#法王如意宝[超话]#
日背一偈:133
ཚོམས་ལས།སྡིག་པ་ཆུང་ངུ་བྱས་གྱུར་ཀྱང་།།འཇིག་རྟེན་ཕ་རོལ་སྡུག་བསྔལ་ཐོབ།།བསོད་ནམས་ཆུང་ངུ་བྱས་གྱུར་ཀྱང་།།འཇིག་རྟེན་ཕ་རོལ་བདེ་བ་ཐོབ།།ཞེས་གསུངས།
《因缘品》:
虽造微小罪,来世受痛苦,虽积微小福,来世得安乐。

ཉི་མ་འགྲོ་ཐུབ་ཀྱི་ཁ་རྩོམ།

ལ་ལ་རྒྱུ་དང་འབྱོར་བའི་བྲན་དུ་བཀུག །
ལ་ལ་ཁ་ཡག་ངོ་དགའི་གཏམ་གྱིས་བཟི།།
ལ་ལ་སྙན་དང་གྲགས་པའི་ཆེད་དུ་གསོན།།
འོ་སྐོལ་ཕལ་བ་འཚོལ་བའི་གནས་ལ་དགའ།།

འགའ་ཞིག་དངུལ་ཙམ་མཐོང་ལ་གཤིས་ཡང་བོར།།
འགའ་ཞིག་གཡོ་ཟོལ་བསྟན་ན་ཞེ་རྩ་གཏོད།།
འགའ་ཞིག་འུད་ལབ་རྒྱབ་ན་སུག་རྗེས་བསྙེག།།
འོ་སྐོལ་རྣམ་དག་སེམས་པའི་གཏམ་ལ་དགའ།།

ཕལ་ཆེར་ཕྱི་ཚུལ་བཟང་བོར་བཅས་ལ་དགའ།།
ཕལ་ཆེར་བསླད་མའི་ངག་སྒྲོས་མོལ་ལ་དགའ།།
ཕལ་ཆེར་གཞན་ལ་རྫིག་མདོག་སྟོན་ལ་དགའ།།
འོ་སྐོལ་གཉུག་མའི་གཤིས་ལ་ལྷག་ཏུ་དུངས།།

ལ་ལ་མེད་ཀྱང་ཡོད་མདོག་སྟོན་ལ་དགའ།།
ལ་ལ་ཡོད་ཀྱང་མེད་མུག་འདོན་ལ་དགའ།།
ལ་ལ་བླུན་ཡག་མཁས་མདོག་མངོན་ལ་དགའ།།
འོ་སྐོལ་ཕྱི་ནང་གཉིས་ཀ་མཐུན་པར་དགའ།།

འགའ་ཞིག་རྣམ་གཡེང་མི་ཚེ་གཏོང་ལ་བྲེལ།།
འགའ་ཞིག་རང་རློམ་མི་ཚེ་འཇོམས་ལ་ཉེ།།
འགའ་ཞིག་ཆོས་བརྒྱད་གཞན་མགོ་སྐོར་ལ་བྱང་།།
འོ་སྐོལ་མི་ཚེ་རིག་གནས་བསྟིམ་ལ་གུས།།

ཕལ་ཆེས་རང་ལྟར་འགལ་ཚེ་སྐྱོན་དུ་བརྩི།།
ཕལ་ཆེས་གཞན་ཟེར་འབའ་ཞིག་བསྐྱར་བཟློས་བྱེད།།
ཕལ་ཆེས་དགག་བཞག་གཞན་སྐྱོན་འཚོལ་ལ་རེམ།།
འོ་སྐོལ་འགན་འཁུར་ཡོད་པའི་གསུང་ལ་སྤྲོ།།

སྐབས་རེར་སེམས་པ་བསྟན་ན་གདོན་དུ་བརྩི།།
ལན་རེར་སྙིང་ནས་གཅེས་ན་མགོ་བོ་སྐོར།།
མཚམས་རེར་ཡོད་ཚད་བཏང་ཡང་གཡོ་རུ་འཁྲུལ།།
འོ་སྐོལ་མི་སེམས་ཤེས་པའི་གྲོགས་ལ་དགའ།།

ལ་ལ་རང་མི་ཁྱད་གསོད་བྱེད་ལ་མཁས།།
འགའ་ཞིག་ལྐོག་ནས་བླ་བཙགས་བྱེད་ལ་མོས།།
ཕལ་ཆེར་གཡོ་འཕྲུལ་གདོང་མདོག་གཉིས་རེ་ཅན།།
འོ་སྐོལ་གང་དྲན་སྲོང་བོར་བརྗོད་ལ་དགའ།།

འགའ་ཞིག་ལོབས་ཀྱིན་ལོབས་ཀྱིན་མདོག་རེ་སྟོན།།
ལ་ལ་འགྲོགས་ཀྱིན་འགྲོགས་ཀྱིན་རྟགས་རེ་སྟོན།།
ཕལ་ཆེར་འདྲིས་ཀྱིན་འདྲིས་ཀྱིན་ཇེ་བཙོག་ཡིན།།
འོ་སྐོལ་ཕྱི་ནང་རྒྱུས་ཡོད་གྲོགས་ལ་དགའ།།

སྲོད་ལ་ཆར་བབས་སྲོད་ལ་འཁྱག་རླུང་ལྡང་།།
མེ་ཏོག་མགོ་དུད་གླིང་བར་ཆུ་ཕྲན་བཤག།
སྐྱོ་བ་ཆེ་བའི་མི་ཚེའི་དབྱར་མཇུག་ལ།།
དྲན་གདུང་མིག་ཆུ་གཏོང་རོགས་ག་ཚོད་ཡོད།།


发布     👍 0 举报 写留言 🖊   
✋热门推荐
  • #美国生活##天下之事##深圳小天[超话]#太热了,去山里乘凉,所以发个山里的脑洞嘴欠幼稚年下黑皮工x为爱做零大叔绶20岁年下嘴欠黑皮工,家里有钱长得帅就是读书
  •   金山转型十周年 雷军赠予每位员工600股  7月5日早间,金山软件发布公告称,董事会根据经修订计划的条款向不超过8000位承授人中的各人授出600股奖励股份
  • 忽然想起与和尚正一师有过的一次谈话,他给了我一本佛教的书,让我去深读,说深读时是每读一次,感受都是不一样的。又回谈到了木心,木心是生活在断层中的人,但他写的东西
  • 做产品,如果还想商业化,带来利益的话,就不能脱离社会大众审美太高的水准,如果你做的这个东西,太跨时代了,等二三十年后,社会大众才明白你的产品的好,如梵高,特斯拉
  • 从这场疫情保卫战中,我们看到菏泽是一座英雄的城市,市民是讲大局、讲奉献的市民。他们深入到菏泽的每一条街道、每一个社区,甚至每家每户、这座城市的每一根“毛细血管”
  • #SVT中转周边[超话]# 收金珉奎图上所有圈出来的小卡 带价私 不要h最好是多张以上一起出给我 (多张!” 同时后援会表示,国家话剧院的回应完全可以证明罗一舟
  • 你若盛开,蝴蝶自来..…… 晚安[玫瑰][玫瑰] 2017,我要做一个坚强独立的女子,勇敢体会人生的酸甜苦辣,坦然面对岁月的风雨磨砺,忘记走过的人和过去的事,不
  • !!
  • 但深入体验后,传统这件事真的很酷,它确实很老但矛盾的是它又很鲜活,它被一身尘土覆盖的样子,却藏不住尘土下的精神和温度。 我想那我就假装自信的呈现传统与现代的融合
  • 我的攻略依旧是:请个导游,带着虔诚尊重的心,听一段霸气历史。 2022年的这个暑假不同与以往的暑假生活,这个夏天我肩负着特别的使命,体验着不同的生活,收获
  • 继努力后的失败感言 方向错了,全盘皆输,越努力,与成功越远,你越跑的用心,离成功越远,因为你从开始就错了,所以找对方向很重要,不,找对方向和努力,坚持,一样重要
  • 松葉蟹醋物最后一道上了松叶蟹醋物,小周师傅用高酸度的醋物当怀石料理中的”お口直し”清口的菜,来迎接之后的寿司环节。接下来就是夏威夷果仁口味,夏威夷果是烘烤过的,
  • #爆豪勝己[超话]##30推爆豪胜己##爆豪胜己# day2初印象:金发红眼这设定我喜欢,眼神我喜欢,颜好,武力值应该挺高的,爆炸头不是很喜欢,觉得是男二角色(
  • 也就是说,这类字与命局中食伤的性质是一样的,在八字命理中,食伤是克制官杀的,官杀代表女命的男友、老公等,因此,女性食伤旺者名字中使用了这类字就不利婚姻感情的。一
  • ”欧洲核研究中心欧洲核子研究中心周二表示,与大型强子对撞机 (LHC) 合作的科学家们发现了三种以前从未见过的亚原子粒子,因为他们正在努力解开宇宙的组成部分。现
  • #一起看郴州# 【郴州长和物业杨鸿:做业主的贴心人】谁说业主和物业是对立的,业主和物业可以成为朋友。“业务能力强,又勤奋好学,有时候我外出办事,把小区的事务交给
  • 你们要觉得这些违法了,可以打电话报警,没有报警只能说明你们找不到她违法的证据,黑子狂欢罢了,还有什么招继续吧,脱粉算我输,呸,啥也不是蒲公英吃是可以吃,但你要说
  • 【PS:感谢此次为我加油、为我拍照、为我录视频的友友们~[心]】 ⋆⌣̈⑅‪ꔛ‬☆*゚生日拍了拍我的脑袋说:祝我生日快乐⏰农历「 四月初五 」❤喜提2⃣2⃣
  • 【远方】故人入梦,梦里有个小镇叫鹤息,听说时逢佳人归期,鹤从云中来,人从远处归,心意缓缓平,哪顾山海不可平,前路遥无期。县城东郊有映山红康养小镇,山环水绕,鸟语
  • 安省的1700多家药房从4月13日起将有资格分配辉瑞新冠口服药Paxlovid,具体名单公布;安省多个教育局要求教职员工和学生戴口罩;艾省将暂停使用Sotrov