ་རེད། 

 ༼༨༽ ད་ལྟའི་མི་རྣམས་མར་བྱ་ལ། ལད་མོ་དཔེ་ལྟའང་ཡ་མཚན་འགྲོ་རེད།  མིག་ཁའི་ཙམ་པོ་བ་ལས། འཇིག་རྟེན་འདིའི་གཞན་དག་ནི་ཁོ་ཚོ་དང་འབྲེལ་བ་སྤུ་ཙམ་ཡང་མེད་པར་སྣང་། ཐད་གཏོང་བ་ཚོའི་ལག་ནང་གི་དེ་ནི། སྨྱོན་པའི་ལག་གི་རལ་གྲིར་འདོད། མུག་སྐྱོབ་རྗེས་འདེད་པ་དག་གིས་ནི། རྨོངས་པའི་བློ་ལ་ཟླ་བ་མཚོ་ལས་མཐོང་།

 ༼༩༽  དིང་གི་མི་རྣམས་ལ་གནོད་མེད་ཀུ་རེ་ཞིག་ཀྱང་གཏན་མི་འགྲོ།  ཡངས་ཤིང་ཤོང་པར་བྱ་བ་མེད།  ཚིག་ངོ་མཐོ་དམའ་ཙམ་གྱི་གནད་མི་ཁྱག ། མངོན་ཆུང་བརྫུ་བག་བྲལ་ཞིང་། རང་ལས་མཐོར་སྙོབ་ལབ་ཚོད་ཡེ་མི་ཐིག ། མྱི་དྲི་བྲོ་བའི་མི་དཀོན་པས། ཁྱོད་རྒུད་ན་དགའ་བའི་ཚོམས་ཅིག་དང་ཁ་འབྲལ་ཐབས་མེད། ཐམས་ཅད་ཀྱིས་ཚུལ་འཆོས་ཀྱི་གདོང་འབག་རེ་ནི་ཡེ་མི་འཕུད་པར་བྱེད།

  ༼༡༠༽ ད་སྒང་གི་ལས་གཞི་དག་ནི་འདྲ་བཤུས་ཙམ་རེད། མི་བུ་དག་ནི་ཟོག་བཟོས་རང་ཞིག་ཡིན་གསལ། མཐོ་སའི་འཁྱོང་མེད་དུ་ལུས་པའི་བྱ་བ་དག། ལར་ནས་ཁོ་ཚོ་དང་འབྲེལ་བ་གང་ཡང་མེད་རེད། གོང་གི་མུག་སྐྱོང་གསབ་དངུལ་དག་ཀྱང་། ཕྱེད་ནས་ཕྱེད་དང་། ཡང་ཕྱེད་ཕྱེད་དུ་ཚལ་མཐར། ད་གདོད་སྒོང་ལེབ་འཚིག་ཏོ་རེ་ནི་ལོན་པར་བྱེད།

   ༼༡༡༽  མི་ཚོགས་ལས་གྲོལ་བའི་གཞི་ཀ་ཞིག་ལ་ལོག་འགྲོ་ཐུབ་ན། ངས་དེར་ཁེར་རྐྱང་འདོགས་སྲིད་དཔེ། ཡིན་ཡང་དེ་ནི་ཁེར་རྐྱང་མ་རེད། ཁེར་རྐྱང་ལ་གཏན་གཞིས་མི་དགོས། ཁྲེལ་དང་ནང་རྫོངས་ཀྱིས་སྙོར་ཆོག  འཇིགས་པ་མེད་པར་གཏན་དུ་འཁྱམ་ཡང་ངེས། མི་ཚུགས་ཐུབ་ཅན་ཞིག་གི་ཐོད་པའི་ཨ་དང་གསལ་བའི་ཨོ་ཡང་ཡིན་པར་སྲིད།

  ༼༡༢༽  གནས་སྟངས་ཤིན་ཏུ་སྐྱོ་ཡང་རུང་། རྒྱང་དུ་བཀྱིས་ནས་ལམ་ཞུགས་གནང་ཡང་སྲིད། བར་ལམ་ཞིག་ནས་བཟའ་འཚོལ་གྱི་བརྗོད་གཞི་འཐེན་ཡང་དཔེ།  རང་གི་བསོད་ནམས་མངའ་བའི་བུ་མོ་ཞིག་ལ་འཕྲད་ཀྱང་རུང་། དེ་ཡི་བརྩེ་དུང་གཡུ་རིན་དུ་ཉར་ནས་སླར་བགྲོད་ཡང་སྲིད།  དེ་བཞིན་མ་འོངས་པ་ནི་ངེས་གཏན་མེད་པའི་ལམ་ཞིག་ཡིན་པ།

    ༼༡༣༽  དོ་དགོང་ངས་རང་ཉིད་ལ་ཆུ་ཁོལ་ཕོར་གང་ལྡུག་བཞིན་ནང་སེམས་ལ་སྐད་ཆ་འགའ་ལབ་པ་ཡིན། རང་ཉིད་ཀྱི་མནོ་བསམ་རེ་རེས་དྲུད་འོང་བའི་ཡིག་འབྲུ་འདི་ཚོ། གོང་གསབ་གཏན་ནས་མི་ཡོང་བའི་གཟི་རིན་འདྲ་ཞིག་ཡོད་སྙིང་ཤར། སྤྱིར་ཡང་སྐད་ཆ་ཇེ་ཉུང་རེད། ཐམས་ཅད་ཀྱི་རྨོངས་པ་ཇེ་སྟུག་རེད། གླལ་རྨྱང་ཇེ་མང་རེད། ལུས་ཁམས་ཇེ་ཉོབ་རེད། བྱས་ན། ངས་དཔེ་ཆ་རེ་བསློག་ནས་སེམས་ནང་འདུ་འཛི་སློང་བར་འདོད།

                       

          ༢༠༢༢ • ༧• ༡

༧ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་ཐར་ལམ་གསལ་བྱེད་ལས།དེབ་གྲངས།<༢༡༦>དེས་ན་ཚོགས་བརྗོད་ཀྱི་སྒྲ་དང་རིགས་བརྗོད་ཀྱི་སྒྲ་ལ་མུ་བཞི་ཡོད་དེ། དང་པོ་ཡིན་ལ་ཕྱི་མ་མ་ཡིན་པ་ནི། འབིགས་བྱེད་ཅེས་བརྗོད་པ་ལྟ་བུའོ།།ཕྱི་མ་ཡིན་ལ་དང་པོ་མ་ཡིན་པ་ནི། གཟུགས་ཞེས་བརྗོད་པ་ལྟ་བུ། གཉིས་ཀ་ཡིན་པ་ནི། བུམ་པ་ཞེས་བརྗོད་པ་ལྟ་བུ། གཉིས་ཀ་མ་ཡིན་པ་ནི། དེ་དག་ལས་མ་གཏོགས་པ་རྣམས་སོ།། ཞེས་གསུངས་པའི་ཕྱིར།
༧ ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ་ལས།དེབ་གྲངས།<༢༧༢> རང་ལུགས་ནི། རང་གི་ཐུན་མོང་མ་ཡིན་པའི་དངོས་མིང་དུ་འཇུག་པའི་གཞི་ཡང་ཡིན། རིགས་སྤྱི་ཡང་ཡིན་པའི་གཞི་མཐུན་སྲིད་པའི་མཉན་བྱ་དེ། རིགས་བརྗོད་ཀྱི་སྒྲའི་མཚད་ཉིད། དེ་ཡང་ཡིན་ཚོགས་སྤྱི་ཡང་ཡིན་པའི་གཞི་མཐུན་སྲིད་པའི་མཉན་བྱ་དེ། ཚོགས་བརྗོད་ཀྱི་སྒྲའི་མཚན་ཉིད། དེ་གཉིས་ཀྱི་སྒྲ་ལ་མུ་བཞི་སྟེ། གཉིས་ཀ་ཡིན་པ་ནི། བུམ་པ་ཞེས་པའི་སྒྲ་ལྟ་བུ། གཉིས་ཀ་མ་ཡིན་པ་ནི། ཤར་གྱི་རྡུལ་ཕྲན་དང་། ནུབ་ཀྱི་རྡུལ་ཕྲན་གཉིས་ཅེས་བརྗོད་པའི་སྒྲ་ལྟ་བུའོ།། དང་པོ་ཡིན་ལ་ཕྱི་མ་མ་ཡིན་པ་ནི། གཟུགས་ཅེས་བརྗོད་པའི་སྒྲ་ལྟ་བུ། ཕྱི་མ་ཡིན་ལ་སྔ་མ་མ་ཡིན་པ་ནི། ཀ་བུམ་གཉིས་ཅེས་བརྗོད་པའི་སྒྲ་ལྟ་བུ།

ཁ་ཅིག རི་བོ་འབིགས་བྱེད་ཅེས་བརྗོད་པ་ལྟ་བུ་ཞེས་ཟེར་བ་མི་འཐད་དེ། རི་བོ་འབིགས་བྱེད་རིགས་སྤྱི་ཡིན་པའི་ཕྱིར་ཏེ། དེའི་བྱེ་བྲག་ཡོད་པའི་ཕྱིར་ཏེ། ཤར་ཕྱོགས་ཀྱི་རི་བོ་འབིགས་བྱེད་དེའི་བྱེ་བྲག་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཚད་མ་རིགས་རྒྱན་ལས། དེབ་གྲངས། <༤༦༣>ཚོགས་བརྗོད་ཡིན་ལ་རིགས་བརྗོད་མ་ཡིན་པ་ནི། རི་བོ་གངས་ཅན་དང་འབིགས་བྱེད་ཅེས་པ་ལྟ་བུ་སྟེ། དེ་གཉིས་རགས་པ་ཡིན་ཞིང་། དེ་གཉིས་ཀྱི་བྱེ་བྲག་མ་གྲུབ་པའི་ཕྱིར་རོ།།ཞེས་གསུངས་སོ། ། ༢༠༢༢/༦/༢༩

ཚིག་གི་གཙང་བོ།



འཆི་བ་ཙམ་གྱི་ཁ་སྟབས་ལ
ངས་སྙན་ངག་བསླང་དགོས་བྱུང
སུན་སྣང་དེ་དག་གི་ངོ་གདོང་དུ
ངས་རང་ལ་གཅེས་མིང་ཞིག་བཟོས
དེར་སུ་ཞིག་གིས་འབོད་པར་རེ་སྨོན་བྱེད་ཀྱིིན
རྒྱ་མཚོ་དང་སྤྲིན་པའི་ཕར་རྒྱབ་ཀྱི་མཛེས་པར་བལྟས

གླུ་སྐད་དེ་དག་ཟད་མཐར
མཐའ་མཇུག་ལྟ་བུའི་གཞིས་ཁྱིམ་དུ
ཅི་ཞིག་འབྲི་དགོས་པ་དྲན་པས་མ་ཟིན
ཁྱོད་སྒྲ་འདི་དག
འདི་དག་ཁྱོད་ཀྱི་ལག་ཟུང་དུ་བཏབས
འཇམ་མཉེན་གྱི་ནམ་མཁས་ཨ་ལན་མེད་ན་ཡང
རང་ཉིད་ཞུ་བྱེད་ཀྱི་རྒྱ་མཚོར་བཅོས་ཏེ
ཁྱོད་ཀྱི་སྡུག་བསྔལ་སེལ་ཐབས་ཀྱི་མིག་ཆུ་བྱེད་པར་ཞེ་ཐག་བཅད

༢༢/༦/༡༣


发布     👍 0 举报 写留言 🖊   
✋热门推荐
  • #我的世界中国版[超话]# 我的评分:[星星][星星][星星] 其实网易挺好的,模组大部分免费,操作简单,新手懂不了Java,是网易带我入坑。可以直接参考下面的
  • 1、前贤寒山曾问拾得,在人世间如有谤我、欺我、辱我、笑我、轻我、贱我、骗我者,该如何处置乎?拾得说,只要忍他、让他、避他、由他、耐他、不要理他,再过几年你且看他
  • ”其实,在此时顾晓梦的心里,李宁玉是否猜到自己的身份已经不重要了,因为她已下定决心,要用自己的身体将行动中止的讯息传递出去。为了让抗日分子招供,敌人设置了无数残
  • #热盘最新快讯#【海口盛达·盛世华庭(南区)】盛世华庭南区价格待定,项目由海南盛达房地产开发有限公司开发建设,规划建设2-4层18栋产权式酒店、住宅、商业等项目
  • 赢,我们陪你君临天下输,我们陪你东山再起从一而终,至死不渝“为什么你那么喜欢薛之谦呢”“大概是他从没被世界善待吧”如果说薛之谦还在笑就不算太糟糕,那么现在他不笑
  • 她还配文喊话将爱退回四个字,瞬间引发广泛热议,而且配的音乐还是周杰伦的《我落泪,情绪凋零》这首歌,感觉她并未从上段感情中走出来,只不过更多的是掩饰,想用旅游跟微
  • !!
  • 红苹果寓意红红火火[鲜花]保你福气满满,生活热烈❣#世纪缘珠宝# #黄金# #苹果# #平安# #福字# #吊坠#【未来城市不忘回归初心,以人为本一起创未来!】
  • 他本来就是长着一张国泰民安、睿智的脸啊,演那种活泼的无脑人设反而不合适了,确实男主人设也有加持,但是他的演技是得到观众和市场的检验的,那些微表情和小动作应该都是
  • 今天是九江入秋的第一天 今夜的风很大很冷昂 耳机里的歌有点老有点念旧 想念的心很炙热很嘈杂 树儿被大风吹的很摇摆 就像我想念你的心一样飘忽不定 就像流浪的我一般
  • 如今,我只想许愿你能回归平凡的人类,真真切切地只为自己活几十载…@任嘉伦Allen #任嘉伦陆炎# #请君超话团建#没想到一下子半年就过去了.....之前一直觉
  • 二、服务区情况• 关闭的服务区:G25长深高速康平服务区阜新方向三、通行保障情况1. 为提高道路服务水平,公司每天投入71台联合巡查车辆,213人的队伍,对全省
  • 现实中我很喜欢帽子,我也确实有一顶鸭舌帽,戴了很久很久,即使它帽尾开线,有些褪色,我甚至更喜欢它了,就是梦里戴的那顶。为什么他到了龙年,就要注意婚姻的稳定性小
  • 炎炎長日,剝幾粒蓮心,在品嘗清苦的同時慢慢回味這清甜滋味。彷彿歲月,先苦後甘;彷彿生活,不易後如意。
  •   生肖性格分析:  属虎:属虎的人总是会很霸道的,在自信方面里都是会很将强,喜欢爱出风头,都是很善于表达自己的人,都是有着一般的当吐纳对的领导者的哦。#羊村的
  • 屈臣氏同款119元,蜗牛分泌物滤液提取,抚平细纹,改善眼部缺水干纹,清爽不油腻,有效滋润保湿,提亮肤色!清爽不油腻,睡眠免洗式,护肤专用,超方便~ 丽雪佳人情侣
  • 居久山海原宿是一家位于环岛南路临近曾厝垵,背山面海的设计师民宿。在这里,不仅可以看山看海看日出,我们还为客人提供了会议室,图书吧,餐厅,茶艺室,日式庭院,欧式后
  •   按照“飞天”专题游线路设计,游客在欣赏《千年莫高》主题电影、《梦幻佛宫》球幕电影之后,在洞窟参观区,围绕飞天主题,欣赏8个实体洞窟的同时,借助手持终端体验3
  • 一开始袁了凡不太相信,巧合的是,此后的二十年,袁了凡的人生真的按照这位老者所算定的模式进行着,连考第几名等每一次都十分精确地应验了,这让他笃信了宿命论,认为“荣
  • [星星]2.龋病:老年人的龋病主要以根面龋为主,主要是由于老年人的牙周萎缩、牙根暴露,加上由于牙齿磨耗而易发生的食物嵌塞,根面堆积的菌斑不易清除,为根面龋的发生